ཤ་བོ་སྐྱབས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་ན་གཞོན་ཤེས་ཡོན་པའི་མཐུན་འབྲེལ་གླེང་སྟེགས་བྱེད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ།


ཟླ9པའི་ཚེས5ཉིན“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་ན་གཞོན་ཤེས་ཡོན་པའི་མཐུན་འབྲེལ་གླེང་སྟེགས་བྱེད་སྒོ་མཚོ་བྱང་ཁུལ་དུ་སྤེལ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཀྲང་པའོ་ཏུང་དང་ཧུའུ་ཞའོ་མེན། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཞའེ་སུའུ་ཡོན་སོགས་ཡོན་ཧྲི་དང་ཆེད་མཁས་པ200ལྷག་ཙམ་བྱེད་སྒོར་ཞུགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་བྱེད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཕུལ། 



ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་ཚབ་བྱས་ནས་གླེང་སྟེགས་ནང་ཞུགས་མཁན་གྱི་ཡོན་ཧྲི་དང་ཆེད་མཁས་པ་རྣམ་ལ་དགའ་བསུ་བྱས་ཏེ་མཚོ་བྱང་ཁུལ་གྱིས་རྡུལ་ཕྲན་མཁར་གྱི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་བའི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས། ཁོང་གིས་ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གསར་བརྗེའི་ཐོན་ཁུངས་བེད་སྤྱོད་དང་གསར་བརྗེའི་སྲོལ་རྒྱུན་དར་སྤེལ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་པ”བཅས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ནན་མོར་གཞིགས་ནས་རྡུལ་ཕྲན་མཁར་གྱི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུ་དེ་མཚོ་སྔོན་ཞིང་ཆེན་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བྱེད་པའི“བཟོ་སྐྲུན་དང་པོར”བརྩིས་ནས་སྐུལ་འདེད་ཏན་ཏིག་བཏང་ཡོད། ཁུལ་ཡོངས་ཀྱི་སྟོབས་ཤུགས་སྤྱད་དེ་སྒོར་དུང་ཕྱུར2.82ཟིན་པའི་རྟེན་གཞིའི་གནའ་ཤུལ་རིག་དངོས་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་པ་དང་ཡན་ལག་བཟོ་གྲྭའི་རིག་དངོས་སྲུང་སྐྱོབ་ས་ཚིགས7ལ་ཁྱོན་ཡོངས་ནས་ཁྱབ་པ་མངོན་འགྱུར་བྱས་ཡོད། ཡན་ལག་བཟོ་གྲྭ་བཅོ་བརྒྱད་དང་འཚོ་བའི་ཁུལ་བཞི། མཁའ་དམག་བཅོ་ལྔ་པའི་རྗེས་ཤུལ་ལོ་རྒྱུས་གཏམ་རྒྱུད་སོགས་སྔོག་འདོན་བྱེད་བཞིན་པའི་སྒང་ཡིན་པ་དང་གནས་སྤོ་ཐེངས་གསུམ་གྱི་ཞིབ་འཇུག་བྱ་གཞི་སྤེལ་བཞིན་ཡོད་ལ། དཔེ་དེབ20ལྷག་ཙམ་དཔེ་སྐྲུན་བྱས་ཤིང་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གིས་དུས་དེབ8རྩོམ་སྒྲིག་བྱས་ཡོད། སྨོན་ལམ་མཐོན་པོ་མཁའ་དམག་རྗེས་ཤུལ་གྱི་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན་གོ་རིམ་ལྡན་པར་བྱས་ཡོད། ཚད་གཞི་མཐོན་པོས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་འགྲེམ་ཁང་བསྒྱུར་བཀོད་དང་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ། རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོ་སོགས་དཔེ་སྟོན་རྟེན་གཞིའི་སྒོ་བྱང་བཀལ་ཞིང་ཟླ་བ་དྲུག་རིང་ལ་ལྟ་སྐོར་བ་མི་ཐེངས་ཁྲི22ཟིན་ཡོད་པ་རེད།



ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ“ཞིང་ཆེན་ཡོངས་ཀྱི་རྩེར་སོན་དང་རྒྱལ་ཡོངས་ཀྱི་གྲགས་ཆེ་བའི”རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཕུགས་བསམ་དད་སེམས་ཀྱི་སློབ་གསོ། གསར་བརྗེའི་ཞིབ་འཇུག་རྟེན་གཞིའི་གསོན་ཉམས་དོད་པའི་ལག་ལེན་བཅས་ཀྱི་ནང་ཧུར་ཐག་ཞུགས་བཞིན་ཡོད་པས་ང་ཚོར་དུས་དང་རྣམ་པ་ཀུན་ཏུ་ཤེས་ལྡན་པ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་དགོས། ཡོན་ཧྲི་དང་ཆེད་མཁས་པ་རྣམས་ཀྱིས་མིག་རྒྱང་མཚོ་བྱང་ལ་གཏད་ནས་ཚན་རིག་ཞིབ་འཇུག་དེ་མཚོ་བྱང་དུ་གཅིག་སྡུད་བྱེད་པ་དང་ཞིབ་འཇུག་གི་གྲུབ་འབྲས་དེ་མཚོ་བྱང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་པ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཐུན་མོང་ཐོག་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་པ་བཅས་བྱས་ནས་མཚོ་བྱང་གི་བསམ་པའི་བཙན་ས་གཏོད་པར་རམ་འདེགས་བྱེད་པའི་རེ་བ་ཡོད་པར་བསྟན།



དེའི་རིང་། ཡོན་ཧྲི་དང་ཆེད་མཁས་པ་རྣམས་ཀྱིས་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དང་དེ་སྔའི་གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་གྱི་ཡན་ལག་བཟོ་གྲྭ་དང་པོ། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་། མདའ་བཞི་རྫོང་གི་དེ་སྔའི་འཕུར་མདའ་རྐྱང་བཀོལ་མཁའ་དམག་སྒར་གཞི་བཅུ་གཉིས་པའི་གནའ་ཤུལ་བཅས་ལ་ལྟ་སྐོར་བྱས།



ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཞུས་ཞའོ་པེན་དང་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧོང་ཅུན་ཡུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སི་ཅི་ཧྲིན་བཅས་བྱེད་སྒོར་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号