ཤ་བོ་སྐྱབས་ཀྱིས་གསར་བསྐོས་ལས་བྱེད་པ་དང་གོ་གནས་སྤར་བའི་ལས་བྱེད་པ་ལས་གནས་ལ་མ་ཞུགས་གོང་གི“སློབ་ཁྲིད་དང་པོ”གནང་པ།

ཟླ12པའི་ཚེས27ཉིན། མཚོ་བྱང་ཁུལ་གྱིས་གསར་དུ་བསྐོ་གཞག་བྱས་པའི་རྫོང་རིམ་པའི་ལས་བྱེད་པའི་ཐུན་མོང་གླེང་མོལ་ཚོགས་འདུ་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསར་བསྐོས་ལས་བྱེད་པ་དང་གོ་གནས་སྤར་བའི་ལས་བྱེད་པ25ལ་ལས་གནས་སུ་མ་ཞུགས་གོང་གི“སློབ་ཁྲིད་དང་པོ”གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་།  ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་། ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ཚབ་མ་ལའེ་མིན། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སི་ཅི་ཧྲིན་བཅས་ཚོགས་འདུར་ཞུགས།    


ཤ་བོ་སྐྱབས་ཀྱིས་ད་ལོ་ནས་བཟུང་མཚོ་བྱང་ཁུལ་ཨུས་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་བྱང་ཚད་གསོ་སྐྱོང་དང་བྱ་བ་སྒྲུབ་མཁས་པ། འདེམས་སྒྲུག་བསྐོ་སྤྱོད། དོ་དམ་ནན་མོ། དྲང་ཕྱོགས་ལ་སྐུལ་ལྕག་གཏོང་བ་བཅས་མ་ལག་ཆེ་གྲས་ལྔ་འཐུས་ཚང་དུ་བཏང་བ་དང་། ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་བྱེད་པའི“ངེས་པར་འདོན་དགོས་པ་བཞིའི”བླང་བྱ་དོན་འཁྱོལ་ནན་མོ་བྱས་པ། ལས་བྱེད་པ་འདེམས་བསྐོ་བྱེད་པའི“འཇུག་སྒོ”ནན་དུ་བཏང་བ། ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་བཏང་བ། ཞུམ་པ་མེད་པ། སྤྱི་སེམས་ཆེ་བ། འགན་ཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་འདེམས་བསྐོ་བྱས་པས་ཁུལ་ཨུས་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོར་བརྩི་བ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ལས་བྱེད་མི་སྣར་འདེམས་སྤྱོད་ཀྱི་ཁྲིད་ཕྱོགས་མངོན་གསལ་དོད་པོའི་མངོན་ཡོད། གསར་བསྐོས་ལས་བྱེད་པ་དང་གོ་གནས་སྤར་བའི་ལས་བྱེད་པས་ཞིང་ཆེན་ཏང་ཨུའི“ལས་བྱེད་པས་བྱ་བ་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་པའི”བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གང་མགྱོགས་སྒོས་གནས་བབ་ལ་འགྱུར་ལྡོག་གཏོང་བ་དང་ཁོར་ཡུག་གསར་བར་འཇུག་པ། ལས་གནས་གསར་པར་འཚམ་པ། འབད་བརྩོན་ལྷུར་ལེན་བཅས་བྱས་ནས་དེ་ལས་མང་བའི་བསམ་པའི་འཁྱེར་སོ་དང་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ཁུལ་ཨུ་དང་ཁུལ་ཡོངས་ཀྱི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཡག་པོ་ཞིག་དབུལ་དགོས་པར་བསྟན།


ཤ་བོ་སྐྱབས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ཁུལ་བཅས་ཀྱི་འབྲེལ་ཡོད་སློབ་སྦྱོང་གི་བླང་བྱ་ནན་མོ་སྒོས་གཞིར་བཟུང་། “སློབ་སྦྱོང་སྟོབས་ལྡན་རྒྱལ་ཁབ”ལས་སྟེགས་ཀྱི་སློབ་སྦྱོང་གི་ལས་འགན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རིགས་སོ་སོའི་དྲ་ཐོག་སློབ་སྦྱོང་ལས་སྟེགས་བེད་སྤྱད་དེ་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱེད་དགོས། གཞི་རིམ་དུ་མང་ཙམ་བསྐྱོད་དེ་རྒྱ་ཆེའི་མང་ཚོགས་དང་གཞི་རིམ་ལས་བྱེད་པའི་འབོད་སྐུལ་དང་བསམ་འཆར་ལ་ཉན་ནས་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་མཁས་པ་བྱས་ནས“མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་བླང་བྱར་དམིགས་པ་དང“གཞན་གྱིས་ལན་གཅིག་སྦྱངས་ནས་ཤེས་སར་རང་གིས་ལན་བཅུ་སྦྱོང་བར་བྱེད་པའི”སྙིང་སྟོབས་ཐོག་སེམས་ནུས་ཡོད་རྒུ་དེ་འཕེལ་རྒྱས་དོན་གཉེར་དང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུར་སྤྱད་དེ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་ཧུར་ཐག་གིས་གཏོད་དགོས། ཐོན་ལས་ཀྱི“གནས་བཞི”གཏོད་པ་དང་གསར་བརྗེའི་ཉམས་ཞིབ་སློབ་སྦྱོང་མགྱོགས་མྱུར་འཕེལ་རྒྱས་གཏོང་པ། དཔལ་འབྱོར་གསོ་སྦྱོང་སོགས་གལ་ཆེའི་ལས་འགན་གྱི་འཐབ་ཕྱོགས་དང་པོར་བྱས་རྗེས་འཇོག་ཐུབ་པ་དང་རྩ་འཛུགས་ཀྱི་ཡིད་ཆེས་མངག་བཅོལ་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་ཏན་ཏིག་བསྒྱུར་ནས“རིགས་གསུམ”གྱི་ལས་བྱེད་པའི་ཁྲོད་དུ་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་མཁས་པའི་ལས་བྱེད་པ་ཞིག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་སེམས་སུ་གུས་སྐྲག་གི་བསམ་པ་བཅངས་ནས 《ཏང་གི་སྒྲིག་ཡིག》ཉམས་ཞིབ་ནན་ཏན་དང་ཏང་གི“སྒྲིག་ཁྲིམས་ཆེན་མོ་དྲུག”ལ་རྒྱུན་དུ་སློབ་སྦྱོང་དང་བསམ་བློ་གཏོང་བ།  “མགོ་ཁྲིད་དང་པོས”འགན་འཁྲི་ཨང་དང་པོར་ལག་བསྟར་ནན་ཏན་བྱེད་པ།  ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ཡག་པོ་དང“གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ།  “གཏན་འགོག་བཅུ”ཡི་སྒྲིག་ཁྲིམས་ཀྱི་བླང་བྱ་ཇི་མ་ཇི་བཞིན་བརྩི་སྲུང་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ“ འཇིགས་བཀུར་ཤེས་པ་དང་མཐའ་ཚད་རྟོགས་པ། སྒྲིག་ལམ་སྲུང་བ”བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་ཞིག་བྱེད་དགོས་པ་ནན་གྱིས་བསྟན།


ཚོགས་འདུའི་ཐོག གསར་དུ་བསྐོ་གཞག་བྱས་པའི་རྫོང་རིམ་པའི་ལས་བྱེད་པར་ཐུན་མོང་ཐོག་སྲིད་གཙང་གླེང་མོལ་བྱས་ཤིང་། གསར་བསྐོས་ལས་བྱེད་པ་དང་གོ་གནས་སྤར་བའི་ལས་བྱེད་པས་གཏམ་བཤད་སྤེལ།    


ཚོགས་འདུ་གྲོལ་རྗེས། གསར་བསྐོས་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་། སྐལ་བཟང་གི་གཞིས་རྙིང་།  ཁུལ་སྲིད་གཙང་སློབ་གསོའི་རྟེན་གཞི་བཅས་སུ་བསྐྱོད་དེ་ཐུན་མོང་ཐོག་སློབ་སྦྱོང་བྱས་ལ། ལས་བྱེད་པས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་དུ་བཟུང་སྟེ་སྐལ་བཟང་དང་། ལེན་ཧྥུའུ་ཀྲང་། མཁའ་འགྲོ་ཐར་སོགས་སྔོན་ཐོན་དཔེ་བཟང་ལ་སློབ་སྦྱོང་བྱས་ནས་དམངས་ལ་ཞབས་འདེགས་ཞུ་བ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བརྩེ་སེམས་དེ་འགག་སྒྲོལ་དཀའ་སེལ་དང་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སུ་བསྒྱུར་ཏེ“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་པར་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号