ཤ་བོ་སྐྱབས་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་ཏང་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས་ཏེ་མཛུབ་ཁྲིད་གནང་པ།


ཟླ1པོའི་ཚེས15ཉིན།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་ཏང་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས་ཏེ་མཛུབ་ཁྲིད་བྱས་པར་མ་ཟད་གསུང་བཤད་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྐང་ཚར་གཟིགས་ཞིབ་གནང་སྐབས་ཀྱི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ཏེ་བརྗོད་དོན་སློབ་གསོ་ལས་བྱུང་བའི་ཡིད་ཆེས་ཀྱི་སྟོབས་ཤུགས་དེ་དྲིན་ཚོར་ཡར་བརྩོན་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ནས་སྙིང་རུས་གཏན་འཁྱོངས་དང་བྱ་བ་ཡག་པོར་སྒྲུབ་སྟེ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་གསར་པ་དང་རྣམ་པ་གསར་པ་མངོན་དགོས་པ་ནན་གྱིས་བསྟན། 

དམངས་གཙོ་འཚོ་བའི་ཚོགས་འདུའི་ཐོག འོམ་ཆུ་གྲོང་རྡལ་ཏང་ཨུའི་ཚན་ཁག་གིས2022ལོའི་དམངས་གཙོ་འཚོ་བའི་ཚོགས་འདུའི་བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་དང་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་གྲ་སྒྲིག་བྱས་ཚུལ་ཁྱབ་བརྡ་བཏང་བ་དང་། འོམ་ཆུ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅིས་གྲོང་རྡལ་ཏང་ཨུ་ཚན་ཁག་གི་ཚབ་བྱས་ནས་དཔེ་བསྡུར་སྐྱོན་བཤེར་བྱས། ཚན་ཁག་གི་ཁོངས་མིས་དཔེ་བསྡུར་སྐྱོན་བཤེར་དང་རང་སྐྱོན་རང་བརྗོད་བྱས་ནས་ཕན་ཚུན་ལ་སྐྱོན་བརྗོད་བསམ་འཆར་འདོན་རེས་བྱས།

ཤ་བོ་སྐྱབས་ཀྱིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་བསྟན་དོན། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་གྲ་སྒྲིག་ཕུན་སུམ་ཚོགས་ལ་སློབ་སྦྱོང་གི་ཕན་འབྲས་མངོན་གསལ་ཡིན་པ། བསམ་བློའི་ངོས་འཛིན་གཏིང་ཟབ་པ། ཚོགས་འདུ་གཟབ་ནན་དང་དངོས་གཉེར་ལྡན་པ། རྒྱུ་རྐྱེན་དབྱེ་ཞིབ་གཏིང་ཟབ་ཡིན་པ། བཅོས་སྒྲིག་བྱ་ཐབས་ནུས་ལྡན་ཡིན་ལ། “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་པས་སྔོན་དཔག་གི་ཕན་འབྲས་དང་དམིགས་ཡུལ་གྲུབ་ཡོད་ཟེར། འོམ་ཆུ་གྲོང་རྡལ་ཏང་ཨུས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོག་རྒྱུ་དེ་མགོ་འཛུགས་ས་གསར་པར་བྱས་ནས་ལས་གནས་ཀྱི་འགན་འཁྲི་དང་བྱ་བའི་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་མུ་མཐུད་ཤུགས་སྣོན་པ། རང་ངོས་ཀྱི་འགན་འཁྲི་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སུ་ཏན་ཏིག་འགྱུར་བ་བཅས་བྱ་རྒྱུའི་རེ་བ་ཡོད་དེ། གཅིག་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ལ་འབད་བརྩོན་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཚེ་གང་གི་ངེས་སྦྱོང་སློབ་ཚན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྡེ་བརྒྱད་པའི་རྗེས་ཤུལ་གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱེད་པ། ཏང་ཡོན་ལས་བྱེད་པ་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་པ། གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་པ་བཅས་བྱས་ནས་ཆབ་སྲིད་ཀྱི་དད་སེམས་དེ་སེམས་ལ་འཇགས་པར་བྱས་ཏེ“སྲུང་སྐྱོང་གཉིས”དེ་བླ་སྲོག་གི་ཁྲག་རྩར་ཟུག་དགོས། གཉིས་ནས་བཅོས་སྒྲིག་དོན་འཁྱོལ་དམ་འཛིན་བྱེད་པའི་ཐད་དུ་འབད་བརྩོན་བྱེད་དགོས། གནད་དོན་བཅོས་སྒྲིག་དང་བཅོས་སྐྱོང་ལ་མུ་མཐུད་ནས་དམ་འཛིན་བྱེད་དགོས་པ་དང་། བཅོས་སྒྲིག་བྱེད་ཐབས་ཞིབ་ཕྲ་ཅན་དང་ཏན་ཏིག་ཅན་དུ་གཏོང་བ། བཅོས་སྒྲིག་གི་དུས་བཀག་དང་འགན་འཁྲི་ཁ་གསལ་བཟོ་བ། “མིག་སྔའི་བཅོས་སྒྲིག”དང“ཡུན་རིང་བཅོས་སྒྲིག”ཟུང་དུ་སྦྲེལ་བར་འབད་བརྩོན་བྱེད་པ། བཅོས་སྒྲིག་དང་བཅོས་སྐྱོང་གི་ཕན་འབྲས་དངོས་ལ་བརྟེན་ནས་གྲོང་རྡལ་ཡོངས་ཀྱི་བྱ་བའི་རྣམ་པ་གསར་པ་གཏོད་པར་སྐུལ་ཁྲིད་བཅས་བྱེད་དགོས། “དར་སྤེལ་ཆེན་པོ་ལྔར”དམིགས་ནས་སྣ་མང་ཅན་གྱི་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཟམ་མི་ཆད་པར་བྱས་ཏེ་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་ལས་སྒྲུབ་ལས་གཏོད་ལ་ཤུགས་སྣོན་པའི་ཐད་སླར་ཡང་འབད་བརྩོན་བྱེད་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གོང་མཐོར་གཏོང་རྒྱུ་དང་བྱ་བ་སོ་སོ་དམ་འཛིན་ཡག་པོ་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། ཞིང་ཕྱུགས་ལས་ཀྱི"གཅིག་ཅན་བརྒྱད"ཀྱི་བཟོ་སྐྲུན་ཆ་ཚང་དང་གྲོང་གསེབ་ཀྱི"བཅུ་ལྡན"བཟོ་སྐྲུན་སོགས་གཙོ་གནད་བྱ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་པ་དང་། སྡེ་བའི(གཞིས་ཁུལ)"བཅུ་ལྡན"བཟོ་སྐྲུན་གསར་གཏོད་དང་སྐུལ་འདེད་གཏོང་དགོས། མང་ཚོགས་ལ་ཐང་ག་དང་། འཚེམ་དྲུབ། རྡོ་བརྐོས། ཀོ་བཟོ་ལག་རྩལ། བལ་གྱི་ཁ་བཏགས་སོགས་མི་རིགས་ཀྱི་བཟོ་རྩལ་ཐོན་རྫས་བཟོ་འཚོང་ཧུར་ཐག་བྱེད་པར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། "ངས་མང་ཚོགས་ལ་བདེ་སྐྱིད་ཀྱི་རྩིས་ཤིག་རྒྱག་པའི"བྱེད་སྒོ་ཏན་ཏིག་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བར་སློབ་གསོ་དང་སྣེ་ཁྲིད་བྱེད་དགོས། བཞི་ནས་སྤྱོད་ཚུལ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་རྒྱུའི་ཐད་སླར་ཡང་འབད་བརྩོན་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང"ལས་གནས་གཅིག་ལ་འགན་འཁྲི་གཉིས"དོན་འཁྱོལ་ནན་མོ་བྱས་ཏེ་སྙིང་གཏམ་བཤད་རེས་དང་དྲན་སྐུལ་བྱེད་པ། སྐྱོན་བརྗོད་སློབ་གསོ་གཏོང་བ་སོགས་ཀྱི་བྱ་ཐབས་གང་ལེགས་སྤྱད་དེ་སྤྱོད་གཙང་སྒྲིག་ནན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། དོན་དག་གལ་ཆེན་དགོངས་སྐོར་སྙན་ཞུ་དང"གལ་ཆེན་གསུམ་དང་འབོར་ཆེན་གཅིག"གི་མཉམ་སྡེབ་ཐབས་ཇུས་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཏེ་ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ཀྱི་ནོར་དོན་དོ་དམ་བྱ་བ་རྒྱུན་མཐུད་ངང་ཚད་ལྡན་ཡོང་བར་བྱེད་དགོས། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱས་ནས་དགོན་སྡེ་ཚན་རིག་ཅན་དང་ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་གྱི་དོ་དམ་གཏིང་ཟབ་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུ་གྲོལ་རྗེས། ཤ་བོ་སྐྱབས་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་ནས་བསྙལ་སྦི་རག་བཟོ་གྲྭ་དང་ཆུ་ཤར་སྡེ་བའི་བོད་ཟས་ཁང་དུ་བསྐྱོད་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བར་རྒྱུས་ལོན་གནང་བ་དང་ཐོན་ལས་སྐུལ་འདེད་དང་འཁོར་སྐྱོད་གནས་ཚུལ་ལ་གསན།

ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་ལི་ཞུ་ཀྲེན། རྐང་ཚ་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་དང་ཁུལ་ཨུའི་གཞུང་ལས་ཁང་གི་ལས་བགོས་འགན་འཁུར་བློ་མཐུན་གྱིས་སོ་སོར་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号