ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་བྱང་འཐུས་ཚབ་ཚོགས་པས་ཚོགས་སྒྲིག་ཚོགས་འདུ་འཚོགས་པ།


ཟླ1པོའི་ཚེས23ཉིན་གྱི་སྔ་དྲོའི་ཆུ་ཚོད9སྟེང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་བྱང་འཐུས་ཚབ་ཚོགས་པས་ཚོགས་སྒྲིག་ཚོགས་འདུ་འཚོགས།

ཚོགས་འདུའི་ཐོག་ཤ་བོ་སྐྱབས་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་། དབྱང་ཧའེ་ལུང་དང་ཀྲང་ཧྲིང་ཡོན་ཚོགས་གཙོ་གཞོན་པར་བདམས་ཤིང་། འཐུས་ཚབ་ཚོགས་པའི་གནས་སྐབས་ཏང་ཀྲི་པུའུ་བཙུགས་ལ། ཤ་བོ་སྐྱབས་ཀྱིས་ཧྲུའུ་ཅིའི་འགན་ཁུར་བ་དང་། དབྱང་ཧའེ་ལུང་དང་ཀྲང་ཧྲིང་ཡོན་གྱིས་ཧྲུའུ་ཅི་གཞོན་པའི་འགན་ཁུར། ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་དང་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་རིམ་འཆར་ཟིན་ལ་གྲོས་བསྡུར་བྱས།

ཚོགས་འདུ་གྲོལ་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཁྲིན་ཀང་སོགས་ཞིང་ཆེན་གྱི་མགོ་ཁྲིད་དག་མཚོ་བྱང་འཐུས་ཚབ་ཚོགས་པའི་ནང་ཡོང་ནས་མཚོ་བྱང་ཁུལ་གྱི་འཐུས་མི་རྣམས་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་།

ཚོགས་འདུའི་ཐོག ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། འཐུས་མི་དང་ཟུར་ཞུགས་མི་སྣ། ལས་སྒྲུབ་མི་སྣ་བཅས་ཀྱིས་མཚོ་བྱང་འཐུས་ཚབ་ཚོགས་པའི་ཡར་སྔོན་གྱི་སྤྱོད་ཚུལ་བཟང་པོ་དང་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་འཐུས་མི་དང་ཟུར་ཞུགས་མི་སྣ། ལས་སྒྲུབ་མི་སྣ་བཅས་ཀྱི་སྣང་བརྙན་དང་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་སྒོས་མངོན་པར་བྱེད་དགོས། ཚོགས་ཆེན་གྱི་བྱ་བའི་སྙན་ཞུ་སོ་སོར་དམིགས་པ་དང་། རང་འཁྲིའི་བྱ་བ་དང་མཚོ་བྱང་གི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ཉིན་རེའི་གྲོས་རིམ་གྱི་བཀོད་སྒྲིག་ལྟར་བློ་ཞིབ་མོས་གྲོས་ཞིབ་དང་གྲོས་བསྡུར་གྱི་གཏམ་བཤད་ཡིག་ཆར་གྲ་སྒྲིག་བྱེད་པ། གཏམ་བཤད་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། “མི་དམངས་ཀྱིས་ང་འཐུས་མིར་བདམས་པ་དང་ང་འཐུས་མིར་བདམས་པ་མི་དམངས་ཀྱི་ཆེད་ཡིན”པའི་འདུ་ཤེས་དེ་འགན་འཁྲི་སྒྲུབ་པའི་གོ་རིམ་སོ་སོ་དང་སྙན་ཞུ་སོ་སོའི་གྲོས་ཞིབ་དང་གྲོས་བསྡུར་ཁྲོད་མངོན་པར་བྱེད་དགོས། རང་འཁྲིའི་ལས་འགན་ལ་ངོ་མི་གནོང་བ་དང་རང་འགན་གཙང་སྒྲུབ་བྱེད་པ། སྙན་ཞུ་དང་གྲོས་ཆོད་ཀྱི་གཏན་འབེབས་སོ་སོར་གྲོས་ཞིབ་ཡག་པོ་བྱས་ནས་འདེམས་བསྐོའི་ལས་འགན་སོ་སོ་ལེགས་པོར་སྒྲུབ་སྟེ་སྤྱི་ཚོགས་ཀྱི་རིམ་པ་སོ་སོ་དང་ཕྱོགས་སོ་སོའི་འབོད་སྐད་སྒྲོག་དགོས་ལ། སྒྲིག་ཁྲིམས་ནན་སྲུང་དང་གཞི་ཐིག་བརྟན་སྲུང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་སོགས་སྒྲིག་ཁྲིམས་ཀྱི་གཏན་འབེབས་དོན་འཁྱོལ་ནན་ཏན་བྱེད་པ། རང་རྟོགས་ངང་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་བརྩི་སྲུང་ཞུ་ནས་ཚོགས་ཆེན་བདེ་བླག་ངང་འཚོག་པ་དང་སྤྱོད་གཙང་གཞུང་དྲང་ཡོང་བར་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

ཚོགས་སྒྲིག་ཚོགས་འདུ་གྲོལ་རྗེས། འཐུས་ཚབ་ཚོགས་པས་ཏང་ཡོན་གྱི་ཚོགས་འདུ་འཚོགས་ནས་གནས་སྐབས་ཏང་ཀྲི་པུའུ་བཙུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号