མཚོ་བྱང་ཁུལ་གྱི་ཚན་ཁག་ཆེན་མོ་བཞིས་བརྟག་ཞིབ་ལྟ་སྦྱོང་བྱེད་སྒོ་སྤེལ་བ།


    ཟླ8པའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་ཁོངས་མིའི་སྣེ་ཁྲིད་དེ་སྐྱེ་ཁམས་ཕྱུགས་ལས་དང་གསར་བརྗེའི་ཉམས་ཞིབ། མི་རིགས་མཐུན་སྒྲིལ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་བྱ་བར་དམིགས་ནས། ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དང་ཁུལ་མི་རིགས་རྟེན་མཛོད་ཁང་། 221རྟེན་གཞིའི་གནའ་ཤུལ་གྱི་ཡན་ལག་བཟོ་གྲྭ་དང་པོ། ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གྲངས་འཛིན་ཅན་གྱི་འགྲེམས་ཁང་། ཁུལ་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བཅས་སུ་བསྐྱོད་དེ་བརྟག་ཞིབ་ལྟ་སྦྱོང་བྱེད་སྒོ་སྤེལ།    

    ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དང་ཁུལ་མི་རིགས་རྟེན་མཛོད་ཁང་། 221རྟེན་གཞིའི་གནའ་ཤུལ་གྱི་ཡན་ལག་བཟོ་གྲྭ་དང་པོ། ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གྲངས་འཛིན་ཅན་གྱི་འགྲེམས་ཁང་དུ། ཤ་བོ་སྐྱབས་འཁོར་དང་བཅས་པས་ཡུལ་དངོས་ནས་ལྟ་ཞིབ་བྱེད་པ་དང་སྙན་ཞུར་ཉན་པ། བརྙན་ལ་ལྟ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ལྟ་སྦྱོང་ས་ཚིགས་སོ་སོའི་འཛུགས་སྐྲུན་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཤ་བོ་སྐྱབས་ཀྱིས་ལྟ་སྦྱོང་ས་ཚིགས་སོ་སོས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་སྐབས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་དམག་གི་འཐུས་མི་ཚོགས་པ། དེ་བཞིན་གདན་ཞུས་ལྟར་རྟེན་འབྲེལ་བྱེད་སྒོར་ཞུགས་མཁན་གྱི་སྐུ་མགྲོན་བཅས་ལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱས་པར་ཀུན་གྱིས་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད་པར་བསྟན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པ་གོ་སྐབས་སུ་བཟུང་ནས་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གི་འཐུས་མི་ཚོགས་པས་བརྟག་ཞིབ་བྱེད་སྒོ་དང་བཞུགས་མོལ་ཚོགས་འདུའི་ཐོག་བཏོན་པའི་རེ་བ་ནན་མོ་དང་བྱ་བའི་བླང་བྱ་ལྟར་དྲིན་དྲན་ཡར་བརྩོན་དང་དཀའ་སྤྱད་འབད་འབུངས་ཀྱིས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག བདེ་སྐྱིད་བཅས་ཀྱི་མཚོ་བྱང་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་གསར་པ་ལེགས་སྐྱེས་སུ་འབུལ་དགོས། ཞིང་ཆེན་ཕྱི་ནང་གི་མཐོ་སློབ་དང་ཚན་ཞིབ་ཁང་། ཚན་ཞིབ་ཚོགས་པའི་མཉམ་ལས་སྟེགས་བུ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཚན་ཞིབ་གྲུབ་འབྲས་ཕྱོགས་སྡོམ་དང་ཞུན་བརྡར་ཡག་པོ་བྱེད་པ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། རྟ་རྩལ་སློབ་གྲྭ་འཛུགས་པར་འཚོལ་ཞིབ་ཧུར་ཐག་བྱེད་པ། ནོར་གནག་བརྗོད་དོན་སྤྱི་གླིང་གང་ལེགས་སྒོས་སྤྱོད་པ་བཅས་བྱས་ནས་ཆས་རྟགས་གྲགས་ཅན་ཡིན་པའི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་བྱ་བ་ཡག་པོ་སྒྲུབ་དགོས། མི་རིགས་རྟེན་མཛོད་ཁང་གི་འགྲེམས་སྟོན་བྱ་བར་མུ་མཐུད་ཤུགས་བསྣན་ནས་དངོས་པོ་དང་པར་རིས། སྨྱན་མང་རྒྱུ་སོགས་ཀྱི་རྣམ་པའི་ཐོག་ནས་ཡན་ལག་བཟོ་གྲྭ་དང་པོའི་ཐོག་བརྩེགས་ཁང་ཆེན105དང་དཔེ་དབྱིབས་ཚོམས་ཆེན། 102འཁོར་ཁང་། 101འཁོར་ཁང་བཅས་ཀྱི་ཁྱོན་ཡོངས་ཀྱི་འགྲེམས་སྟོན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་གཞོགས་འདེགས་བྱེད་དགོས་པ་ནན་གྱིས་བསྟན།

    ཁུལ་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་ཤ་བོ་སྐྱབས་འཁོར་དང་བཅས་པས་ལྟེ་བའི་འགན་ནུས་ངེས་གནས་དང་བཅའ་སྡོད་ལས་ཁུངས། བྱེད་ནུས་དབྱེ་འབྱེད། བྱ་བའི་བརྒྱུད་རིམ། འཁོར་སྐྱོད་ལམ་སྲོལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་དམིགས་ཚད་ལ་སྐུལ་འདེད་གཏོང་རྒྱུ་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་ཅན་བཅུའི”དམིགས་ཚད་ལས་འགན་ལ་དམིགས་ཏེ་གཞི་རིམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་འགལ་བ་རྩོད་གཞི་འདུམ་འགྲིག་ལྟེ་གནས། ཡིག་བསྐུར་ངོ་བཅར་སྣེ་ལེན་ལྟེ་གནས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས། གཏུག་བཤེར་ཞབས་ཞུའི་ལྟེ་གནས། “12309”ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་སོགས་ཐོན་ཁུངས་ཀྱི་སྟོབས་ཤུགས་སྤྱི་འདོམས་བསྡུ་སྒྲིལ་བྱས་ནས་བྱ་བ་སྒྲུབ་ཐུབ་པ་དང་འགྲུབ་ཐུབ་པའི“ལྟེ་བའི་སྒྲིག་གཅོད་ཆས”ཤིག་ཆགས་པར་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་སྤྱི་ཚོགས་བཅོས་སྐྱོང་ཞབས་ཞུ་ལྟེ་གནས་ཀྱི་འགན་ནུས་སུ་སྒྱུར་ནས་གཏུག་བཤེར་ཞབས་ཞུ་དང་ཡིག་སྐུར་ངོ་བཅར་སྣེ་ལེན། འགལ་བ་རྩོད་གཞི་གཅིག་འཐུས་རྣམ་པའི་བདག་སྤྲོད། སྡེབ་གཅིག་ཏུ་འདུམ་འགྲིག མགོ་མཇུག་ཆ་ཚང་ཐག་གཅོད་བྱེད་པ་མངོན་འགྱུར་བྱུང་སྟེ། ཞབས་ཞུ་ལྟེ་གནས་དེ་ཐོན་ཁུངས་བཀོད་གཏོང་བྱེད་པའི་ལས་སྟེགས་གཙོ་བོ་དང་། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གཡུལ་ས་གཙོ་བོ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་སྒེའུ་ཁུང་གཙོ་བོ་བཅས་སུ་འགྱུར་བར་བྱེད་དགོས་པ་ནན་གྱིས་བསྟན།

    དེའི་རིང་། ཤ་བོ་སྐྱབས་འཁོར་དང་བཅས་པ་ད་དུང་མཚོ་སྔོན་པོའི་བྱེ་མ་རྔ་རྡུང་ལྗོངས་ཁུལ་དང་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞིར་བསྐྱོད་དེ་ཡུལ་དངོས་ནས་བརྟག་ཞིབ་གནང་ལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་དམིགས་ནས“སྐྱེ་ཁམས”དང“གསར་བརྗེའི”ལེགས་ཆ་ཆེན་པོ་གཉིས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་དེ་སྨོན་ལམ་མཐོན་པོའི་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞི། བྱེ་མ་རྔ་རྡུང་ལྗོངས་ཁུལ་བཅས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་སྙན་པ་དེ་བས་མཐོ་བའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་གཏོད་རྒྱུར་འབད་བརྩོན་བྱེད་དགོས་པ་ནན་གྱིས་བསྟན།

    ཧྲི་ཧུང་ཀྲན་དང་། རུང་ཧུང་ཀྲི། དབྱང་ཧའེ་ལུང་། པད་རྒྱལ་བཀྲ་ཤིས། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། སངས་འབུམ། མ་ཁྲེང་ཀོས། ཝན་བཀྲ་ཤིས་དོན་འགྲུབ། ལི་ཞང་ཏུང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི། པོ་ཀྲེང་ཆིང་བཅས་དང་། དེ་བཞིན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོ་དང་། ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས་ཀྱི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་བཅས་ཞུགས།   

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号