ཤ་བོ་སྐྱབས་ཀྱིས་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པའི་ཞབས་ཞུ་དོ་དམ་བྱ་བར་བརྟག་ཞིབ་མཛུབ་ཁྲིད་གནང་པ།


ཟླ1པོའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཟི་ལིང་དུ་བསྐྲུན་ཡོད་པའི་མཚོ་བྱང་ཁུལ་གྱི་ལས་བྱེད་ཤེས་ལྡན་མི་སྣའི་ལས་ཤག་ཏུ་བསྐྱོད་དེ་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པའི་ཞབས་ཞུ་དོ་དམ་བྱ་བར་ཆེད་དམིགས་བརྟག་ཞིབ་མཛུབ་ཁྲིད་གནང་།

ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ལས་བྱེད་པ་རྒན་པའི་ཞབས་ཞུ་སུའོ་ཟླ་སྒྲིལ་བྱས་པའི་གཞུང་ལས་ཁང་དང་ལས་བྱེད་པ་རྒན་པའི་བྱ་འགུལ་ལྟེ་གནས་ཀྱི་མཉེན་ཆས་སྒྲིག་བཀོད་ཆ་ཚང་དང་བྱེད་ནུས་བཀོད་སྒྲིག འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། ཞབས་ཞུ་སུའོ་ཡི་མི་སྣའི་སྒྲིག་གཞི་བཀོད་སྒྲིག་དང་བྱ་འགུལ་ལྟེ་གནས་བེད་སྤྱོད། རྒྱུན་གཏན་གྱི་བྱ་བ་སྒྲུབ་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་ལ། ལས་བྱེད་པ་རྒན་པའི་ཞབས་ཞུ་དོ་དམ་བྱ་བ་དང་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པའི་ཏང་ཀྲི་པུའུ་འཛུགས་སྐྱོང་དང་དེ་བཞིན་ཁུལ་གྱི་ལས་བྱེད་པ་རྒན་པའི་གནམ་ལོ་གསར་བ་བསུ་བའི་ཇ་སྟོན་ཚོགས་འདུ་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་གསན་གཟིགས་མཛད།     

ཤ་བོ་སྐྱབས་ཀྱིས་ཁུལ་དང་རྫོང་གི་ལས་བྱེད་པ་རྒན་པའི་ཞབས་ཞུ་སུའོ་ཡིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དགོས་པ་དང་བྱ་བའི་ནུས་པ་ཆེ་རུ་གཏོང་བ།  ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་ལས་བྱེད་པ་རྒན་པ་ཚོར་བདེ་སྐྱིད་ཀྱི་ཚེ་མཇུག་ལོངས་སྤྱོད་བྱ་ཆེད་ཞིབ་ཚགས་དང་གནད་སྨིན་གྱི་ཞབས་ཞུ་འགན་ལེན་བྱེད་དགོས་པ་སྟེ། གཅིག་ནས་བྱ་འགུལ་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ།  ཚན་རིག་དང་མཐུན་པའི་འཆར་འགོད་དང་ཇུས་འགོད་བྱེད་པ།  འཁོར་སྐྱོད་དོ་དམ་ལ་ཤུགས་སྣོན་པ་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ།  བྱ་བ་སྒྲུབ་སྟངས་གསར་གཏོད་བྱེད་པ། ལས་བྱེད་པ་རྒན་པའི་ཞབས་ཞུ་སུའོ་ཡི་སྐད་འཕྲིན་སྤྱི་སྟེགས་ཡག་པོར་གཉེར་ཏེ་ལས་བྲལ་ལས་འཁྱུར་གྱི་རྒྱ་ཆེའི་ལས་བྱེད་པས་ལས་བྱེད་པ་རྒན་པའིབྱ་བརརྒྱུས་ལོན་བྱེད་པའི་སྨྱན་སྦྱོར་གསར་པའི་ལས་སྟེགས་ཧུར་ཐག་སྒོས་བསྐྲུན་ནས་ལས་བྱེད་པ་རྒན་པར་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།  གཉིས་ནས་ལས་བྲལ་ལས་འཁྱུར་གྱི་ཏང་ཡོན་ལས་བྱེད་པས་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུའི་སྒྲིག་འཛུགས་དང་ཁྲིད་སྟོན་ཧུར་ཐག་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རང་རྟོགས་ངང་ལག་བསྟར་བྱས་ཏེ་ལས་བྲལ་ལས་འཁྱུར་གྱི་ཏང་ཡོན་ལས་བྱེད་པའི་རྩ་འཛུགས་སྔར་བས་གཅིག་ཏུ་སྒྲིལ་ནས་ལས་བྱེད་པ་རྒན་པསཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་་ཐབས་འདོན་ཇུས་འབུལ་བྱེད་པར་ཁྲིད་སྟོནབྱེད་དགོས་པ་དང་། ལས་བྱེད་པ་རྒན་པར་ཆབ་སྲིད་ཐད་གཟི་བརྗིད་ཀྱི་བསམ་པ་དང་རྩ་འཛུགས་ཐད་ཁོངས་གཏོགས་ཀྱི་བསམ་པ་ཡོད་པ། འཚོ་བའི་ཐད་སྐྱིད་སྣང་ཡོད་པ་བཅས་བྱེད་དགོས།  གསུམ་ནས་སེམས་ཤུགས་ཡོད་རྒུ་བཏོན་ནས་ལས་བྱེད་པ་རྒན་པའིབྱ་བ་ཡག་པོར་སྒྲུབ་པ་དང་ལས་སྟེགས་ཧུར་ཐག་སྒོས་བསྐྲུན་པ།  བྱ་འགུལ་གྱི་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སེམས་ཁུར་དང་གཅེས་སྐྱོང་གི་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱེད་པ།  ལས་བྱེད་པ་རྒན་པས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི།  འཚོ་བའི་ཐད་ཀྱི་རེ་ཞུ་ཉན་འཇོག་ནན་ཏན་བྱེད་པ།  ལས་བྱེད་པ་རྒན་པའི་སྲིད་ཇུས་ཀྱི་གསོལ་ཐང་སྣ་ཚོགས་དོན་འཁྱོལ་ཧུར་ཐག་བྱས་ཏེ་ལས་བྱེད་པ་རྒན་པའི་ཤེས་བྱ་སློབ་གཉེར་དང་བདེ་ཐང་བརྩོན་ལེན།  སྤྲོ་སྐྱིད་འཚོལ་ཞིབ།  གཞན་དོན་སྒྲུབ་འདོད་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཐབས་བྱས་ཏེ་བསམ་བློའི་ཐད་ཐུགས་ཁུར་དང་འཚོ་བའི་ཐད་གཟིགས་སྐྱོང་། བསམ་པའི་ཐད་སེམས་ཁུར་བཅས་བྱེད་པའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱ་དགོས།  བཞི་ནས་གྲོན་ཆུང་བསྲི་ཚགས་ཀྱི་འདུ་ཤེས་དང་སྤུས་ཚད་བཟང་པོར་བརྟེན་ནས་ལས་བྱེད་པ་རྒན་པའི་གནམ་ལོ་གསར་བ་བསུ་བའི་ཇ་སྟོན་ཚོགས་འདུ་ཡག་པོར་གཉེར་བ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱ་ཆེའི་ལས་བྱེད་པ་རྒན་པར་ཐུགས་ཁུར་དང་གཅེས་སྐྱོང་གང་ལེགས་བྱེད་པ་མཚོན་པར་བྱས་ཏེ་ལས་བྱེད་པ་རྒན་པ་ཚོ་རང་ཁྱིམ་ལ་ཐོན་པའི་སྐྱིད་སྣང་དངོས་སུ་ཚོར་དུ་འཇུག་དགོས་པ་ནན་གྱིས་བསྟན།

ཤ་བོ་སྐྱབས་ཀྱིས་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས“འཚོ་བ་བབ་ཆགས་སྐྱེལ་བའི”བསམ་བློ་བརྟན་པོར་བཙུགས་ནས་སྟབས་བདེ་དང་སྤྱོད་གོ་ཆོད་པའི་འདུ་ཤེས་ལ་བརྩི་སྲུང་ཞུ་བ་དང་། དགོས་ངེས་ཀྱི་འཚོ་བའི་སྒྲིག་ཆས་བཀོད་སྒྲིག་བྱེད་པ། མཚོ་བྱང་ཁུལ་གྱི་ལས་བྱེད་ཤེས་ལྡན་མི་སྣའི་ལས་ཤག་འཛུགས་སྐྲུན་དང་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་གཞི་རྩའི་ཆ་ནས་གནས་སྡོད་བྱེད་པའི་ཆ་རྐྱེན་འཛོམས་པར་བྱས་ཏེ་ཧྲན་ཏུང་གི་མཚོ་སྐྱོར་ཤེས་ལྡན་མི་སྣའི་ཟི་ལིང་གི་ཁྱིམ་གཞིས་ཤིག་ཏུ་འགྱུར་བར་བྱེད་དགོས་ལ། ཁུལ་ལས་བྱེད་པ་རྒན་པའི་ཞབས་ཞུ་སུའོ་ཡིས་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཤེས་ལྡན་མི་སྣའི་ལས་ཤག་དོ་དམ་བྱ་བ་ཡག་པོར་སྒྲུབ་པ་དང་འཁོར་སྐྱོད་ལམ་སྲོལ་འཛུགས་པ། འཐུས་ཚང་དུ་གཏོང་བ། སྡེ་ལས་དོ་དམ་དང་ཞབས་ཞུའི་འགན་ལེན་བྱ་བ་ཚད་གཞི་མཐོན་པོས་ཡག་པོར་སྒྲུབ་པ། སྐྱིད་སྣང་དོད་པ་དང་བདེ་འཇགས་སྟབས་བདེའི་སྡོད་གནས་ཁོར་ཡུག་བསྐྲུན་ཏེ་ཤེས་ལྡན་མི་སྣར་མཐོང་ཆེན་དང་སེམས་ཁུར། གཅེས་སྐྱོང་བཅས་བྱེད་པའི་རྣམ་པ་ཟབ་མོ་གཏོད་དགོས་པ་ནན་གྱིས་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号