ཁུལ་ཡོངས་ཀྱི་རོང་འབྲོག་པ་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་གནས་བབ་ལ་དབྱེ་ཞིབ་བྱེད་པའི་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ཏེ་གསུང་བཤད་གནང་།

   

   ཟླ8པའི་ཚེས9ཉིན། ཁུལ་ཡོངས་ཀྱི་རོང་འབྲོག་པ་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་གནས་བབ་ལ་དབྱེ་ཞིབ་བྱེད་པའི་ཚོགས་འདུ་འཚོགས་ལ།  ཚོགས་འདུས2023ལོའི་ལོ་སྟོད་ཀྱི་ཁུལ་ཡོངས་ཀྱི་ཞིང་གྲོང་གི་སྡོད་དམངས་དང་དབུལ་ཐར་མི་འབོར་གྱི་ཡོང་སྒོ་འཕར་བའི་གནས་ཚུལ་ལ་ཁྱབ་བརྡ་བཏང་སྟེ་ལྷག་པའི་གནད་དོན་དང་ཧེ་བག་ལ་དབྱེ་ཞིབ་བྱས་ཤིང་། ཁུལ་ཡོངས་ཀྱི་ཡོང་སྒོ་འཕར་བའི་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ཏེ་གསུང་བཤད་གནང་།    

   ཤ་བོ་སྐྱབས་ཀྱིས་རོང་འབྲོག་པ་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་ནི“ཞིང་གསུམ”བྱ་བའི་གཙོ་གནད་དང་དཀའ་གནད་ཅིག་ཡིན་ལ། ཞིང་ཆེན་ཡོངས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དར་སྤེལ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ནུས་ལྡན་སྒོས་སྦྲེལ་མཐུད་བྱེད་པའི་གནད་དོན་བཅོས་སྒྲིག་བྱེད་པའི་རྒྱབ་ལྗོངས་ཆེན་པོའི་འོག བྱ་བ་དེའི་གལ་ཆེའི་རང་བཞིན་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློའི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་གནས་བབ་ལ་དབྱེ་ཞིབ་མང་ཙམ་བྱས་ནས་ཞིང་པའི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་རྒྱུ་དེ་བྱ་བའི་ཕན་འབྲས་ལ་ཚད་འཇལ་བྱེད་པའི་ཚད་གཞི་གལ་ཆེ་ཤོས་སུ་བརྩི་བ་དང་། བྱ་བའི་བྱེད་ཐབས་ཞིབ་ཕྲ་བཟོས་ནས་རོང་འབྲོག་མང་ཚོགས་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུའི་ཐད་མུ་མཐུད་ཤུགས་བསྣན་ཏེ་ཡོང་སྒོ་འཕར་བའི་བྱ་བ་དེ་འཐུས་ཚང་ཡོང་བར་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།   

   ཤ་བོ་སྐྱབས་ཀྱིས་བྱ་བའི་སྤྱོད་ཚུལ་ལ་འགྱུར་ལྡོག་ཏན་ཏིག་བཏང་ནས་རོང་འབྲོག་པ་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་འགན་འཁྲིའི་སྦྲེལ་ཐག་དང་བྱ་བའི་སྦྲེལ་ཐག་ཁྱོན་ཡོངས་ནས་ཏན་ཏིག་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་པ་དང་། འགག་སྒྲོལ་མཉམ་ཤུགས་གཅིག་ཏུ་སྒྲིལ་ཏེ་ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ30ཡི་ཏང་ཨུའི་ཧྲུའུ་ཅི་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཞི་གྲངས་ཅན་གྱི་འགྲེམས་ཁང་དུ་སྒྲིག་འཛུགས་བྱས་ནས་ཡུལ་དངོས་བརྙན་ལམ་སྙན་ཞུ་དང་ཕན་ཚུན་ཉམས་མྱོང་བརྗེ་རེས་སོགས་ཀྱི་རྣམ་པའི་ཐོག་ནས་ལས་འགན་སྒྲུབ་ཚུལ་བརྗོད་པའི་བྱེད་སྒོ་སྤེལ་བ་དང་། དཔེ་སྟོན་བརྗེ་རེས་ཁྲོད་གྲུབ་འབྲས་དང་ཧེ་བག་འཚོལ་དགོས། བྱ་བའི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཁུལ་ཨུའི“1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་བྱེད་པ་དང་གནད་དོན་ལ་དག་ཐེར་བྱེད་པའི“4+1+N”ཡི་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ་གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཁྱོན་ཡོངས་ནས་ཤེས་རྟོགས་དང་། གྲོང་ཚོ་དང་ཡུལ་ཚོའི་གནས་བབ་ལ་དབྱེ་ཞིབ་བྱེད་པ། ཡོང་སྒོ་འཕར་བའི་ཞིབ་ཕྲའི་བྱེད་ཐབས་གཏན་འཁེལ་བཅས་བྱས་ནས་བྱ་བ་སོ་སོ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་འགན་དག་དོན་འཁྱོལ་བྱ་རྒྱུར་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱེད་དགོས། སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཅན་གཉེར་སྐྱོང་བྱ་རྒྱུ་དེ་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་གཡུལ་ས་གཙོ་བོར་བརྩི་རྒྱུ་རྒྱུན་འཁྱོངས་ཀྱིས་སྲིད་ཇུས་དང་ལམ་ལུགས། མ་དངུལ་སོགས་ཀྱི་ཐད་ནས་གནད་སྨིན་ཤུགས་འདོན་བྱས་ཏེ་མཚོ་བྱང་ཁུལ་གྱིས་ནོར་ལུག་བཤས་གཏོང་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱ་དགའ་སྤྲོད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་རོང་འབྲོག་པ་དང་དབུལ་ཐར་མང་ཚོགས་ཕྱུག་འགྱུར་དང་ཡོང་སྒོ་འཕར་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

   ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། སི་ཅི་ཧྲིན། ཝན་བཀྲ་ཤིས་དོན་འགྲུབ། ཚོ་ཅི་ཆང་བཅས་དང་། རྫོང་བཞིའི་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། དེ་བཞིན་ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།     

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号