ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས་པ།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་།


     ཟླ8པའི་ཚེས15ཉིན། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱེད་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱེད་པ།  “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“འདུ་ཤེས་བཞི”ཆེ་རུ་གཏོང་བ།  “གདེང་ཚོད་བཞི”བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གོ་སྐབས་དམ་འཛིན་དང་དངོས་འཛིན་དངོས་སྒྲུབ་བྱ་རྒྱུའི་སྐུལ་སློང་བྱས་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གཏན་ལ་ཕབ་པའི་དམིགས་འབེན་དོན་འཁྱོལ་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས“དེང་རབས་ཅན་དྲུག”གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་གཏོད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པ་དེ་ཡིན། 

     ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བར་ཕྱོགས་སྡོམ་བྱས་པ་དང་། ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་དང་། ཁུལ་ཨུའི་རྒྱུན་ཨུ་མགོན་པོ་ཚེ་བརྟན་དང་། ཝང་ཡུང་ཁྲང་། སུང་ཞུག་ཙུང་། སངས་འབུམ། ལའེ་མིང་། སི་ཅི་ཧྲིན། ལིའུ་ཏུང་བཅས་ཚོགས་འདུར་ཞུགས།  

     ཚང་འཛོམས་གྲོས་ཚོགས་ཐོག ད་ལོ་ནས་བཟུང་ཁུལ་ཨུས་ཁུལ་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་ནན་ཏན།  བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས། “243”འཕེལ་རྒྱས་ཀྱི་བཀོད་པ་འཛུགས་སྐྲུན་དང“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ་བཅས་བྱས་པས་ཁུལ་ཡོངས་ཀྱི་དཔལ་འབྱོར་སླར་གསོ་བྱུང་ནས་ལེགས་པའི་ཕྱོགས་སུ་འགྲོ་བའི་རྣམ་པ་མངོན་པ་དང་དམིགས་ཚད་སོ་སོར“ཕྱེད་བརྒལ་གཉིས”ཀྱི་དམིགས་འབེན་མངོན་འགྱུར་བྱུང་ཡོད། རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་མུ་འབྲེལ་བྱེད་སྒོར་ཤུགས་རྐྱེན་རྒྱ་ཁྱབ་ཐེབས་ཡོད་པས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པ་དང་ཞིང་ཆེན་ཏང་སྲིད་དམག་གི་འཐུས་མི་ཚོགས་པའི་ཚད་མཐོའི་ཁས་ལེན་ཐོབ་པ་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་བུ་བུ་མོ་ཚོས་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་ནས། མཚོ་བྱང་གི་རྒྱ་ཆེའི་ལས་བྱེད་པས་ཆབ་སྲིད་ལ་མཐོང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཕན་ནུས་ཆེ་བའི་ལག་བསྟར་ནུས་པ་མངོན་ཡོད་པར་བསྟན།


     ཚང་འཛོམས་གྲོས་ཚོགས་ཐོག ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དམིགས་པ་དང་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན།  ཧེ་བག་ལ་ལྟ་སྟངས་ཡང་དག་འཛིན་པ། རང་གིས་རང་ལ་ཡིད་ཆེས་ཀྱིས་མ་འོངས་པར་ཇུས་འགོད་བྱེད་པ།  དུས་ཚོད་ཀྱིས་རང་ལ་མི་སྒུག་པའི་དགོས་གཏུགས་ཀྱི་བསམ་པ་དང་བྱ་བ་ཚང་མར་སེམས་ཁྲལ་བྱེད་པའི་ལས་འགན་སྒྲུབ་སེམས་བཅངས་ནས་ཞིང་ཆེན་ཡོངས་ལ་གོ་སྐབས་དམ་འཛིན་དང་དངོས་སྒྲུབ་བྱ་རྒྱུ་དེ་གཙོ་གནད་དུ་འཛིན་དགོས་པའི་འབོད་སྐུལ་བྱས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཕུན་སུམ་ཚོགས་པའི་ནང་དོན་ཁོང་དུ་ཡང་དག་ཆུད་པ་དང་དགོངས་དོན་གྱི་ངོ་བོར་ཤེས་རྟོགས་གཏིང་ཟབ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བསམ་བློའི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་ཏན་ཏིག་སྒོས་འགྱུར་བར་བྱེད་དགོས།  “དོན་དངོས་སྒྲུབ་རྒྱུ་གལ་ཆེ་བའི”མངོན་གསལ་དོད་པའི་ཁྲིད་ཕྱོགས་ལ་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་བྱ་བ་སྒྲུབ་པའི་ཐད་སྤྱོད་པ་དང་སེམས་ནུས་དོན་འཁྱོལ་དམ་འཛིན་བྱེད་པའི་ཁྲོད་བཞག་སྟེ། མཚོ་བྱང་གི་བྱ་གཞག་སོ་སོ་ཡང་དག་པར་སྒྲུབ་པ་དང་ལེགས་པོར་སྒྲུབ་པ། ཡོངས་སུ་སྒྲུབ་པ་བཅས་བྱེད་དགོས། “བྱས་རྗེས་འཇོག་པའི”ལག་ལེན་གྱི་ཐབས་ལམ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་འཕེལ་རྒྱས་ཀྱི་འཐབ་ས་མདུན་མ་དང་འཛུགས་སྐྲུན་ཡུལ་དངོས། དཀའ་ངལ་གྱི་འཐབ་ས་དང་པོ་བཅས་སུ་བསྐྱོད་པ་དང་བྱས་རྗེས་གསར་པ་འཇོག་པ་དང་དུས་རབས་གསར་པ་གཏོད་དགོས། “ཕྱོགས་བཞིའི”ངོས་འཛིན་རབ་རིབ་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱ་དགོས་པ་དང་།  འབྱུང་རྩ་ནས་གོམས་གཤིས་ཀྱི་བསམ་གཞིགས་དང་རང་སྣང་གི་ཕྱོགས་ཞེན་གྱི་འཆིང་རྒྱ་གཏོར་ཏེ་ངོས་འཛིན་གནད་འཁེལ་ཡོང་བར་བརྟེན་ནས་བྱ་སྤྱོད་ཐད་ཀྱི་རང་རྟོགས་ལ་ཁྲིད་སྟོན་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས། “འབྲེལ་བ་བཞིའི”ནང་གནས་ཀྱི་གཏན་ཚིགས་གསལ་པོར་བཟོས་ནས་རྒྱང་ལྟའི་རང་བཞིན་གྱི་བསམ་གཞིགས་དང་ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་བསྣན་ནས་མཚོ་བྱང་གི་འཕེལ་རྒྱས་ལ་སྔར་བས་སྤུས་ཚད་ལྡན་པ་དང་དེ་བས་གཏིང་ཤུགས་ལྡན་པར་བྱེད་དགོས་པ་ནན་གྱིས་བསྟན།

     ཚང་འཛོམས་གྲོས་ཚོགས་ཐོག མིག་སྔར། མཚོ་བྱང་ནི་ཧ་ཅང་གལ་འགངས་ཆེ་ཞིང་འགག་རྩའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་གནས་ཡོད་པས། འགྲན་སློང་མང་པོར་འཕྲད་ཡོད་ལ་གོ་སྐབས་ཀྱང་དེ་བས་མང་བ་ཡོད་པས། ང་ཚོས་འཕེལ་རྒྱས་ཀྱི་གནས་བབ་གསལ་རྟོགས་དང་དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་པ། འབད་བརྩོན་དེ་བས་མང་བ་བྱེད་པ་དང་། དེ་ལས་ལྷག་པའི་སྒོ་ནས་ཁུལ་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་མཚོ་བྱང་གི་ལེགས་ཆ་འདོན་སྤེལ་གྱིས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་འཕེལ་རྒྱས་ཁྲོད་མཚོ་བྱང་གི་ངེས་གནས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་གནས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་མཁས་པ། ཁྱོན་ཡོངས་ལ་ཇུས་འགོད་བྱེད་མཁས་པ། སྣ་མང་རྙོག་འཛིང་ཁྲོད་གཙོ་གནད་དམ་འཛིན་བྱེད་པ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་ཚད་བརྒལ་ཡོང་བར་བྱེད་པ། རྩ་གནད་ལག་བསྟར་བྱེད་པའི་ཁྲོད་ཁྱོན་ཡོངས་ཀྱི་བྱ་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་ལོ་རྒྱུས་རང་འགུལ་སྟངས་འཛིན་ནན་མོ་བཅས་བྱེད་དགོས་པར་བསྟན།    

     ཚང་འཛོམས་གྲོས་ཚོགས་ཐོག ཞིང་ཆེན་ཏང་ཨུའི་བྱ་བའི་ཚད་གཞི་དང་བླང་བྱ་དང་ཞིབ་བསྡུར་བྱས་ཏེ་དམིགས་འབེན་གཏན་འཁེལ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས“མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་ཧུར་ཐག་སྒོས་ཞུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཏན་ཏིག་ངང་དོན་འཁྱོལ་བྱེད་དགོས། གཡུལ་ས་གཙོ་བོར་ཞུགས་སྐབས་སྐྱེ་ཁམས་ཀྱི་བཙན་ས་ཧུར་ཐག་སྒོས་བཏོད་དེ་མདོ་ལ་རི་བའི་ལྷོ་ངོས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་གི་ཕན་འབྲས་མུ་མཐུད་སྲ་བརྟན་དང་མཐོ་རུ་གཏོང་དགོས་ཤིང་། མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་འཛུགས་སྐྲུན་བྱ་རྒྱུར་ཚད་གཞི་མཐོན་པོས་སྐུལ་འདེད་བཏང་སྟེ། བྱེ་འགོག་བྱེ་བཅོས་དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ། ས་ནག་གྲམ་ཐང་བཅོས་སྐྱོང་སོགས་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱེད་དགོས།  ཐོན་ལས་ཀྱི“གནས་བཞི”ནུས་ཤུགས་ཡོད་རྒུས་བཏོད་དེ་ཞིང་ཕྱུགས་ལས་ཀྱི་ཐོན་ལས་ཆེ་གྲས་ལྔའི་སྤུས་ཚད་དང་ཕན་འབྲས་མུ་མཐུད་མཐོ་རུ་གཏོང་རྒྱུ་དང་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་བཟོ་སྐྲུན་ཆ་ཚང་སྟོབས་ཆེར་གཏོང་བ་དང་ནུས་ཤུགས་ཡོད་རྒུས“བོད་ལུག་ཁྲི་དང་ནོར་གནག་སྟོང”གི་རྟེན་གཞི་བསྐྲུན་དགོས་ཤིང་། “123”Aརིམ་པའི་ལྗོངས་ཁུལ་ཁྱོན་ཡོངས་ནས་གསར་སྐྲུན་བྱས་ཏེ“འགྲན་བསྡུར་ཁག་བཞིའི”ཆས་རྟགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ནུས་རྒྱུ་གཙང་མ་དང་ནུས་རྒྱུ་གྲོན་ཆུང་གི་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་བཟོ་ལས་གླིང་ཁུལ་རིགས་སྒྱུར་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས། བརྩེ་སེམས་ཟབ་མོས་མི་རིགས་མཐུན་སྒྲིལ་ལ་དམ་འཛིན་ཡག་པོ་བྱས་ནས་གནའ་བོའི་རྗེས་ཤུལ་སོགས་རིག་གནས་ཤུལ་བཞག་ཐོན་ཁུངས་སྣ་ཚོགས་བེད་སྤྱད་དེ་སེ་འབྲུའི་ཁྱིམ་གཞིས་དང་སྡེ་བའི་ལོ་རྒྱུས་ཁང་། དགོན་སྡེའི་དཔེ་ཁང་སོགས་སློབ་གསོའི་གཡུལ་ས་བཏོད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོའི་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས།  བརྩེ་སེམས་ཟབ་མོས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་རོང་འབྲོག་མང་ཚོགས་ལས་གནས་བརྟན་པོའི་ངང་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོར་གཉེར་བ་དང་སྨན་བཅོས་ཞབས་ཞུའི་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས་ལ། སྤྱི་ཚོགས་རོགས་སྐྱོབ་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོར་ལྟ་ཞིབ་ཚད་ལེན་བྱ་རྒྱུར་མུ་མཐུད་ཤུགས་སྣོན་པ་དང་སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི“སྡེ་བ་སྟོབས་ཆེར་གཏོང་བའི”བཟོ་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཞིང་བར་མཉམ་འབྲེལ་བྱས་ཏེ་ཞིང་ལས་ལ་སྐུལ་ཁྲིད་བྱེད་པའི་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁྱད་ལྡན་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ། དབུལ་ཐར་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ནུས་པ་དང་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བ། གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས།  སྟོབས་ཤུགས་གཅིག་སྒྲིལ་གྱིས་སྙིང་སྟོབས་ཀྱི་བཙན་ས་བཏོད་དེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། གསར་བརྗེའི་ཐོན་ཁུངས་སྒྲིག་སྦྱོར་དང་བེད་སྤྱོད་མགྱོགས་སུ་གཏོང་བ། ཕྱོགས་ཡོངས་ནས221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་རྒྱུན་འཛིན་དང་སླར་གསོ་བེད་སྤྱོད་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ།  སྨོན་ལམ་མཐོན་པོའི་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་མགོ་ཁྲིད་ལས་བྱེད་པས“1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ། ཡུལ་ཚོ་དང་གྲོང་རྡལ་གྱི“བཅུ་ལྡན”བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དྲང་གཞག་ངང་མི་འདེམས་སྤྱོད་རྒྱུན་འཁྱོངས་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས “ནན་མོའི”གཞི་གདངས་གཙོ་བོ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས་པ་ནན་གྱིས་བསྟན།    

     ཚང་འཛོམས་གྲོས་ཚོགས་ཐོག དངོས་འཛིན་དངོས་སྒྲུབ་བྱེད་པར་ཐོག་མར་མིག་སྔའི་བྱ་བ་དམ་འཛིན་ཡག་པོ་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས། གལ་ཆེའི་གནས་བཅས་དམ་པོར་བཟུང་ནས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཚད་གཞི་མཐོན་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ།  “ཐཱན་གཉིས”བྱ་བར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་དགོས། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་སླར་གསོ་དང་འཕར་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།  བཟོ་ལས་དཔལ་འབྱོར་ཁེ་ལས་བརྟན་པོའི་ངང་བསྐྱར་འཕར་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཞབས་ཞུའི་ལས་རིགས་མགྱོགས་མྱུར་སྒོས་སླར་གསོ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། མ་དངུལ་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་རྒྱུར་འགན་ལེན་བྱེད་པ། ནོར་སྲིད་དངུལ་རྩའི་ཞབས་ཞུའི་འདེགས་སྐྱོར་ནུས་པར་ཤུགས་སྣོན་པ་བཅས་བྱས་ནས་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་དགོས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་གྱི་གནད་དོན་མཐའ་གཅིག་ཏུ་བཅོས་སྒྲིག་བྱེད་པ་དང་། ཐོན་ལས་མཉམ་འདྲེས་རིམ་སྤོར་ལ་སྐུལ་འདེད་ནུས་ལྡན་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྱི་གྲོང་གསེབ་བསྐྲུན་དགོས། དམངས་འཚོའི་བདེ་སྐྱིད་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ལས་ཞུགས་བརྟན་པོ་དང་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་རྒྱུར་དམ་འཛིན་ཡག་པོ་བྱེད་པ། སྤྱི་པའི་ཞབས་ཞུ་མཁོ་སྤྲོད་ལ་དམ་འཛིན་ཡག་པོ་བྱས་ཏེ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་ཇེ་ལེགས་དང་འཐུས་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་དང་གེགས་འགོག་གེགས་སེལ་ལ་དམ་འཛིན་ཏན་ཏིག་བྱེད་པ། ནོར་སྲིད་དང་དངུལ་རྩའི་ཉེན་ཁ་ནུས་ལྡན་ངང་འགོག་ཟོན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལོ་འཁོར་མོའི་དམིགས་འབེན་ལས་འགན་སྤུས་ཚད་མཐོ་ལ་ཕན་འབྲས་ཐོན་པའི་སྒོ་ནས་ལེགས་སྒྲུབ་བྱེད་དགོས་པ་ནན་གྱིས་བསྟན།    

     ཚང་འཛོམས་གྲོས་ཚོགས་ཐོག སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་བྱ་རྒྱུ་དེ་གནས་བབ་དེ་བས་མངོན་གསལ་དོད་པོར་བཞག་སྟེ་ཞིང་ཆེན་ཡོངས་ཀྱི་མངོན་གསལ་དོད་པའི་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྒྲིག་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ལྔའི་ཐད་ཀྱི་ཞིབ་བསྡུར17ལ་དམིགས་ནས་གཙོ་གནད་ལ་དམིགས་པ་དང་མངོན་གསལ་དོད་པའི་གནད་དོན་ལ་ལྟ་བ། གོང་གིས་འོག་ལ་སྣེ་ཁྲིད་དང་རིམ་པ་རེ་རེ་བཞིན་འགན་འཁྲི་ཏན་ཏིག་གིས་སྒྲུབ་པ། འགལ་བར་ཐད་ཀར་དམིགས་པ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། ནུས་པ་ཆེ་རུ་གཏོང་བ་དང་བྱ་བ་དོན་འཁྱོལ་ལ་དམ་འཛིན་ནན་མོ་བཅས་བྱས་ནས་དངོས་སྒྲུབ་ཀྱི་བྱ་ཐབས་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་སྒོས་གཏོད་དགོས་པ་ནན་གྱིས་བསྟན།


     ཚང་འཛོམས་གྲོས་ཚོགས་ཐོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་གཞིར་བཟུང་། དངོས་སྒྲུབ་ཀྱི་སྙིང་སྟོབས་དེ་ཐོག་མའི་བསམ་འདུན་སྐྱོང་ཞིང་འགན་འཁྲི་ཁུར་དུ་ལེན་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཐོག་མངོན་པར་བྱས་ཏེ་དངོས་སྒྲུབ་ཀྱི་བློ་སྟོབས་དེ་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གཅིག་སྡུད་བྱེད་པ་དང་། དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་ཐོག་མངོན་པར་བྱེད་པ། དངོས་སྒྲུབ་ལ་གོང་བཀུར་བྱ་རྒྱུ་དེ་མཚོ་བྱང་འཛུགས་སྐྲུན་བྱེད་པའི་སྐད་སྒྲ་ཆེ་ཤོས་དང་དཀའ་སྤྱད་སྙིང་རུས་བྱ་རྒྱུ་དེ་ཏང་ཡོན་ལས་བྱེད་པའི་རྒྱུན་རྣམ་གསར་པར་བྱེད་པ། སྒྲུབ་ཕོད་པ་དེ་དཀའ་གནད་སྒྲོལ་བར་བྱེད་པའི་བརྗོད་དོན་དུ་འགྱུར་བར་བྱེད་པ་དང་སྣེ་ཁྲིད་དེ་དངོས་སྒྲུབ་བྱེད་པ་དེ་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་སྟོང་ཟད་དུ་མི་གཏོང་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་སྒུག་སྟོང་ཟད་དུ་མི་གཏོང་བ། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་རེ་སྒུག་སྟོང་ཟད་དུ་མི་གཏོང་བ་བཅས་ཀྱི་དུས་རབས་ཀྱི་རྒྱུགས་ལན་ཧུར་ཐག་སྒོས་སྤྲོད་དགོས་པའི་བླང་བྱ་བཏོན།


     ཚང་འཛོམས་གྲོས་ཚོགས་ཐོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གོ་སྐབས་དམ་འཛིན་དང་དངོས་སྒྲུབ་བྱ་རྒྱུ་དེ་གཙོ་བོར་བྱས་ནས“མཚོ་བྱང་ལྔའི”ལེའུ་གསར་པ་ཧུར་ཐག་སྒོས་གཏོད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་གནང་།     
     ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཞུགས་ལ། ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཁུལ་སྒྲིག་ཨུའི་རྒྱུན་ཨུ་དང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། རྫོང་དང་ཞིང་ར་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཙུའུ(ཏང་ཨུ)མང་ཚོགས་ཚོགས་པ་སོ་སོའི་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཁག་ཅིག་བཅས་ཚོགས་འདུར་ཟུར་ཞུགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号