མཚོ་བྱང་གི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་ཐེངས་དང་པོར་སྒོར་དུང་ཕྱུར་ལས་བརྒལ་བ།


ཟླ1པོའི་ཚེས10ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུའི་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་པར་གཞིགས་ན།2023ལོའི་ལོ་མཇུག་བར་མཚོ་བྱང་ཁུལ་གྱི་སྡེ་བ214ལོའི་ཡོང་འབབ་སྒོར་ཁྲི49.99ལས་བརྒལ་བ་དང་ལོ་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར1ལས་བརྒལ་ནས་ཁུལ་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཐད་གྲུབ་འབྲས་ཐོབ་ནས་སྤུས་ཚད་མཐོ་རུ་འགྲོ་བའི་རྣམ་པ་བཟང་པོ་ཞིག་ཐོན་ཡོད།

ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་དམ་འཛིན་བྱ་གཞིར་བརྩིས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ལོ་འཁོར་མོའི་དམིགས་ཚད་དཔྱད་ཞིབ་མ་ལག་ནང་འཇུག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྲོམ་རས་ཁྲིད་སྟོན་བྱེད་པ་དང་བེད་མེད་ཐོན་ཁུངས་ལ་གསོན་ཤུགས་བསྩོལ་བ། སྡེ་བ་དང་ཡུལ་ཚོ། གྲོང་རྡལ་ལས་བརྒལ་བའི་མཉམ་འབྲེལ་བྱེད་སྟངས་འཕེལ་རྒྱས་གཏོང་བ། སྐམས་ཤ་དང་ལུག་ཤ། ནས་ཀྱི་ཐོན་རྫས་སོགས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ། འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་དང་རྒྱ་ཆེར་གཏོང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས།

ཐོན་ཁུངས་འཐབ་ཕྱོགས་དང་པོར་ཕྱོགས་པ་དང་། རྩ་འཛུགས་གཞི་རིམ་དུ་སྣུར་སྲིང་བྱེད་པ། མི་སྣའི་སྟོབས་ཤུགས་གཞི་རིམ་དུ་སྤྱོད་པ། འགྲོ་གྲོན་འགན་ལེན་གཞི་རིམ་དུ་གཅིག་སྡུད་བཅས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མགོ་ཁྲིད་ལས་བྱེད་པས“1+10”གཞི་རིམ་ལ་ཞབས་འདེགས་ཞུས་ནས་མང་ཚོགས་དང་འབྲེལ་གཏུག་ལམ་སྲོལ་ཁྱོན་ཡོངས་ནས་བཙུགས་པ་དང་། ཕུལ་བྱུང་ལས་བྱེད་པ291གྲོང་གསེབ་དར་སྤེལ་གྱི་གཙོ་གནད་སྡེ་བ97སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མི་རུ་མངགས་ནས་སྡེ་བ་རིམ་པའི་རྗེས་གྲབས་ཤེས་ལྡན་མི་སྣ1314གསོ་སྐྱོང་དང་གྲབས་གསོག་བྱས། རོགས་སྐྱོར་ཆེད་མཁས་པ5ནང་འདྲེན་བྱས་ལ། ལག་རྩལ་ཤེས་པའི“ས་གནས་མཁས་པ”135དངཞིང་ལས་གསར་གཏོད་པ”སྐྱེད་སྲིང་བྱས་ནས་གྲོང་ཚོའི་ཏང་རྩ་འཛུགས214ལ་སྣེ་ཁྲིད་དེ་མཉམ་ལས་ཁང225དང་ཏང་ཡོན292ལ་སྣེ་ཁྲིད་དེ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་གྲོང་གསེབ་དར་སྤེལ་གཏོང་བའི་ཤེས་ལྡན་མི་སྣའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་། སྒོར་ཁྲི2546.64བཏང་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་གཞི་རིམ་སྲིད་དབང་འཛུགས་སྐྱོང་གི་སྤུས་ཚད་མཐོར་གཏོང་དང“བཅུ་ལྡན”བཟོ་སྐྲུན་ལག་བསྟར། ཀྲུང་དབྱང་ནོར་སྲིད་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་རྒྱབ་སྐྱོར་དང་སྟོབས་ཆེར་གཏོང་བའི་མ་དངུལ་སྒོར་ཁྲི6640དོན་འཁྱོལ་བྱ་རྒྱུར་མཐུན་སྦྱོར་བྱས་ནས་སྡེ་བ130ལ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་རོགས་བྱས་ཤིང་། ནོར་སྲིད་འབྲེལ་མཐུད་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་ཁ་གསབ་མ་དངུལ་སྒོར་ཁྲི48733དོན་འཁྱོལ་བྱས་པ་དང་། ལས་གཞི153ལག་བསྟར་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号