སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག འཚོ་བ་གསར་པར་བསྟོད་གླུ་ལེན།

——2024ལོའི་རྐང་ཚ་རྫོང་མཚོ་འཁྱིལ་ཤང་གི་སྐབས་བརྒྱད་པའི“འཆར་ཡན་གྱི་མཚོ་འཁྱིལ། རིག་གནས་ཀྱི་ཕ་ས”ཞེས་པའི་རིག་གནས་ཟླ་བའི་ཕྲེང་བསྟར་བྱེད་སྒོ་སྤེལ་བ།

2024ལོའི་ཟླ6པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཤང་མི་དམངས་སྲིད་གཞུང་གིས“བདུན་གཅིག་སྤྲོ་བས་བསུ། འཁྲུངས་སྐར་རྟེན་འབྲེལ་ཞུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྐང་ཚར་གཟིགས་ཞིབ་མཛད་ནས་ལོ་ངོ་གསུམ་འཁོར་བར་གུས་པས་བསྟོད”ཅེས་པ་དང2024ལོའི་མཚོ་འཁྱིལ་ཤང་གི“འཆར་ཡན་གྱི་མཚོ་འཁྱིལ། རིག་གནས་ཀྱི་ཕ་ས”ཞེས་པའི་རིག་གནས་ཟླ་བའི་ཕྲེང་བསྟར་བྱེད་སྒོ་སྐབས་བརྒྱད་པ་རྐང་ཚ་རྫོང་མཚོ་འཁྱིལ་ཤང་གི་བྲ་སོག་སྡེ་བ་ནས་སྤེལ་མགོ་བརྩམས།

མགོ་རྩོམ་མཛད་སྒོར་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་རྐང་ཚ་ཡན་ལག་ཁུལ་གྱི་ཅུའུ་ཀྲང་གཞོན་པ་གཡང་དྲུང་རྒྱལ་དང་། རྐང་ཚ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་དང་མཚོ་འཁྱིལ་ཤང་གི་ལས་བྱེད་མང་ཚོགས་སོགས་མི500ལྷག་ཞུགས་ཡོད།

ཐེངས་འདིའི་བྱ་འགུལ་གྱི་ནང་དོན་ལ། རིག་རྩལ་འཁྲབ་སྟོན་དང་ཡུལ་མིའི་རྒྱན་གོས་ངོམ་པ། སྦྲ་གུར་ཕུབ་པ། འོ་མ་བཞོ་བ། བོད་ཟས་གཡོས་སྦྱོར་སོགས་ཀྱི་ནང་དོན་འདུས་ལ། བྱ་འགུལ་སྤེལ་བ་བརྒྱུད། སྔར་ལས་ལྷག་པར་མཚོ་འཁྱིལ་ཤང་གི་ཁྱད་ལྡན་ཐོན་རྫས་དང་དམངས་སྲོལ་རིག་གནས་སྔོག་འདོན་དང་དར་སྤེལ། ཤང་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།

བྱེད་སྒོའི་དམིགས་ཡུལ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྐང་ཚར་གཟིགས་ཞིབ་མཛད་ནས་ལོ་ངོ་གསུམ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་། མང་ཚོགས་ཀྱིས་ཏང་གི་དྲིན་ཚོར་བ་དང་ཏང་གི་བཀར་ཉན་པ། ཏང་གི་རྗེས་འབྲང་བ་བཅས་ལ་ཁྲིད་སྟོན་བྱེད་པ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་མུ་མཐུད་དུ་འབད་འཐབ་ལྷོད་མེད་བྱེད་པར་སྣེ་ཁྲིད་བྱ་རྒྱུ་བཅས་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号