མཚོ་བྱང་ཁུལ་གྱིས་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པ་དང2024ལོའི་མཚོ་བྱང་ཁུལ་གྱི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་དྲིལ་སྒྲོག་ཟླ་བའི་གཟུགས་མེད་རིག་གནས་ཤུལ་བཞག་འཁྲབ་སྟོན་བྱེད་སྒོ་སྤེལ།

ཟླ6པའི་ཚེས28ཉིན། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པ་དང2024ལོའི་མཚོ་བྱང་ཁུལ་གྱི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་དྲིལ་སྒྲོག་ཟླ་བའི་གཟུགས་མེད་རིག་གནས་ཤུལ་བཞག་འཁྲབ་སྟོན་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་སྒར་ཁར་གཟབ་རྒྱས་ངང་འཚོགས། བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས་རིགས་སོ་སོའི་བརྗེ་རེས་འགྲོ་འོང་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྔར་བས་རྒྱུན་འཛིན་དང་རིག་གནས་ཀྱི་སྲོག་རྩ་སྲུང་སྐྱོབ་བྱས་ཏེ་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་བཏང་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་རོགས་རམ་བྱ་རྒྱུ་དེ་རེད།

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་སུང་ཞུག་ཙུང་། ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ལའེ་མིན། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཙུའི་ཁོངས་མིའམ་ཐེ་ཀྲང་གཞོན་པ་བློ་བཟང་། དེ་བཞིན་ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་བཅས་མཉམ་དུ་བྱེད་སྒོར་ཞུགས།  མགོན་པོ་ཚེ་བརྟན་གྱིས་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ལ། སུང་ཞུག་ཙུང་དང་བློ་བཟང་གིས་ཤིས་ཚིག་ཕུལ།

སུང་ཞུག་ཙུང་གིས་ཤིས་ཚིག་ཁྲོད་བསྟན་དོན། "ལ་གཞས"ནི་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཤིག་ཡིན་པའི་ངོས་ནས་ལོ་རྒྱུས་ཀྱི་ཡུན་རིང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཡིད་དབང་འཕྲོག་ཤུགས་ལྡན། འཁྲབ་སྟོན་གྱི་ནང་དོན་སོགས་ཕུན་སུམ་ཚོགས་པས་ལོ་ངོ་སྟོང་ཕྲག་རིང་མི་རིགས་སོ་སོའི་ཕུན་སུམ་ཚོགས་པའི་རིག་གནས་གསོག་འཇོག་དང་སྤྱི་ཚོགས་ཐུན་མོང་གི་ཤེས་རབ་ཀྱི་སྒྱུ་རྩལ་ཉིང་བཅུད་ཅིག་ཡིན། མི་རྣམས་ཀྱིས་ཡིད་འོང་གི་འཚོ་བར་བསྟོད་གླུ་འབུལ་བ་དང་དྭངས་གཙང་ལྷད་མེད་ཀྱི་བརྩེ་དུང་མཚོན་པར་བྱེད་པ། ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་མཚོན་པར་བྱེད་པའི་དགའ་ཞེན་དང་མཛེས་པ་དོན་གཉེར་བྱེད་པའི་སྒྱུ་རྩལ་གྱི་རྣམ་པ་གལ་ཆེན་ཞིག་ཡིན་ལ་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་གཅེས་ནོར་ཞིག་ཀྱང་ཡིན། མཚོ་བྱང་གི་ལོ་རྒྱུས་ཡུན་རིང་ལ་རིག་གནས་ཀྱི་གཏིང་ཟབ་པ། ནང་དོན་སྣ་མང་ཕུན་སུམ་ཚོགས་པས་མི་རིགས་ཀྱི་འཚེམ་དྲུབ་དང་ཧུའེ་རིགས་ཀྱི་གསོལ་སྟོན་རོལ་མོ། དཔའ་རིས་བོད་རིགས་ཀྱི་རྒྱན་གོས། ཨ་རིག་གླུ་ཤགས། མཚོ་སྔོན་པོའི་མཚོ་མཆོད་སོགས་གཟུགས་མིན་ཤུལ་བཞག་རིག་གནས་རབ་དང་རིམ་པར་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལྡན་ཡོད། རྣམ་པ་སྣ་ཚོགས་དང་ལོ་རྒྱུས་ཡུན་རིང་ལྡན་པའི"གཟུགས་མེད་ཤུལ་བཞག"གཅེས་ནོར་དེ་དག་གིས་མི་རབས་ནས་མི་རབས་བར་མི་རྣམས་ལ་གསོན་ཤུགས་བསྩལ་བ་དང་མི་རིགས་ཀྱི་སྙིང་སྟོབས་གསོ་སྐྱོང་། དུས་རབས་ཀྱི་ཉམས་འགྱུར་གསར་བཟོ། རིག་གནས་ཀྱི་ཉིང་བཅུད་བཅས་མངོན་བཞིན་ཡོད། "གཟུགས་མེད་ཤུལ་བཞག"གི་རིག་གནས་ཉར་ཚགས་ཟབ་མོ་དང་མཚོ་བྱང་གི་ལོ་རྒྱུས་ཀྱི་ནང་དོན་ཟབ་མོས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཧུར་ཐག་སྒོས་བསྐྲུན་ལ། རིགས་སོ་སོའི་འགྲན་ཞུགས་པའི་ཡིད་དབང་འཕྲོག་ཤུགས་མངོན་པའི་གར་སྟེགས་དང་རིགས་སོ་སོ་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས། རིགས་སོ་སོ་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་མངོན་པར་བྱེད་པའི་འགྲེམས་སྟེགས་སྟེགས་བུར་འགྱུར་ངེས་པར་ང་ཚོར་ཡིད་ཆེས་ཡོད་ཟེར།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་དུས་ཡུན་ཉིན6ཡིན་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་ནས་ཡོང་བའི་འགྲན་ཞུགས་པ60ལྷག་ཙམ་གྱིས་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་སྒར་ཁ་ནས་ལ་གཞས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号