ཤ་བོ་སྐྱབས་ཀྱིས་ཁུལ་སྲིད་གྲོས་ལས་ཁུངས་སུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་འགན་འཁྲི་དེ་བས་ཆེ་བ་འཁུར་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་པ་ནན་གྱིས་བསྟན།


     ཟླ8པའི་ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་སྲིད་གྲོས་ལས་ཁུངས་སུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སྔ་ཕྱི་བར་གསུམ་དུ་ལྟེ་བར་དམིགས་པ་དང་དངོས་སྒྲུབ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འགན་འཁྲི་དེ་བས་ཆེ་བ་འཁུར་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་པ་ནན་གྱིས་བསྟན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་ཀྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་གིས་བརྟག་ཞིབ་ལ་ཕེབས་རོགས་གནང་།    

     ཤ་བོ་སྐྱབས་འཁོར་དང་བཅས་པ་རིག་གནས་ལོ་རྒྱུས་ཁང་དང་གཞུང་ལས་ཁང་སོགས་སུ་བསྐྱོད་དེ་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་གནང་ཞིང་། བསམ་འཆར་དང་གྲོས་གཞིར་ཉན་ནས་བྱ་བ་སོ་སོ་སྒྲུབ་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཤ་བོ་སྐྱབས་ཀྱིས་ཁུལ་སྲིད་གྲོས་ཀྱི་བྱ་བའི་སྙན་ཞུར་གསན་རྗེས་ད་ལོ་ནས་བཟུང་ཁུལ་སྲིད་གྲོས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། ཁུལ་ཨུའི་ལྟེ་བའི་བྱ་བར་དམ་པོར་དམིགས་པ་དང་འགན་ནུས་ནན་ཏན་ངང་སྒྲུབ་པ། ཁྱོན་ཡོངས་ཤེས་རྟོགས་དང་དོན་ཆེན་གྲོས་མོལ།  བྱ་བ་དོན་འཁྱོལ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁས་ལེན་རྒྱ་ཆེན་བྱས་ཏེ་མཉམ་ཤུགས་ཆེན་པོ་ཆགས་པ་དང་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་པར་བསྟན།

     ཤ་བོ་སྐྱབས་ཀྱིས་དེ་བས་མཐོ་སར་ལངས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་འཛུགས་པ་དང་། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ཁྲོད་ངོས་འཛིན་གཅིག་མཐུན་ཡོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སྲིད་གྲོས་བྱ་བར་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བྱས་ནས་རྒྱུན་དུ་སློབ་སྦྱོང་དང་བསམ་བློ་གཏོང་བ། གོ་རྟོགས་སད་པ། དངོས་ནས་སློབ་སྦྱོང་དང་དངོས་ནས་ཤེས་པ། དངོས་ནས་ཡིད་ཆེས་བཅས་བྱས་ཏེ། མིག་དཔེར་ལྟ་བའི་ཁྲོད་བློ་དཀར་སེམས་དཀར་བྱེད་པ་དང་། ཆབ་སྲིད་ཀྱི་མིག་རྒྱང་ལ་བརྟེན་ནས་གནད་དོན་ལ་དབྱེ་ཞིབ་བྱེད་མཁས་པོ་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཤིང་། ཟློས་མཐུན་འདར་མཉམ་ཁྲོད་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ “གཡུལ་ས་གལ་ཆེན་དང་ལས་སྟེགས་གལ་ཆེན། ཐབས་ལམ་གལ་ཆེན”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁུལ་ཨུའི་བྱ་བའི་གཙོ་གནད་གང་དུ་ཡོད་ན་སྲིད་གྲོས་ཀྱི་བྱ་བའང་དེ་རུ་རྗེས་ཟིན་ཐུབ་པ་བྱེད་དགོས། བྱས་རྗེས་སྔར་བས་ཆེ་བ་དེ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་བརྩིས་ནས་རང་འགུལ་ངང་ཁྱོན་ཡོངས་ལ་གཞི་ཚུགས་པ་དང་ཁྱོན་ཡོངས་དང་མཉམ་འདྲེས་བྱེད་པ། ཏང་སྲིད་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་སྒུག སྲིད་གྲོས་ཀྱི་ནུས་པ་བཅས་ལ་དམིགས་ནས་དངོས་གཉེར་ཐབས་ཇུས་འདོན་པ་དང་དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་པ། འབྲེལ་ཟམ་ཡག་པོ་འཛུགས་པ་བཅས་བྱས་ཏེ་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་སྟེ་ཁྱོན་ཡོངས་ཀྱི་བྱ་བ་ཟློས་མཐུན་འདར་མཉམ་དང་མཉམ་དུ་འཁོར་སྐྱོད་བྱེད་པ། མཉམ་དུ་ནུས་པ་འདོན་ཐུབ་པའི་འགན་ལེན་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ་དང “མི་དམངས་ལྟེ་བར་འཛིན་པའི”འཕེལ་རྒྱས་ཀྱི་བསམ་བློ་དང“མི་དམངས་སྲིད་གྲོས་ནི་དམངས་ཀྱི་ཆེད་དུ་ཡིན་པའི”འདུ་ཤེས་བརྟན་པོར་འཛུགས་པ། མི་སེར་གྱི་འགག་རྩའི་དོན་ཆུང་དེ་རང་ངོས་ཀྱི་དོན་ཆེན་ཨང་དང་པོར་བརྩི་བ་བཅས་བྱས་ཏེ་དམངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་པ་དང་བྱ་བ་དངོས་ཡག་པོར་བསྒྲུབ་ནས་དམངས་འཚོར་ཕན་འདོགས་པ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གིས་འཆམ་མཐུན་ལ་སྐུལ་མ་བཏང་སྟེ་དམངས་ཕན་སྲིད་ཇུས་སོ་སོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྔར་བས་བླང་བྱ་ནན་མོ་བཏོན་ནས་ཉམས་སད་ཐེག་ཐུབ་པའི་ནུས་པ་སྦྱོང་བརྡར་དང་། བརྗོད་དོན་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་བཟུང་སྟེ་མཚོ་བྱང་གི་གསར་བརྗེའི་སློབ་གསོའི་ཐོན་ཁུངས་ཀྱི་བཟང་ཆ་བེད་སྤྱོད་གང་ལེགས་བྱས་ཏེ་སློབ་སྦྱོང་གི་མཁའ་དབུགས་བཟང་བོ་དར་སྤེལ་ཤུགས་ཆེན་བཏང་ནས་བྱང་ཚད་མཐོ་བའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་དགོས། སྨོན་ལམ་མཐོན་པོ་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཉམས་ཞིབ།  གནའ་གྲོང་གི་རྗེས་ཤུལ་དང་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་བེད་སྤྱོད་སོགས་ཀྱི་གཙོ་གནད་བྱ་བར་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་ཏེ་ཁུལ་ཨུའི་ཚན་རིག་དང་མཐུན་ཞིང་དམངས་གཙོའི་སྒོ་ནས་ཇུས་ཐག་གཅོད་པར་རྒྱབ་སྐྱོར་ནུས་ལྡན་བྱེད་པ་དང་། རྒྱུགས་སྤྲོད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱས་ནས་སྣེ་ཁྲིད་བྱེད་པའི་མིག་དཔེ་སྟོན་པ་དང་མདུན་དུ་སྐྱོད་པ། སྤྱོད་ཚུལ་ལེགས་སུ་གཏོང་བ། དངོས་སྒྲུབ་ལ་མཐོང་ཆེན་བྱེད་པ། ཨུ་ཡོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བྱ་བའི་ཕན་འབྲས་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན།    

     ཁུལ་སྲིད་གྲོས་ཚན་ཁག་གི་ཁོངས་མི་ཁྲང་ལིན་དང་ཝུའུ་ཧྲུའུ་རུང་། ཞོ་རོས་ཞིན། ལི་ཧུང་པའོ། དེ་བཞིན་དྲུང་ཡིག་ཆེན་མོ་གཞོན་པ་སོ་སོ་དང་ཆེད་དོན་ཨུ་ལྷན་སོ་སོའི་འགན་འཁུར་བློ་མཐུན་བཅས་བརྟག་ཞིབ་དང་བཞུགས་མོལ་ཚོགས་འདུར་ཞུགས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号