ཤ་བོ་སྐྱབས་ཀྱིས221རྟེན་གཞིའི་གནའ་ཤུལ་དུ་བརྟག་ཞིབ་བྱེད་སྐབས་ལས་རིགས་སྡེ་ཁག་གིས་འགན་འཁྲི་དོན་འཁྱོལ་བྱས་ནས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན།


     ཟླ8པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས221རྟེན་གཞིའི་སོ་ལྟ་ཁང་དྲུག་པ་དང་སྣུམ་སྣོན་ས་ཚིགས་སོགས་གནའ་ཤུལ་དུ་བསྐྱོད་དེ་ཡུལ་དངོས་ནས་སྲུང་སྐྱོབ་བེད་སྤྱོད་བྱ་བར་བརྟག་ཞིབ་དང་མཛུབ་ཁྲིད་བྱས། རིག་དངོས་ཉམས་གསོ་དང་ཉེ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་བྱས་ཚུལ་གྱི་སྙན་ཞུར་ཉན་ནས་སྲུང་སྐྱོབ་བེད་སྤྱོད་ཀྱི་ད་ཡོད་གནས་ཚུལ་དང་རིག་དངོས་ཀྱི་ལོ་རྒྱུས་འཕེལ་རིམ། ལས་གཞིའི་སྙན་ཞུ་ལག་བསྟར། ཉེ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས།

     ཤ་བོ་སྐྱབས་ཀྱིས་ཉེ་བའི་ལོ་ཤས་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་ཀྱི“བཟོ་སྐྲུན་དང་པོར”བརྩིས་ནས་དམ་འཛིན་བྱས་པ་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་སོ་སོས་མཐུན་སྦྱོར་ཤུགས་ཆེན་འོག ལས་རིགས་སྡེ་ཁག་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་རྟེན་གཞིའི་གནའ་ཤུལ་མྱུར་སྐྱོབ་རང་བཞིན་དང་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ། རིག་དངོས་གཙོ་གཟུགས། ཉེ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་རྟེན་གཞིའི་གསར་བརྗེའི་རིག་དངོས་ཀྱི་ལོ་རྒྱུས་ཀྱི་དངོས་ཡོད་རང་བཞིན་དང་རྣམ་པ་འཐུས་ཚང་རང་བཞིན། རིག་གནས་ཀྱི་རྒྱུན་མཐུད་རང་བཞིན་བཅས་འགན་ལེན་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དང་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་རྒྱལ་ཡོངས་ཀྱི“ཚན་རིག་པའི་སྙིང་སྟོབས་ཀྱི་སློབ་གསོའི་རྟེན་གཞི”ཁག་དང་པོ་དང“བསམ་བློ་ཆབ་སྲིད་ཀྱི་བསླབ་ཚན་ཆེན་མོའི”ལག་ལེན་སློབ་ཁྲིད་རྟེན་གཞི་ཁག་དང་པོར་བདམས་ནས་མཚོ་བྱང་ཁུལ་འདི་ཉིད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བསམ་པའི་བཙན་སར་གྱུར་ཡོད་པར་བསྟན།

     ཤ་བོ་སྐྱབས་ཀྱིས་རྟེན་གཞིའི་གནའ་ཤུལ་གྱི་སོ་ལྟ་ཁང་དྲུག་པ་དང་སྣུམ་སྣོན་ས་ཚིགས་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཁག22ཁྲོད་ཀྱི་མཚོན་བྱེད་རང་བཞིན་གྱི་འཛུགས་སྐྲུན་དངོས་པོ་ཞིག་དང་ཡུལ་སྐོར་བ་ངེས་པར་བརྒྱུད་དགོས་པའི་ས་ཚིགས་ཤིག་རེད། མཐའ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་ལོ་རྒྱུས་ཀྱི་གཏམ་རྒྱུད་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་དང་ལེགས་སྒྲིག་བྱེད་པ། སོ་ལྟ་ཁང་དྲུག་པའི་རྗེས་ཤུལ་སླར་གསོ་འགྲེམས་སྟོན་འཆར་འགོད་བྱེད་ཚད་མགྱོགས་སུ་གཏོང་བ། རྗེས་ཤུལ་སྒྲིག་ཆས་འགོག་སྲུང་ར་བསྐོར་བཀོད་སྒྲིག་ལེགས་སྒྲུབ་བྱེད་པ། སླར་གསོ་དང་བེད་སྤྱོད་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བ་བཅས་བྱེད་དགོས། གསར་བརྗེའི་རིག་དངོས་ཀྱི་རིན་ཐང་གི་ནང་དོན་དང་རིག་གནས་ཀྱི་གཞི་རྒྱུ་སྔོག་འདོན་གཏིང་ཟབ་བྱས་ནས་རྟེན་གཞིའི་གནའ་ཤུལ་གྱི་ལོ་རྒྱུས་རྒྱུ་ཆ་འཚོལ་བསྡུ་དང་ལོ་རྒྱུས་བརྒྱུད་རིམ་གསེད་བཀྲོལ་ལ་ཤུགས་སྣོན་པ། རྟེན་གཞིའི་གནའ་ཤུལ་གྱི་བཟོ་གྲྭ་སོ་སོའི་གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་པ་དང་གསར་བརྗེའི་རིག་དངོས་སྲུང་སྐྱོབ་ཡག་པོ་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་སློབ་གསོ་སྤེལ་ཆེད་རྨང་གཞི་བརྟན་དུ་གཏོང་བ་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་གསེར་དངུལ་ཐང-རྡུལ་ཕྲན་མཁར་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།


     ཝང་ཡུང་ཁྲང་གིས་ཕེབས་རོགས་བྱས། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号