མཚོ་བྱང་ཁུལ་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་དང་ཁུལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ཆེད་དོན་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ།

   ཟླ8པའི་ཚེས9ཉིན། མཚོ་བྱང་ཁུལ་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་དང་ཁུལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ཆེད་དོན་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ཁུལ་མཁོ་བསྟུན་བཀོད་འདོམས་ལྟེ་གནས་སུ་ཚོགས།  ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ།  ཁུལ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཨ་ཁྱུང་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་།

   ཚོགས་ཐོག་ཏུ། ཁུལ་མཁོ་བསྟུན་དོ་དམ་ཅུས་ཀྱིས་ལོ་སྟོད་ཀྱི་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་བྱ་བ་དང་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ཆེད་དོན་འགུལ་སྐྱོད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། མིག་སྔར་དང་རིམ་པ་རྗེས་མའི་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས། མདོ་ལ་རྫོང་དང་འཇུ་ལག་རྫོང་། ཁུལ་རིག་གནས་ཡུལ་སྐོར་ཅུས།  ཁུལ་ཆུ་བེད་ཅུས། དེ་བཞིན་མཚོ་སྔོན་ཞིང་ཆེན་ནུབ་མཚོ་རྡོ་སོལ་གསར་སྤེལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་ཧའེ་དག་གཏེར་ཁུལ་སོགས་ཀྱིས་བསམ་བློ་བརྗེ་རེས་ཚུལ་གྱིས་གཏམ་བཤད། 

   ཚོགས་ཐོག་ཏུ། མིག་སྔར་མཚོ་བྱང་ཁུལ་གྱི་བདེ་འཇགས་གནས་བབས་སྔར་བཞིན་ནན་མོ་ཡིན་ལ། ད་དུང་ཞན་ཆ་དང་གནད་དོན་ཁ་ཤས་གནས་ཡོད་པས་གནས་བབས་གསལ་རྟོགས་དང་གནད་དོན་ལ་ཐད་ཀར་ཕྱོགས་པ། བདེ་འཇགས་ཐོན་སྐྱེད་ཀྱི་གལ་ཆེའི་རང་བཞིན་སྟངས་འཛིན་ཡག་པོ་བྱེད་དགོས། གཙོ་གནད་མངོན་གསལ་དོད་པོ་དང་འགག་སྒོ་སྔོན་དུ་འཇོག་པ། བདེ་འཇགས་དོགས་ཟོན་གྱི་བྱ་བ་སོ་སོ་དོན་འཁྱོལ་ཡག་པོ་བྱེད་དགོས། འགན་འཁྲི་ཇེ་བརྟན་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་བསྣན་ནས་རྒྱུན་མཐུད་བརྟན་ལྷིང་དང་བདེ་འཇགས་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ཆེད་དོན་འགུལ་སྐྱོད་དང་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་བརྒྱད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་འགུལ་སྐྱོད་ཇུས་གཞི་གཞིར་བཟུང་། བདེ་འཇགས་ཐོན་སྐྱེད་ཀྱི་ཕྱོགས་སོ་སོའི་འགན་འཁྲི་སྔར་བས་ནན་དུ་གཏོང་དགོས་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ།“གསལ་ཐོ་ཅན”དོ་དམ་དང“སྒོ་རྒྱག་རྣམ་པའི”ཨང་རྟགས་མེད་པར་བཟོ་བ་བཅས་བྱས་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་དོན་རྐྱེན་འབྱུང་རྒྱུར་སྔོན་འགོག་དང་བཀག་འགོག་བྱེད་དགོས། བདེ་འཇགས་འགན་འཁྲིའི་རྩིས་ཁྲའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས་བདེ་འཇགས་ཀྱི་ཉེན་ཁར་དབྱེ་ཞིབ་དང་བརྡར་ཤ་ཡང་དག་གཅོད་དགོས་པ་དང་། གནད་དོན་གྱི་མངོན་མེད་རྐྱེན་ངན་དག་ཐེར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཁྲིམས་འཛིན་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་པ། བདེ་འཇགས་ཆེད་དོན་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་གཏོང་བ། ལས་རེས་ཀྱིས་ལས་རེས་བརྟན་སྲུང་དང་མཁོ་བསྟུན་དོགས་ཟོན་ལ་ཤུགས་སྣོན་པ་བཅས་བྱེད་དགོས་པར་བསྟན།

   ཚོགས་ཐོག་ཏུ། ཉེ་དུས་རྒྱལ་ཡོངས་ཀྱི་འབྲུབ་འགོག་བདེ་འཇགས་དུས་བབ་སྔར་བཞིན་ཛ་དྲག་ཡིན་ལ། རྒྱ་མཚོའི་རླུང་དམར“ཏུའུ་སུའུ་རུའེ”དང“ཁ་ནུའུ”། ཚ་ཁུལ་ཕལ་པའི་མཐོ་གནོན་གྱི་ཤུགས་རྐྱེན་འོག་མཚོ་བྱང་ཁུལ་དུ་དུས་ཐུང་ནང་ཆར་ཆེན་འབབ་པ་དང་རླུང་ཆེན་གཡུག་པ། ཐོག་རྒོད་སོགས་ཀྱི་གནམ་གཤིས་འབྱུང་ཚད་ཇེ་མང་དུ་སོང་ནས་འབྲུབ་འགོག་གི་གནོན་ཤུགས་སྔར་བཞིན་ཆེན་པོ་ཡོད། ས་ཁུལ་སོ་སོས་ལྷོད་གཡེང་གི་སྣང་ཚུལ་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ“བརྡ་རྒྱག་དགོས་རིགས་རྒྱག་པ་དང་། སད་དགོས་རིགས་སད་པའི”ལམ་སྲོལ་དང་སྐར་མ10ཡི་བརྡ་ལན་ཚོགས་པ་དང“མཁོ་བསྟུན་བསམ་ཤེས་ཅན”གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་བྱ་ཐབས་སོ་སོ་དོན་འཁྱོལ་ཞིབ་ཚགས་བྱས་ནས་ཐོབ་དཀའ་བའི་འབྲུབ་འགོག་གྲུབ་འབྲས་མཐའ་གཅིག་ཏུ་སྲ་བརྟན་དུ་གཏོང་དགོས་པ་ནན་གྱིས་བསྟན།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号