མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲན་ཏུང་གསོ་རིག་སློབ་ཆེན་དང་པོ(ཧྲན་ཏུང་ཞིང་ཆེན་གསོ་རིག་ཚན་རིག་ཁང)དང་ཅི་ནན་ཝུན་ཏ་གློག་རྡུལ་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་། ལང་ཁྲོ་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་བཅས་སུ་བསྐྱོད་དེ་བརྟག་ཞིབ་གནང་པ།

ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཀྲིག་ནའེ་ཞང་གིས་མཚོ་བྱང་གི་ཁ་གཏད་རོགས་སྐྱོར་བྱ་བར་བརྟག་ཞིབ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། ཟླ10པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཧྲན་ཏུང་གསོ་རིག་སློབ་ཆེན་དང་པོ(ཧྲན་ཏུང་ཞིང་ཆེན་གསོ་རིག་ཚན་རིག་ཁང)དང་ཅི་ནན་ཝུན་ཏ་གློག་རྡུལ་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་། ལང་ཁྲོ་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་བཅས་སུ་བསྐྱོད་དེ་བརྟག་ཞིབ་གནང་།    

ཧྲན་ཏུང་གསོ་རིག་སློབ་ཆེན་དང་པོ(ཧྲན་ཏུང་ཞིང་ཆེན་གསོ་རིག་ཚན་རིག་ཁང)རུ་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པས་སློབ་གྲྭ་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པར་མ་ཟད། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་ཧྲན་ཏུང་གསོ་རིག་སློབ་ཆེན་དང་པོའི་དབར་འཐབ་ཇུས་མཉམ་ལས་གྲོས་མཐུན་གན་རྒྱ་འཇོག་པའི་མཛད་སྒོ་སྤེལ་ལ། ཧྲན་ཏུང་གསོ་རིག་སློབ་ཆེན་དང་པོའི(ཧྲན་ཏུང་ཞིང་ཆེན་གསོ་རིག་ཚན་རིག་ཁང)ཏང་ཨུའི་ཧྲུའུ་ཅི་ཧན་ཅིན་ཞང་དང་། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་ཤིས་ཚིག་ཕུལ། རུང་ཧུང་ཀྲི་ཡིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཧྲན་ཏུང་གསོ་རིག་སློབ་ཆེན་དང་པོས་དུས་ཡུན་རིང་པོའི་ནང་མཚོ་བྱང་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས་མཚོ་བྱང་འཛུགས་སྐྲུན་དང་འཕེལ་རྒྱས་ནང་ཞུགས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས། ཧྲན་ཏུང་གསོ་རིག་སློབ་ཆེན་དང་པོ་ནི་ཧྲན་ཏུང་ཞིང་ཆེན་གྱི་གཙོ་གནད་ཐོག་འཛུགས་སྐྲུན་བྱས་པའི་མཐོ་རིམ་སློབ་གྲྭ་ཡིན་ལ་ཧྲན་ཏུང་ཞིང་ཆེན་གྱི་གསོ་རིག་ཚན་ཞིབ་སྒྲིག་གཞི་ཆེ་ཤོས་ཀྱང་ཡིན་པས་སློབ་གཉེར་གྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པས་རྒྱལ་ཁབ་ལ་སྨན་བཅོས་ཆེད་ལས་ཤེས་ལྡན་པ་གང་མང་ཞིག་གསོ་སྐྱོང་བྱས་ཡོད་པར་མ་ཟད། ཧྲན་ཏུང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་དང་། ལྷག་པར་རོགས་སྐྲུན་བྱ་བ་སྤེལ་ཚུན་སློབ་གྲྭས་སྔ་རྗེས་སུ་ཁག་བདུན་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ30མཚོ་བྱང་དུ་མངགས་ནས་ནད་ཐོག་སྨན་བཅོས་དང་སྨན་བཅོས་གསོ་སྦྱོང་སོགས་ཀྱི་བྱ་བ་སྤེལ་ཏེ་མཚོ་བྱང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དང་དམངས་འཚོར་ཕན་པ་འདོགས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅིང་། ཐེངས་འདིར་གྲོས་མཐུན་གན་རྒྱར་མིང་རྟགས་བཀོད་པ་དེས་ཕྱོགས་གཉིས་ཀྱི་མཉམ་ལས་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཞིང་། ཕྱོགས་གཉིས་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སློབ་གསོའི་སློབ་ཁྲིད། སྨན་བཅོས་ཞབས་ཞུ། ཁམས་གསོའི་ཐོན་ལས། གསར་བརྗེའི་ཉམས་ཞིབ་སོགས་ཀྱི་ཐད་གཏིང་ཟབ་པ་དང་ཁྱབ་ཁོངས་མང་བ། ཕྱོགས་ཡོངས་བཅས་ཀྱི་མཉམ་ལས་བྱེད་པ་དང་། ལྷག་པར་དུ་མཚོ་བྱང་འབྲིང་རིམ་ལས་རིགས་སློབ་གྲྭའི་ནད་སྐྱོང་དང་ཀྲུང་ལུགས་གསོ་རིག་ཁམས་གསོ། བོད་ལུགས་གསོ་རིག་དང་བོད་སྨན་སྨན་བཅོས་ཀྱི་སོགས་ཐད་ཆེད་ལས་མཛུབ་སྟོན་བྱས་ནས་མཚོ་བྱང་ཁུལ་གྱིས་ལུའུ་ཆིང་ཁམས་གསོ་ལྟེ་གནས་དེ་ཁུལ་ཡོངས་ཀྱི་གནས་གཏན་འཁེལ་གྱི་གཟུགས་པོར་བརྟག་དཔྱད་བྱེད་སའི་ལྟེ་གནས་དང་ཁམས་གསོའི་ཐོན་ལས་རྟེན་གཞིར་གཏོད་རོགས་བྱ་རྒྱུའི་རེ་བ་ཡོད་པར་བསྟན། ཧན་ཅིན་ཞང་གིས་མཚོ་བྱང་ཁུལ་གྱིས་སློབ་གྲྭའི(གླིང)འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས། ཐེངས་འདིར་འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི་གན་རྒྱ་བཞག་པ་དེ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ་བ་དང་མང་ཚོགས་ཀྱི་སྨན་བཅོས་བདེ་ཐང་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་རོགས་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན།  གོམ་སྟབས་རྗེས་མར“ཕྱོགས་གཉིས་ཕན་ཚུན་བརྗེ་རེས་དང་ཕྱོགས་གཉིས་ཕན་ཚུན་ནུས་སྤྲོད”ཀྱི་བྱེད་སྟངས་གསར་པ་གཞིར་བཟུང་སྟེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལས་གཏོད་ལས་ཞུགས། ཚན་ཞིབ་གསར་གཏོད། སྨན་བཅོས་ལག་རྩལ།  “གསར་བརྗེའི་སློབ་གསོའི་རྟེན་གཞི”འཛུགས་པ་སོགས་ཀྱི་ཐད་མཚོ་བྱང་ཁུལ་དང་ངོ་བོའི་རང་བཞིན་གྱི་མཉམ་ལས་བྱས་ནས། མཚོ་བྱང་གི་སློབ་གསོའི་འཕྲོད་བསྟེན་བདེ་ཐང་བྱ་གཞག་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་པར་བསྟན། ཧྲན་ཏུང་གསོ་རིག་སློབ་ཆེན་དང་པོའི(ཧྲན་ཏུང་ཞིང་ཆེན་གསོ་རིག་ཚན་རིག་ཁང)སློབ་གཙོ་གཞོན་པ(གླིང)ལིག་ཁྲོན་ཡུང་དང་མཚོ་བྱང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་ཕྱོགས་གཉིས་ཀྱི་ཚབ་བྱས་ནས《འཐབ་ཇུས་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་དེ་གན་རྒྱ་བཞག    

ཅི་ནན་ཝུན་ཏ་གློག་རྡུལ་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་དུ་ཤ་བོ་སྐྱབས་ཀྱིས་ཁེ་ལས་ནང་ཁུལ་གྱི་བྱེད་ནུས་ཁུལ་སོ་སོར་དངོས་སུ་ལྟ་སྐོར་བྱས་ནས་ཀུན་འཕྲོད་རྩི་ཐབས་རིག་ནུས་དང་མཐའ་མཚམས་རྩིས་རྒྱག་ཉིང་ལྷེབ་ཞིབ་འཇུག་གསར་སྤེལ་ཐོན་སྐྱེད་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། ཁེ་ལས་ཀྱི་འགན་འཁུར་བ་དང་མཉམ་དུ་མཚོ་བྱང་ལ་མ་དངུལ་གཏོང་བའི་བསམ་འདུན་དང་བསམ་ཕྱོགས་ལ་གླེང་མོལ་བྱས་ཤིང་། མཚོ་བྱང་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཁྲུངས་ཡུལ་ཡིན་ལ། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་སློབ་གསོའི་རྟེན་གཞིར་སྒོ་བྱང་བཀལ་བའི་གནས་ཀྱང་ཡིན་པས་བསིལ་གྲང་གི་གནམ་གཤིས་ལྡན་ལ། གློག་རིན་དམའ་པོ་ཡིན་པས་གྲངས་གཞི་ཆེན་མོ་དང་རྩིས་རྒྱག་ཁེ་ལས་འཕེལ་རྒྱས་གཏོང་རྒྱུར་འཚམ། མཚོ་བྱང་ཁུལ་གྱིས་མུ་མཐུད་དུ་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། གཟིགས་སྐྱོང་སྲིད་ཇུས་མང་དུ་འདོན་པ། མཐུན་སྦྱོར་ཞབས་ཞུར་ཤུགས་སྣོན་པ་བཅས་བྱས་ཏེ་མཐོ་གསར་ལག་རྩལ་ཐོན་ལས་སྣ་ཚོགས་མཚོ་བྱང་དུ་གཞི་ཆགས་ནས་འཕེལ་རྒྱས་འགྲོ་རྒྱུར་སྟེགས་བུ་བཟང་པོ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་པར་བསྟན་པ་དང་། ཧྲན་ཏུང་ཞིང་ཆེན་ལང་ཁྲོ་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་དུ་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པས་ལང་ཁྲོ་སྡེ་ཚོགས་འཕེལ་རྒྱས་ལོ་རྒྱུས་དང་ལག་རྩལ་ཆུ་ཚད། གསར་གཏོད་གྲུབ་འབྲས། དེ་བཞིན་སྤྲིན་རྩིས་དང་གྲངས་གཞི་ཆེན་མོ་སོགས་ཁྱབ་ཁོངས་སུ་ཐོབ་པའི་གྲུབ་འབྲས་ལ་རྟོག་ཞིབ་དང་རྒྱུས་ལོན་བྱས་ཤིང་། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་སྔོག་འདོན་དང་། མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ། མཚོ་བྱང་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་བརྗེ་རེས་གཏིང་ཟབ་བྱས།

ཧྲན་ཏུང་གསོ་རིག་སློབ་ཆེན་དང་པོ(ཧྲན་ཏུང་ཞིང་ཆེན་གསོ་རིག་ཚན་རིག་ཁང)དང་ཅི་ནན་ཝུན་ཏ་གློག་རྡུལ་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་། ལང་ཁྲོ་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། མཚོ་བྱང་ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་། སུང་ཞུག་ཙུང་། སངས་འབུམ། ཚོ་ཅི་ཆང་བཅས་དང་དེ་བཞིན་འཐུས་ཚབ་ཚོགས་པའི་ཁོངས་མི་གཞན་དག་འབྲེལ་ཡོད་བྱེད་སྒོར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号