ཧྲན་ཏུང་དང་མཚོ་སྔོན་གྱི་ཟོག་འདྲེན་མེ་འཁོར་ཐོག་མ་བདེ་བླག་ངང་གཏོང་མགོ་བརྩམས།



ཟླ11པའི་ཚེས1ཉིན་གྱི་སྔ་དྲོར། ཧྲན་ཏུང་དང་མཚོ་སྔོན་གྱི་ཟོག་འདྲེན་མེ་འཁོར་ཐོག་མ་གཏོང་བའི་མཛད་སྒོ་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་ཅི་ཐེ་ཟོག་འགྲེམས་གླིང་འགག་སྒོའི་ལྟ་སྐུལ་དོ་དམ་ས་ཚིགས་སུ་སྤེལ་ལ། ལིན་དབྱི་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་རིན་ཀང་དང་། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཛད་སྒོར་ཕེབས་ནས་ཤིས་ཚིག་ཕུལ། ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པའི་རུ་སྣེ་ཁྲིད་མཁན། ཧྲན་ཏུང་ཞིང་ཆེན་གྱི་མཚོ་སྐྱོར་ལས་བྱེད་པའི་དོ་དམ་ཚན་ཆུང་གི་ཚན་གཙོ། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་མཛད་སྒོ་གཙོ་སྐྱོང་གནང་། 

ཐེངས་འདིར་ཧྲན་ཏུང་དང་མཚོ་སྔོནགྱི་ཟོག་འདྲེན་མེ་འཁོར་ཐོག་མ་གཏོང་བའི་ཁྲོད། ལིན་དབྱི་ས་ཁུལ་གྱི་རྒྱུན་སྤྱོད་དངོས་ཟོག་དང་འགྱིག་རྫས། ལྕགས་རིགས། འཁོར་ལོ། གློག་སྐུད་སོགས་དངོས་ཟོག་སྣ་ཚོགས་ཏུན800ལྷག་ཙམ་ཡོད་ཅིང་། ཁྱོན་འཁོར་སྒམ37དང་དངོས་ཟོག་རིན་ཐང་སྒོར་ཁྲི1500ལྷག་ཙམ་ཟིན་ལ། ཚང་མ་སྣ་ཁ་རྐྱང་པའི་རིགས་ཡིན་ཞིང་། ལིན་དབྱི་གྲོང་ཁྱེར་ནས་སྤྱི་ལེ2000ལྷག་ཙམ་ཡོད་པའི་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར་དུ་སྐྱེལ་རྒྱུ་ཡིན་པ་དང་། མེ་འཁོར་གྱི་དུས་ཡུན་ཆུ་ཚོད48ཡིན་པ་རེད། མེ་འཁོར་དེ་ཧྲན་ཏུང་དབྱི་མོང་འགྲིམ་འགྲུལ་མ་འཇོག་འཕེལ་རྒྱས་སྡེ་ཚོགས(ལིན་དབྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་རིམ་པ་དང་པོའི་རྒྱལ་དབང་ཁེ་ལས)ཁོངས་གཏོགས་ཀྱི་ཧྲན་ཏུང་རོས་ཧྥིན་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་དོ་དམ་སྤྱི་གཉེར་ཁང་གིས་སྒྲིག་འཛུགས་བྱས་ནས་གཉེར་སྐྱོང་བྱས་པ་ཞིག་རེད། 

ཧྲན་ཏུང་དང་མཚོ་སྔོན་གྱི་ཟོག་འདྲེན་མེ་འཁོར་བདེ་བླག་ངང་ཤར་གཏོང་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད།  མཚོ་བྱང་ཁུལ་གྱིས་ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཏང་སྲིད་མགོ་ཁྲིད་གཙོ་བོའི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཏང་སྲིད་འཐུས་ཚབ་ཚོགས་པ་ཐེངས་མང་བཙུགས་ཏེ་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་དུ་བསྐྱོད་ནས་སྦྲེལ་མཐུད་སྙན་ཞུ་ཞུས་པ་དང་།  ཧྲན་ཏུང་གི་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པའི་དོ་དམ་ཚན་ཆུང་གིས་འབྲེལ་ཟམ་དང་རྒྱུས་ལོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་།   རོགས་སྐྲུན་ཐབས་ལམ་གསར་གཏོད་བཅས་བྱས་ལ། ད་ལོར་ཧྲན་ཏུང་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་སྒོར་ཁྲི9000ཙམ་གྱིས་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཉོ་སྒྲུབ་བྱས།  ཧྲན་ཏུང་དབྱི་མོང་འགྲིམ་འགྲུལ་མ་འཇོག་འཕེལ་རྒྱས་སྡེ་ཚོགས་དང་མཉམ་འབྲེལ་ཐོག་ཧྲན་ཏུང་དང་མཚོ་སྔོན་གྱི་ཟོག་འདྲེན་མེ་འཁོར་ཕྱོགས་གཉིས་སུ་གཏོང་བ་འཆར་འགོད་ཧུར་ཐག་བྱས་ཡོད། “ཚོང་འགྲུལ་དང་མཛོད་རྒྱུགས”གཞི་གཅིག་ཅན་གྱི་རྣམ་གྲངས་ལག་བསྟར་བྱས་ཏེ་ཤར་ནུབ་རྒྱུད་ཀྱི་ཚོང་དོན་ཟོག་འགྲེམས་བགྲོད་ལམ་ཆེན་མོ་གཏོད་རྒྱུར་གཞོལ་ནས“རྒྱུད་གཅིག་ལམ་གཅིག”གི་ཐོན་ལས་ཀྱིས་མཚོ་སྔོན་རོགས་སྐྱོར་བྱེད་སྟངས་གསར་པ་འཚོལ་ཞིབ་དང་། ཁ་གཏད་རོགས་སྐྱོར་ས་ཁོངས་ཀྱི་མཉམ་ལས་བྱེད་པའི“རིམ་སྤོར་པར་གཞི”ནུས་ཤུགས་ཡོད་རྒུས་བཏོད་དེ་ཧྲན་ཏུང་དང་མཚོ་སྔོན་མཉམ་ལས་བརྗེས་རེས་ཀྱི་བྱེད་ཐབས་གསར་པ་དང་ཆས་རྟགས་གསར་པ་བཏོད་ནས་ཧྲན་ཏུང་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་ཐོན་ཁུངས་ལེགས་ཆ་ཕན་ཚུན་གསབ་རེས་དང་ཚོང་དོན་འཁོར་རྒྱུག་གི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད། གོམ་སྟབས་རྗེས་མར། ཧྲན་ཏུང་དང་མཚོ་སྔོན་གྱི་ལྕགས་ལམ་ཟོག་འདྲེན་མེ་འཁོར་གཏོང་ཐེངས་རིམ་བཞིན་ཇེ་མང་དུ་བཏང་ནས་རྒྱུན་རྣམ་ཅན་གྱི་གཉེར་སྐྱོང་ཐུབ་པར་བྱས་ཏེ་ཧྲན་ཏུང་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་སྤྱི་པའི་ལྕགས་ལམ་མཉམ་འདྲེན་གྱི་ཟོག་འདྲེན་མ་ལག་ཧུར་ཐག་བསྐྲུན་ནས་ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་བརྗེ་རེས་དེ་བས་གཏིང་ཟབ་དང་ཁྱབ་ཁོངས་དེ་བས་ཆེ་བ། ཆུ་ཚད་དེ་བས་མཐོ་བ་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། རླབས་ཕྲེང་དགུང་དུ་འཕྱུར་བའི་མཚོ་སྔོན་པོ་དང་མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ་ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཡག་པོ་སྤྱད་དེ་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་དང་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཧྲན་ཏུང་དུ་བྲིན་ཚོང་བྱ་རྒྱུ། མཚོ་བྱང་ཁུལ་གྱིས་ཧྲན་ཏུང་དང་མཚོ་སྔོན་གྱི་ཟོག་འདྲེན་མེ་འཁོར་ཤར་གཏོང་ཐུབ་རྒྱུ་གོ་སྐབས་སུ་བྱས་ནས་འབྲེལ་མཐུད་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་པ་དང་སྐྱེ་ཁམས་སྲུང་སྐྱོབ་དང་ནུས་རྒྱུ་གཙང་མ། ཞིང་ཕྱུགས་ཐོན་ལས་སོགས་ཁྱབ་ཁོངས་ལ་དམིགས་ནས་མཉམ་ལས་གཏིང་ཟབ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས་སྒྲིག་བཀོད་འབྲེལ་མཐུད་དང་དཔལ་འབྱོར་ཚོང་དོན་གཉིས་ཕན། ཐོན་ལས་ཕན་ཚུན་སྐུལ་འདེད་བཅས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཁ་གཏད་རོགས་སྐྲུན་གྱིས་རི་ཆུ་བརྒལ་བའི“འགྲིམ་འགྲུལ་ཚོགས་པ”དང་གཉིས་ཁེ་གཉིས་ཕན་གྱི“དཔལ་འབྱོར་ཚོགས་པ”ཐུན་མོང་ཐོག་བཏོད་ནས་ཁ་གཏད་མཚོ་སྐྱོར་དང་མཚོ་སྐྱོར་མཉམ་ལས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མཚོ་བྱང་ཐོན་ལས་ཀྱི་ཆས་རྟགས་གཏོད་པ་དང་ལེགས་ཆ་འཛོམས་པ། ཚད་གཞི་ལྡན་པ་བཅས་བྱེད་རོགས་བྱས་ནས་ས་ཁུལ་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་གསར་པ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

མཛད་སྒོའི་ཐོག ཧྲན་ཏུང་དབྱི་མོང་འགྲིམ་འགྲུལ་མ་འཇོག་འཕེལ་རྒྱས་སྡེ་ཚོགས་ཀྱི་ལས་འཛིན་པ་ཁྲིན་ཆིན་ཚུན་གྱིས་ཧྲན་ཏུང་དང་མཚོ་སྔོན་གྱི་ཟོག་འདྲེན་མེ་འཁོར་གྱི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། མཛད་སྒོར་ཞུགས་པའི་མགོ་ཁྲིད་དང་མཉམ་དུ“ཧྲན་ཏུང་དང་མཚོ་སྔོན་གྱི་ཟོག་འདྲེན་མེ་འཁོར”དངོས་སུ་གཏོང་མགོ་བརྩམས་པའི་དུང་བརྡ་བརྒྱབ། 

མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་དང་། ཧྲན་ཏུང་གི་མཚོ་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་འཐུས་མི། ལིན་དབྱི་གྲོང་ཁྱེར་དང་ལན་ཧྲན་ཆུས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ས་གནས་ལྕགས་ལམ་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་དེ་བཞིན་ཟོག་འགྲེམས་ཁེ་ལས་ཁག་ཅིག་གི་འཐུས་མི་བཅས་ཁྱོན་མི130ལྷག་ཙམ་བྱེད་སྒོར་ཞུགས།    


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号