ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་རྟེན་གཞིའི་གནའ་ཤུལ་གྱི་བཟོ་ཁུལ་བཅུ་བཞི་པར(མེ་ཤུགས་གློག་འདོན་དྲོད་སྐྱེལ་བཟོ་གྲྭ)བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ།

ཟླ1པོའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་གྱི་བཟོ་ཁུལ་བཅུ་བཞི་པར(མེ་ཤུགས་གློག་འདོན་དྲོད་སྐྱེལ་བཟོ་གྲྭ)བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ་ལ། གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལུགས་མཐུན་བྱས་ཏེ་གསར་བརྗེའི་ཐོན་ཁུངས་ལ་གསོན་ཤུགས་སྩོལ་བ་དང་། གནའ་ཤུལ་བེད་སྤྱོད་དང་གསར་བརྗེའི་ཡུལ་སྐོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་རྟེན་གཞིའི་གནའ་ཤུལ་གྱི་བཟོ་ཁུལ་བཅུ་བཞི་པའི(མེ་ཤུགས་གློག་འདོན་དྲོད་སྐྱེལ་བཟོ་གྲྭབཟོ་ཁང་སོ་སོའི་ད་ལྟའི་གནས་ཚུལ་དང་རིག་དངོས་ཉམས་གསོའི་ལས་གཞི་ལག་བསྟར་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ལ། 2018ལོའི་ཟླ1པོའི་ཚེས27ཉིན། 221བཟོ་གྲྭ(མཚོ་སྔོན་གཏེར་ཁུལ) (རྡུལ་ཕྲན་མཁར་དྲན་གསོ་ཁང)དེ“ཀྲུང་གོའི་བཟོ་ལས་ཤུལ་བཞག་སྲུང་སྐྱོབ་མིང་གཞུང”ནང་ཚུད་ཅིང་། 2023ལོར་མཚོ་བྱང་ཁུལ་གྱིས“སྲུང་སྐྱོབ་ཨང་དང་པོར་འཇོག་པ་དང་དོ་དམ་ལ་ཤུགས་སྣོན་པ། རིན་ཐང་སྔོག་འདོན་བྱེད་པ། བེད་སྤྱོད་ནུས་ལྡན་བྱེད་པ། རིག་དངོས་ལ་གསོན་ཤུགས་སྩོལ་བ”བཅས་ཀྱི་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། སྙིང་སྟོབས་ཀྱི་བཙན་ས་གཏོད་རྒྱུ་བཅས་ཀྱི་ཐད་ཤུགས་བསྣན་ཏེ་རྡུལ་ཕྲན་མཁར་དྲན་གསོ་ཁང་གི596ཁྱམས་རིང་དང་། བཟོ་གྲྭ་དང་པོའི་ཉིང་རྡུལ་སྒྲིག་ཆས་དང་འདྲེན་གཏོང་ཚོད་འཛིན་མ་ལག་ཞིབ་འཇུག་གསར་སྤེལ་འགྲེམས་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་ནས་མཚོ་བྱང་གི་གསར་བརྗེའི་ཡུལ་སྐོར་གྱི་ལྗོངས་གཟིགས་གསར་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།  2024ལོར། མཚོ་བྱང་ཁུལ་གྱིས་རྟེན་གཞིའི་གནའ་ཤུལ་གྱི་གསར་བརྗེའི་རིག་དངོས་བེད་སྤྱོད་བྱ་བར་མུ་མཐུད་སྐུལ་འདེད་བཏང་ནས་མཚོ་བྱང་གི་གསར་བརྗེའི་ཡུལ་སྐོར་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་གསར་བརྗེའི་རིག་དངོས་ལ“གསོན་ཤུགས”བསྩལ་ནས་མཚོ་བྱང་གི་གསར་བརྗེའི་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་བྱ་དགོས་པ་བསྟན།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། རྟེན་གཞིའི་གནའ་ཤུལ་བཟོ་ཁུལ་བཅུ་བཞི་པར(མེ་ཤུགས་གློག་འདོན་དྲོད་སྐྱེལ་བཟོ་གྲྭ)ཁྲོ་ཐབ་སྒྲིག་ཆས་དང་གློག་ཤུགས་སྒྲིག་ཆས་སོགས་རིག་དངོས་གྲངས་འབོར་མང་བ་དང་ཐོན་ཁུངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡིན་པ། མཐའ་འཁོར་གྱི་འགྲིམ་འགྲུལ་ཆ་རྐྱེན་སྟབས་བདེ་བ་དང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡིན་པས་རྟེན་གཞིའི་གནའ་ཤུལ་བཟོ་ཁུལ་བཅུ་བཞི་པའི(མེ་ཤུགས་གློག་འདོན་དྲོད་སྐྱེལ་བཟོ་གྲྭ)ཡག་པོར་གཏོད་རྒྱུ་དེ་མཚོ་བྱང་གི་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་དང་གསར་བརྗེའི་ཉམས་ཞིབ་ཐོན་ལས་ལ་དོན་སྙིང་གལ་ཆེན་ལྡན། ཁུལ་རིག་དངོས་དོ་དམ་ཅུས་དང་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་གཞུང་ལས་ཁང་དང་། དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གསར་བརྗེའི་རིག་དངོས་གསོན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་རྟེན་གཞིའི་གནའ་ཤུལ་ཉམས་གསོ་དང་ལྟ་སྐུལ་དོ་དམ། ཁོར་ཡུག་བཅོས་སྐྱོང་། ཕྱོགས་བསྡུས་བེད་སྤྱོད་ཀྱི་བྱ་བ་གཅིག་འདོམས་ཡག་པོར་སྒྲུབ་དགོས་ཏེ། གཅིག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་ཏན་ཏིག་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་བའི་ལྷུ་ཚིགས་སོ་སོའི་ནང་ཁྱབ་པར་བྱས་ཏེ་ཡན་ལག་བཟོ་གྲྭ་སོ་སོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་སྔོ་ལྗང་སྲུང་སྐྱོབ་དང་སྔོ་ལྗང་རྒྱ་ཆེར་གཏོང་བའི་བྱ་བར་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་པ་དང་། སྐྱེ་ཁམས་ཀྱི་གཏིང་ཤུགས་ཟབ་ཏུ་བཏང་ནས"མཛེས་སྡུག་གི"སྐྱེ་ཁམས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་འདྲེས་ངང་སྐུལ་འདེད་གཏོང་དགོས། གཉིས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་རྟེན་གཞིའི་གནའ་ཤུལ་བཟོ་ཁུལ་བཅུ་བཞི་པའི(མེ་ཤུགས་གློག་འདོན་དྲོད་སྐྱེལ་བཟོ་གྲྭ)ད་ཡོད་བཟོ་ཁང་བེད་སྤྱོད་ལུགས་མཐུན་བྱས་ཏེ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི"ཆེད་ལས་དང་སྤུས་ལེགས། ཁྱད་ལྡན། གསར་ཤོས་ཀྱི"ལས་གྲྭའི་ལས་གཞི་གྲབས་གསོག་སྙན་ཞུའི་བྱ་བ་གོ་སྐབས་སུ་བྱས་ནས་ནུས་ཤུགས་ཡོད་རྒུས་བཟོ་ཁུལ་བཅུ་བཞི་པའི(མེ་ཤུགས་གློག་འདོན་དྲོད་སྐྱེལ་བཟོ་གྲྭ)གློག་ཤུགས་རྟེན་མཛོད་ཁང་དང་ཁྲོ་ཐབ་རྟེན་མཛོད་ཁང་སོགས་ཀྱི་ནང་དོན་ཇུས་འགོད་ཡག་པོ་བྱས་ཏེ་དེང་རབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་འདོན་དགོས། གསུམ་ནས་བྱ་བའི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ་རྟེན་གཞིའི་གནའ་ཤུལ་གསར་བརྗེའི་རིག་དངོས་ཐོན་ཁུངས་ཀྱི་རིན་ཐང་སྔར་བས་སྔོག་འདོན་བྱེད་པ་དང་རྟེན་གཞིའི་གནའ་ཤུལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་གཞི་ཆེ་གྲས་དང་ལས་གཞི་ཡག་པོ་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། ཕྱོགས་མང་པོའི་ཐད་ནས་ལས་གཞིའི་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ་རྟེན་གཞིའི་གནའ་ཤུལ་གྱི་ཡན་ལག་བཟོ་གྲྭ་སོ་སོའི་ལོ་རྒྱུས་ཀྱི་དོན་སྙིང་དང་དུས་རབས་ཀྱི་རིན་ཐང་། དོན་དངོས་ཀྱི་དོན་སྙིང་བཅས་ཇེ་མཐོར་གཏོང་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་མ་རུའུ་ཞང་དང་། ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号