ཤ་བོ་སྐྱབས་མདའ་བཞི་རྫོང་དུ་བསྐྱོད་དེ་དུར་འཇུག་བཅོས་སྒྱུར་བྱ་བར་བརྟག་ཞིབ་གནང་། 

ཟླ7པའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས“རྒན་གཅིག་བྱིས་གཅིག”གི་དམངས་སྲིད་ཀྱི་གཙོ་གནད་བྱ་བར་དམ་པོར་དམིགས་ཏེ་མདའ་བཞི་རྫོང་ནུབ་མཚོ་པུར་མཆོད་ཁང་དུ་དུར་འཇུག་བཅོས་སྒྱུར་དང་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཉེར་སོགས་ཀྱི་བྱ་བར་བརྟག་ཞིབ་གནང་།

ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་གནང་ཞིང་། པུར་མཆོད་ཁང་གི་ལས་གཉེར་དོ་དམ་དང་མང་ཚོགས་ཀྱི་དགོས་མཁོ་སོགས་སྐོར་གྱི་བྱ་བའི་ཡར་ཞུ་དང་བསམ་ཚུལ་ལ་ཉན་ཏེ་བསྟན་དོན། དུར་འཇུག་ལས་རིགས་ནི་རྨང་གཞིའི་སྤྱི་པའི་ཞབས་ཞུའི་ལས་རིགས་ཡིན་པས། དམངས་ཆེད་བྱ་བ་དངོས་སྒྲུབ་པའི་རྩ་དོན་ལ་བརྟེན་ནས་མཚོ་བྱང་གི་དངོས་ཡོད་གནས་ཚུལ་དང་དམངས་སྲོལ་གོམས་གཤིས་ཟུང་འབྲེལ་གྱིས་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་དགོས་པ་དང་། དུར་འཇུག་བཅོས་སྒྱུར་དང་ཚད་ལྡན་ཅན་གྱི་དོ་དམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་དུར་འཇུག་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོར་འདེགས་སུ་གཏོང་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། མདའ་བཞི་རྫོང་དང་ཁུལ་དམངས་སྲིད་ཅུས། མི་རིགས་ཆོས་ལུགས་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཁག་གིས་གཅིག་ནས་སྔོན་ཐོན་ས་ཁུལ་གྱི་ཉམས་མྱོང་དང་སྒྲུབ་སྟངས་ལ་སློབ་སྦྱོང་བྱས་ཏེ་མཚོ་བྱང་གི་དངོས་ཡོད་གནས་ཚུལ་དང་མཐུན་པའི་བྱ་བའི་ཇུས་གཞི་བཟོ་པ་དང་། དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ་བརྒྱུད་ནུབ་མཚོའི་པུར་མཆོད་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་དུར་འཇུག་དམངས་བདེ་དམངས་ཁེ་དམངས་ཕན་གྱི་བྱེད་ཐབས་འཚོལ་ཞིབ་དང་གསར་འདོན་བྱས་ཏེ་མུ་མཐུད་ཞབས་ཞུའི་གཞི་ཁྱོན་རྒྱ་བསྐྱེད་ནས་ཟི་ལིང་སོགས་ས་ཁུལ་ལ་ཁ་ཕྱོགས་ནས་གྲངས་ཉུང་མི་རིགས་མང་ཚོགས་ལ་ཞུབས་ཞུ་འདོན་སྤྲོད་བྱེད་དགོས་པ་དང་། མི་ཆོས་དོ་ཁུར་ལ་ཤུགས་བསྣན་ནས་གཤིན་པོའི་བློ་སེམས་བདེ་བར་བྱེད་དགོས། གསུམ་ནས་ཚགས་པར་དང་དྲ་བ། སྤྱོད་སྣེ། འཕྲིན་སྟེགས་དང་འཆར་ངོས་སོགས་ལ་བརྟེན་ནས་དཔལ་ཡོན་གྱི་དུར་འཇུག་བྱེད་པ་དང་སྲི་ཞུ་རྒྱུན་འཛིན་སོགས་ཀྱི་ནང་དོན་རེས་འཁོར་རྣམ་པའི་བསྒྲགས་ནས། ཕྱོགས་ཡོངས་དང་ཁྱབ་རྒྱ་ཆེ་བ། ཐབས་ལམ་མང་པོ་ནས་སྲིད་ཇུས་སྒྲོག་བཤད་བྱས་ཏེ་མང་ཚོགས་དག་དུར་འཇུག་བཅོས་སྒྱུར་ནང་ཧུར་ཐག་ཞུགས་པར་སྐུལ་མ་དང་སྣེ་ཁྲིད་བྱེད་པ་བརྒྱུད། དཔལ་ཡོན་གྱི་དུར་འཇུག་སྲོལ་གསར་ཆགས་པར་བྱེད་དགོས། བཞི་ནས་ནགས་ཚལ་རྩྭ་ཐང་གི་མེ་འགོག་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མྱ་ངན་ཁང་དང་སྦྱིན་སྲེག་ཁང་སོགས་ལ་རྒྱུན་རྣམ་ཅན་གྱིས་ཞིབ་བཤེར་དང་རང་བཤེར་བྱེད་དགོས་པ་དང་། རྒྱུན་དུ་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ཞིག་གསོ་བྱས་ཏེ་པུར་མཆོད་ཁང་གི་བདེ་འཇགས་བྱ་བ་ལེགས་པོར་སྒྲུབ་དགོས། བརྒྱུད་རིམ་ཧྲིལ་བོ་ཁོར་སྲུང་གི་བླང་བྱ་དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་ཀྱི་དམར་ཐིག་ལ་གཏན་ནས་རེག་མི་རུང་ཟེར། 

དེའི་རིང་ཤ་བོ་སྐྱབས་སན་ཀན་ལམ་ཐིག་དང་ཤྭ་ལུང་ཆུ་ཚན་གཞུང་ལམ་སོགས་སུ་བསྐྱོད་ནས་དུས་མགོར་སྒྲུབ་སྐུལ་གྱི་བྱ་བ་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཉེ་དུས་ཀྱི་བགྲོད་ལམ་སྲུང་སྐྱོང་དང་བདག་སྐྱོང་སོགས་ཀྱི་བྱ་བ་སྒྲུབ་ཚུལ་རྒྱུས་ལོན་བྱས་པར་མ་ཟད། ཡུལ་སྐོར་བ་དང་མང་ཚོགས་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པར་ཞབས་འདེགས་ཞུ་བ་དང་ཆུ་འབྲུབ་དུས་ཀྱི་འགྲིམ་འགྲུལ་འགན་ལེན་སོགས་ཀྱི་བྱ་བ་ཡག་པོ་སྒྲུབ་པར་དམིགས་ནས་ཞིབ་ཕྲའི་བླང་བྱ་བཏོན། 221རྟེན་གཞིའི་གནའ་ཤུལ་གྱི་བཟོ་ཁུལ་གསུམ་པའི་འབར་རྫས་དང་ཕྱེད་བཟོས་མཛོད་ཁང་དུ་རིག་དངོས་སྲུང་སྐྱོབ་བེད་སྤྱོད་བྱ་བར་བརྟག་ཞིབ་བྱས། 

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་སངས་འབུམ། ཁུལ་དམངས་སྲིད་ཅུས་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། ཁུལ་རང་བྱུང་ཐོན་ཁུངས་ཅུས། མདའ་བཞི་རྫོང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号