སྦི་རག་ཐོན་ལས་གསར་གཏོད་ཀྱིས་མཚོ་བྱང་རྐང་ཚའི་གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་གསར་པ་བསྣན་པ།

སྟོན་གཞུང་གི་དུས་ཚིགས་འདིར། ག་ས་གང་དུ་སྟོན་འབྲུ་བསྡུ་བའི་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་སྦི་རག་ཐོན་ལས་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་ས་ཚིགས་ཀྱི་འཛུགས་སྐྲུན་ལས་གཞི་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པས་ཡུལ་དེར་བྲེལ་འཚུབ་ཀྱི་ཡོ་ལང་རྣམ་པར་རྒྱས་འདུག

ལས་གཞི་ཨར་ལས་བྱེད་པའི་ཡུལ་དངོས།

ལས་གཞི་དེ་ནི་དེ་སྔའི་དངོས་རྫས་ཕྱིར་བསྡུ་ལྟེ་གནས་ཀྱི་ད་ཡོད་ཀྱི་བཟོ་ཁང་གི་སྒྲིག་བཀོད་རྨང་གཞིའི་སྟེང་བསྐྱར་དུ་སྐྲུན་པ་དང་། སྦི་རག་ཐོན་སྐྱེད་ལས་རིམ་འཛུགས་བསྐྲུན་བྱེད་པར་ཁྱོན་མ་དངུལ་སྒོར་ཁྲི989བཏང་བ་དང་དེ་དག་ཚང་མ་ཧྲན་ཏུང་རོགས་སྐྲུན་གྱི་མ་དངུལ་རེད། སྔོན་དཔག་བྱས་ན་ལས་གཞི་དེ་ནི་ད་ལོའི་ལོ་མཇུག་ཏུ་ལས་མཇུག་སྒྲིལ་སྲིད་ལ། ཐོན་ཁུངས་དང་ཁྲོམ་རའི་ཤོང་ཚད་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་ལོ་རེར་སྦི་རག་ཏུན950ཐོན་སྐྱེད་བྱ་སྲིད།  

སྦི་རག(精酿啤酒)ཐོན་སྐྱེད་བྱེད་སྟངས་སྟབས་བདེ་ཞིང་འགྲིག་ཆ་དོད་པ། རང་འགུལ་ཅན་གྱི་ཆུ་ཚད་མཐོ་བ་དང་ཟད་གྲོན་ཆུང་བ། ས་ཁོད་རྒྱ་ཁྱོན་ཆུང་ལ་ཐོན་སྐྱེད་ཁོར་ཡུག་གི་འཕྲོད་བསྟེན་གཙང་ཞིང་སྦགས་བཙོག་མེད་པ་བཅས་ཡིན། དཀོན་ལོ་གོང་མ་སྡེ་བའི་འགྲིམ་འགྲུལ་ལྟོས་བཅས་ཀྱིས་སྟབས་བདེ་ལ་རང་བྱུང་སྐྱེ་ཁམས་ཐོན་ཁུངས་དང་མི་ཆོས་ཡུལ་ལྗོངས་ཕུན་སུམ་ཚོགས་པ། ལས་གཞིར་ས་གནས་ཀྱི་ནས་དང་གཙང་ཆབ་རྒྱུ་ཆ་བྱས་ནས་ཁྱད་ལྡན་སྦུ་རག་གཙོ་བོ་བཟུང་ནས་ཐོན་སྐྱེད་བྱེད་པ་དང་། དེ་མིན་ཁྱད་ཆོས་སྣ་འཛོམས་ཀྱི་སྦི་རག་བསྙལ་ཏེ་ས་གནས་ཀྱི་སྦི་རག་གི་ཆས་རྟགས་ཧུར་ཐག་གིས་གཏོད་རྒྱུ་རེད།

ལས་གཞི་ཨར་ལས་བྱེད་བཞིན་པའི་ཡུལ་དངོས།

ལས་གཞི་འཁོར་སྐྱོད་བྱས་རྗེས། སྔོན་དཔག་བྱས་ན་ལོ་རེར་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི179.44ཟིན་རྒྱུ་ཡིན་པ་དང་། སྡེ་བའི་ཐུན་མོང་ཐོན་ལས་འཕེལ་རྒྱས་དང་ཐུན་མོང་དཔལ་འབྱོར་གྱི་སྤྱི་འབོར་མཐོ་རུ་འགྲོ་བ་མངོན་གྱུར་བྱུང་བའི་རྨང་གཞིའི་སྟེང་བཟའ་བཏུང་དང་བྲིན་ཚོང་། སྐྱེལ་འདྲེན་སོགས་འབྲེལ་ཡོད་ལས་རིགས་གཞན་པ་འཕེལ་རྒྱས་བཏང་ནས་སྡེ་བའི་ཐུན་མོང་ཡོང་འབབ་ཧྲིལ་པོ་རྒྱུན་མཐུད་དང་མགྱོགས་མྱུར། བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་སྲིད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号