མཚོ་བྱང་ཁུལ་ཨུའི་བྱ་བའི་བགྲོ་གླེང་ཚོགས་འདུ་འཚོགས་པ།


ཟླ1པོའི་ཚེས8ཉིན། མཚོ་བྱང་ཁུལ་ཨུས་བྱ་བའི་བགྲོ་གླེང་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་། ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་ཚོགས་འདུའི་དགོངས་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་བསམ་བློ་སྔར་བས་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་གྱུར། བྱ་བར་རྩིས་བཤེར།  གནས་བབ་ལ་ཞིབ་འཇུག་དང་བརྡར་གཅོད་བཅས་བྱས་ནས2024ལོའི་གཙོ་གནད་བྱ་བ་བརྒྱུད་རིམ་ལྡན་པའི་ངང་འཆར་འགོད་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་བཅས་ཚོགས་འདུར་ཕེབས།

ཚོགས་འདུའི་ཐོག ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚན་ཁག་གི་ཁོངས་མི་དང་། ཁུལ་དམངས་ཆེན། ཁུལ་སྲིད་གྲོས་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱར་དཔེ་བསྡུར་ཚད་འཛིན་དང་།  “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ་གྱི”དམིགས་ཚད་ལས་འགན་བཅས་ལ་དམིགས་ཏེ་བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ལྟ་བ་བསྟན་ཞིང་གྲོས་གཞི་བཏོན་ནས་བསམ་ཕྱོགས་གླེང་། ཤ་བོ་སྐྱབས་ཀྱིས་དཔྱད་བརྗོད་སྤེལ་སྐབས་ཚང་མས་གནད་ལ་འཁེལ་བ་དང་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་གཞི་བཏོན་པས་བློ་བསྡུས་དགེ་འཚོལ་དང་ངོས་འཛིན་གཅིག་མཐུན། མཉམ་ཤུགས་གཅིག་སྒྲིལ་བཅས་ཀྱི་དམིགས་འབེན་ལ་སླེབས་ཡོད་ཅིང་། ཚོགས་འདུར་དགོས་ངེས་ཀྱི་ཕན་འབྲས་ཐོན་ཡོད། ཁུལ་རིམ་པའི་མགོ་ཁྲིད་དང་སྡེ་ཁག་སོ་སོས་གྲོས་གཞི་ཡག་པོ་དང་བསམ་ཕྱོགས་ཡག་པོ། བྱ་ཐབས་ཡག་པོ་བཅས་ད་ལོའི་བྱ་བ་འཆར་འགོད་དང་བྱ་ཐབས་བཟོ་བའི་ཁྲོད་བཞག་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དངོས་ཡོད་ཕན་འབྲས་ལ་བསྒྱུར་དགོས་པར་བསྟན།

ཤ་བོ་སྐྱབས་ཀྱིས་འདས་ཟིན་པའི་ལོ་གཅིག་ནང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཞིང་ཆེན་ཏང་ཨུས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བཅས་བྱེད་དགོས”ཞེས་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་གོ་སྐབས་བརྩོན་ལེན་དང་དངོས་སྒྲུབ་གཙོ་གནད་དུ་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་བཟོ་སྐྲུན་ཆ་ཚང་དང“བོད་ལུག་ཁྲི་དང་ནོར་གནག་ཁྲི”ཡི་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཞིང་། རྟ་རྒྱུག་དང་རྐང་བགྲོད། ལྕགས་རྟ། མདའ་འཕེན་སོགས་མང་ཚོགས་ཀྱི་རིག་གནས་ལུས་རྩལ་བྱ་འགུལ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་དང་། “A”རིམ་པའི་ལྗོངས་ཁུལ་གཏོད་པའི་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་བཏང་ལ། གསར་བརྗེའི་ཉམས་ཞིབ་རྟེན་གཞིའི་མང་ཙམ་བཏོད་པ། རྒྱལ་དབང་ཐོན་ཁུངས་རྒྱུ་ནོར་ཕན་འབྲས་ཆེན་པོས་བེད་སྤྱོད་བྱས་པ། ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་པ་སོགས་བྱ་བ་སོ་སོར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པའི་འགག་རྩའི་ལོ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75འཁོར་བ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཏོན་ནས་ལོ་ངོ25འཁོར་བ། རང་སྐྱོང་ཁུལ་གྱིས“ལྔ་བཅུ་བཞིའི”འཆར་འགོད་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི་འགག་སྒྲོལ་ལོ་བཅས་ཡིན་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་འབེན་བླང་བྱར་དམིགས་ཏེ། ད་ལོའི་བྱ་བའི་བསམ་ཕྱོགས་ལ་བསྐྱར་དུ་དབྱེ་ཞིབ་དང་བསྐྱར་དུ་ཞིབ་འཇུག བསྐྱར་དུ་ཇུས་འགོད་བྱས་ནས་ལག་ལེན་དུ་འཁྱོལ་ཐུབ་པའི་སྐུལ་འདེད་བྱེད་ཐབས་འདོན་དགོས་ཏེ། གཅིག་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་རྒྱུར་དམིགས་ཏེ་སྤུས་ཚད་དང་ཚད་གཞི་མཐོ་བའི་སྒོ་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚུར་ལན་གནད་དོན་བཅོས་སྒྲིག་བྱ་བ་ཡག་པོར་སྒྲུབ་དགོས་པ་དང་། “རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི”དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། སྐྱེ་ཁམས་སླར་གསོ་དང་ལྗོངས་ཁུལ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ལས་གཞི་འཛུགས་སྐྲུན་དང་སྲིད་ཇུས་དོན་འཁྱོལ་ལ་སྤྱི་འདོམས་ཇུས་འགོད་དང་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་ཁུལ་དང་རྫོང་གཏོད་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱེད་དགོས། གཉིས་ནས་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་དམིགས་ཏེ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ནས་མི་རིགས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། “123”Aརིམ་པའི་ལྗོངས་ཁུལ་མུ་མཐུད་དུ་ཟབ་སྤེལ་བྱེད་པ་དང་། རྒྱུན་རྣམ་ཅན་དུ་འགྱུར་བའི་རྐང་བགྲོད་འགྲན་བསྡུར་སྣ་ཚོགས་སྤེལ་བ། ལུས་རྩལ་འགྲན་བསྡུར་ཆེ་གྲས་ཀྱི་ཁུལ་མིང་གྲགས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གསུམ་ནས་གསར་བརྗེའི་སྙིང་སྟོབས་ཀྱི་བཙན་ས་གཏོད་རྒྱུར་དམིགས་པ་དང་། ཁུལ་གྱི་མངའ་ཁོངས་ཀྱི་གསར་བརྗེའི་ཐོན་ཁུངས་བསྡུ་སྒྲིལ་བེད་སྤྱོད་མགྱོགས་སུ་གཏོང་བ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་དར་གོས་ཚོང་ལམ་གྱི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་དམ་པོར་དམིགས་པ། དམར་དམག་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོར་བཤད་པ་སོགས་ཀྱི་ཐོག་ནས་གསར་བརྗེའི་ཉམས་ཞིབ་འཆར་འགོད་ཐད་སྤྱི་ཡོངས་བཀོད་སྒྲིག་དང་ཕུགས་ཀྱི་འཆར་འགོད་ཡག་པོ་བྱས་ཏེ་མཚོ་བྱང་འདི་ཉིད་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་གསར་བརྗེའི་སློབ་གསོའི་གཡུལ་ས་གཙོ་བོ་ཞིག་ཏུ་ཧུར་ཐག་སྒོས་བསྐྲུན་དགོས། བཞི་ནས་དམངས་འཚོའི་བདེ་སྐྱིད་ཇེ་ལེགས་སུ་གཏོང་རྒྱུར་དམིགས་པ་དང་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བར་སྐུལ་འདེད་གཏིང་ཟབ་གཏོང་བ།  སློབ་གསོ་དང་སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི“སྡེ་བ་སྟོབས་ཆེར་གཏོང་བའི”བཟོ་སྐྲུན་ལག་བསྟར་བྱེད་པར་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་དམངས་འཚོའི་བདེ་སྐྱིད་རྒྱུན་སྲིང་ངང་ལེགས་སུ་གཏོང་དགོས། ལྔ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་དམིགས་ནས“མི་རིགས་མཐུན་སྒྲིལ+”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ལས་སྒོའི་བྱ་བ་དང་ལས་རིགས་ཀྱི་ཁྱད་ཆོས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ་བཅས་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་སྐུལ་འདེད།  མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དྲུག་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་དམིགས་ཏེ་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།  ཞིང་ཆེན་ཏང་ཨུའི“གཅིག་ཅན་དྲུག”གི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ།  མགོ་ཁྲིད་ལས་བྱེད་པས“1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་དང“4+1+N”ཡི་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱེད་པ།  ཡུལ་ཚོ་དང་གྲོང་རྡལ་གྱི“བཅུ་ལྡན”བཟོ་སྐྲུན་སྲ་བརྟན་དང་ལེགས་སུ་གཏོང་བ་དང་སྡེ་བ་རིམ་པའི“བཅུ་ལྡན”བཟོ་སྐྲུན་འཚོལ་ཞིབ་དང་ལག་བསྟར་བཅས་བྱེད་དགོས་པ་ནན་གྱིས་བསྟན།

ཚོགས་འདུ་མ་འཚོགས་གོང་། ཚོགས་ཞུགས་མི་སྣ་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞིར་བསྐྱོད་དེ་ཡུལ་དངོས་ནས་ལྟ་སྦྱོང་བྱས་ཏེ། རྟེན་གཞིའི་འཆར་འགོད་དང་བརྗོད་དོན་བཀོད་སྒྲིག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་རྒྱུས་ལོན་ཞིབ་ཕྲ་བྱས།     

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号