ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ། 

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

 

    ཟླ9པའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས51པ་ཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གསར་ཤོས་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། བྱ་བའི་སྙན་ཞུར་ཉན་ནས་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་།

     ཚོགས་འདུའི་ཐོག ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་སྤྱི་ཁྱབ་ཧྲུུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་བྱེད་པའི་བརྗོད་དོན་དུ་བརྩིས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལས་བྱེད་པར་ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་འཛུགས་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ།  “ཆབ་སྲིད་ཀྱི་ནུས་པ་གསུམ”ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ལ། ཁྱོན་ཡོངས་ནས་སྲིད་སྐྱོང་བའི་འཇོན་ཐང་ཆེ་རུ་གཏོང་བ་དང་། ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་གི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། རིམ་པ་དང་རིགས་བགོས་ནས་གསོ་སྦྱོང་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ནས་རིམ་པ་སོ་སོའི་ལས་བྱེད་པའི་ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་དགོས། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་བྱ་བ་སྒྲིག་འཛུགས་ལག་བསྟར་དང་ལྟ་སྐུལ་ཞིབ་བཤེར་དམ་འཛིན་ཡག་པོ་བྱས་ཏེ་རིམ་པ་སོ་སོའི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱུན་མཐུད་སྒོས་སྤུས་ལེགས་སློབ་ཚན་ཁག་ཅིག་བཏོད་དེ་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་བྱེད་པར་ཕན་འབྲས་ཐོན་པར་བྱ་དགོས་པ་ནན་གྱིས་བསྟན།    


     ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལེང་ཧྲན་ཁུལ་ཅིན་དབྱང་རྫོང་གི་ཆུ་ལོག་གནོད་འཚེའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ།  བསམ་བློ་དང་བྱ་སྤྱོད་མཛུབ་སྟོན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས།    “དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་པའི”འགན་ཁུར་གྱི་བསམ་པ་བཅངས་ནས་བདེ་འཇགས་ཐོན་སྐྱེད་དང་ཞོད་འགོག་གེགས་སེལ་གྱི་བྱ་བ་སོ་སོ་གཅིག་གྱུར་དམ་འཛིན་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་ལ། མ་མཐའི་མཚམས་ཐིག་གི་བསམ་གཞིགས་ལ་ཤུགས་སྣོན་པ་དང་དྲིལ་སྒྲོག་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་པ་བཅས་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་མེད་པར་བཟོ་དགོས། འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱུན་མཐུད་སྒོས་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་དག་ཐེར་བྱེད་པ་དང་། ལྷག་པར་དུ་གཙོ་གནད་ཁུལ་དང་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་སྣ་ཤི་རྨས་དང་གནོད་འཚེའི་གྱོང་གུན་ཉུང་དུ་གཏོང་དགོས། འགན་ཁུར་འཁུར་སེམས་ཆེ་རུ་བཏང་ནས་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་ལས་གནས་སུ་ཡོད་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞོད་འགོག་གེགས་སེལ་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་མོ་བྱ་དགོས་པ་ནན་གྱིས་བསྟན།     
     ཚོགས་འདུའི་ཐོག བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་། ཤིན་ཅང་འཛུགས་སྐྲུན་དམག་ཚོགས་བཅས་ཀྱི་བྱ་བའི་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ནས་མཚོ་བྱང་གི་བྱ་བ་སོ་སོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སེ་འབྲུའི་ཁྱིམ་གཞིས་དང་སྡེ་བའི་ལོ་རྒྱུས་ཁང་། དགོན་སྡེའི་དཔེ་དེབ་ཁང་སོགས་སློབ་གསོའི་གཡུལ་ས་ཞིབ་ཚགས་ངང་བཏོད་དེ“མི་རིགས་མཐུན་སྒྲིལ+”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཁྱབ་སྤེལ་དང་འདྲ་བཟོ་ཆོག་པའི་མཚོ་བྱང་གི་ལག་ལེན་དང་བྱེད་སྟངས་ཕྱོགས་སྡོམ་བྱེད་དགོས། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་བཟོ་སྐྲུན་ཆ་ཚང་ལག་བསྟར་ཡག་པོ་བྱས་ནས་གསེར་དངུལ་ཐང-རྡུལ་ཕྲན་མཁར-སྨོན་ལམ་མཐོན་པོ་རྒྱལ་ཁབ5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་པའི་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་།  “ཆུ་བོ་གསུམ་དང་མཚེའུ་གཅིག”འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་། མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ནས་རྩྭ་ཐང་བཅོས་སྐྱོང་དང་བྱེ་འགོག་བྱེ་བཅོས་སོགས་ཀྱི་འགུལ་སྐྱོད་སོ་སོར་སྐུལ་འདེད་ཏན་ཏིག་བཏང་ནས་སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པ་ནན་གྱིས་བསྟན།   

     ཚོགས་འདུའི་ཐོག ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་ཁག་དང་པོའི་ཕྱོགས་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ཚད་མཐོའི་འགན་འཁུར་གྱི་སྙིང་སྟོབས་ཐོག་ནས་ཚན་རིག་དང་མཐུན་པའི་ཇུས་འགོད་དང་བརྗོད་དོན་སློབ་གསོ་སྒྲིག་འཛུགས་ཞིབ་ཚགས་བྱེད་དགོས་ཤིང་། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ནས་ཆབ་སྲིད་ཀྱི་གནས་ཐིག་མཐོ་རུ་ཏན་ཏིག་གཏོང་བ་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། བྱ་བར་དོན་འཁྱོལ་དམ་འཛིན་བཅས་བྱེད་དགོས་ལ། དམིགས་ཚད་དང་བླང་བྱ་འཕྱུགས་མེད་ཡོང་བར་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་དག་ཐེར། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་སོགས་ཀྱི་བྱ་བར་གཅིག་གྱུར་ཐོག་སྐུལ་འདེད་གཏོང་དགོས། རིགས་དབྱེ་ཁྲིད་སྟོན་ལ་ཤུགས་བསྣན་ནས་བརྗོད་དོན་སློབ་གསོའི་ལས་ཁུངས་ཀྱིས་གཞི་རྩའི་བླང་བྱ་དོན་འཁྱོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རང་སོ་སོའི་ཤུགས་སྣོན་ས་གནད་འཁེལ་འཚོལ་རྒྱུར་སྐུལ་འདེད་གཏོང་དགོས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་དང་བརྗོད་དོན་སློབ་གསོ་དང་ལྟེ་བའི་བྱ་བའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས། དྲིལ་སྒྲོག་དང་ཁྲིད་སྟོན་ལ་ཤུགས་བསྣན་ཏེ་སྤྱི་ཚོགས་ལས་རིགས་སོ་སོའི་ཚུར་སྣང་ལན་ཆ་བཟང་པོ་དུས་ཐོག་ཏུ་མཚོན་པ་དང་། དྲང་ཕྱོགས་ཀྱི་དཔེ་མཚོན་དཔེ་སྟོན་སྣེ་ཁྲིད་དང་ལྡོག་ཕྱོགས་ཀྱི་བསླབ་གཞིའི་ཉེན་ཟོན་སློབ་གསོའི་ནུས་པ་འདོན་སྤེལ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་སྔོན་འགོག་བྱས་ནས་བྱ་བའི་ཕན་འབྲས་དངོས་ཐོན་ཐབས་བྱས་ཏེ་བརྗོད་དོན་སློབ་གསོའི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན།     
     ཚོགས་འདུའི་ཐོག ཞིང་ཆེན་ཡོངས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་ནུས་ལྡན་ཡོང་བར་བྱེད་པའི་གནད་དོན་དག་ཐེར་དང་གཙོ་གནད་བྱ་བར་སྐུལ་འདེད་གཏོང་བའི་བཀོད་གཏོང་ཚོགས་འདུའི་དགོངས་དོན་ལ་དཔེ་བསྡུར་བྱས་ཏེ། བྱ་བའི་དགོས་གཏུགས་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ་དང་འགན་ལེན་རང་བཞིན་གྱི་ལས་གཞི་ལག་བསྟར་བྱ་རྒྱུར་དམ་འཛིན་བྱས་ནས་གནད་དོན་དག་ཐེར་དང་གཙོ་གནད་བྱ་བ་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱེད་དགོས།  “1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ནས་སྦྲེལ་མཐུད་ནུས་ལྡན་གྱི་གནད་དོན་དག་ཐེར་དང་ཉིན་བརྒྱའི་འགག་སྒྲོལ་འགུལ་སྐྱོད་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་བསྣན་ཏེ་བྱ་བའི་འགན་ཁུར་ཏན་ཏིག་སྒྲུབ་པ་དང་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བ་དེ་བརྗོད་དོན་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། གཞི་གདངས་ནན་མོ་དང་བྱེད་ཐབས་དངོས་ལ་བརྟེན་ནས་བྱ་བ་སོ་སོར་ཕན་འབྲས་ཐོན་པར་སྦྲེལ་མཐུད་ནུས་ལྡན་བྱས་ཏེ་དངོས་ཕན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།     
  
     ཚོགས་འདུའི་ཐོག 《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཁུལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་ལག་བསྟར་ཇུས་གཞི》དང་། 《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐོར་ཞིབ་བྱ་བའི་འཆར་གཞི(2023ལོ་ནས2026ལོའི་བར)》《ཁུལ་ཨུའི་སྐབས་བཅུ་གསུམ་པའི་རེས་སྐོར་བཞི་པའི་སྐོར་ཞིབ་བྱ་བའི་ཇུས་གཞི》བཅས་ལ་གྲོས་ཞིབ་གནང་ཞིང་། ཁུལ་ཨུའི་སྐབས་བཅུ་གསུམ་པའི་རེས་སྐོར་གསུམ་པའི་སྐོར་ཞིབ་གནས་ཚུལ་དང་ཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་ལ་ཞིབ་བཤེར་དཔྱད་ཞིབ་བྱས་ཚུལ་སོགས་ཀྱི་བྱ་བའི་སྙན་ཞུར་གསན།    
 

     ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号