ཤ་བོ་སྐྱབས་ཀྱིས་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་གི་དམིགས་བསལ་གདན་ཞུའི་དགེ་རྒན་ཆེན་མོ་ཏོན་ཅི་ཡེ་དང་ཀྲུའུ་ཧུང་ཚའེ་ལ་བཞུགས་མོལ་བརྗེ་རེས་གནང་།

ཟླ7པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དུ་བསྐྱོད་ནས་སློབ་གླིང་གི་དམིགས་བསལ་གདན་ཞུའི་དགེ་རྒན་ཆེན་མོ་ཏོན་ཅི་ཡེ་དང་ཀྲུའུ་ཧུང་ཚའེ་ལ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང་མཚོ་བྱང་གི་གསར་བརྗེའི་སྙིང་སྟོབས་ཀྱི་བཙན་ས་གཏོད་པ། གསར་བརྗེ་དང་ཚོགས་འདུ་གསོ་སྦྱོང་གི་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་གཙོ་གནད་བྱ་བའི་ཐད་བཞུགས་མོལ་བརྗེ་རེས་གནང་།

ཤ་བོ་སྐྱབས་ཀྱིས་བསྟན་དོན། མཚོ་བྱང་ནི་རྒྱབ་ཕྱོགས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དང་མདུན་ཕྱོགས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ལ་ཁ་གཏད་པའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཁྲུངས་ཡུལ་དང་དར་གོས་ཚོང་ལམ་གྱི་ལྷོ་ལམ། ཞིན་ཅང་བོད་ལྗོངས་བར་གྱི་བགྲོད་ལམ་གལ་ཆེན། རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས། ཚན་རིག་མཁས་ཅན་གྱི་སྙིང་སྟོབས། དར་གོས་ཚོང་ལམ་གྱི་སྙིང་སྟོབས་སོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ནང་ནུབ་མཚོ་སྲིད་སྡེ་དང་མཁར་དམར་གནའ་མཁར། གངས་ལུང་བྲག་ཕུག་སོགས་རིག་གནས་གནའ་ཤུལ133ཡོད་ལ་སྟག་རྟགས་རྡོ་རྐོང་དང་སྤྱང་གླང་འཐབ་པའི་གསེར་གྱི་རྒྱན་ཆ་སོགས་ཀྱི་རིག་དངོས་ས་འོག་ནས་བཏོན་ཡོད། དམར་དམག་ནུབ་ལམ་དམག་གིས་གནས་འདི་རུ་ཁྲག་བཏོན་དམར་འཛིང་དང“མདེལ་གཉིས་སྐར་གཅིག”གི་བྱས་རྗེས་འཇོག་མཁན9ཡིས་གནས་འདི་རུ་བྱ་བ་བསྒྲུབས་ནས221རྟེན་གཞིའི་གནའ་ཤུལ་རྙིང་པའི་ཡན་ལག་བཟོ་གྲྭ་སོ་སོ་དང་ཁེ་ཐུའུ་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པ། སྨོན་ལམ་མཐོན་པོའི་མེ་སྒྱོགས་མཁན་སོགས་གནམ་སའི་འཕུར་མདེལ་དཔུང་སྡེ16གི་གསར་བརྗེའི་གཏམ་རྒྱུད་དང་དེ་བཞིན་བཅིངས་འགྲོལ་དམག་གིས་མཚོ་སྔོན་པོར་དཀའ་ངལ་ལ་ཕྲད་པའི་ཞིང་པ38བསྐྱབས་པ་དང་མང་ཚོགས“གནས་སྤོ་ཐེངས་གསུམ”གྱི་མི་སེམས་འགུལ་བའི་གཏམ་རྒྱུད་བཞག་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་གསར་བརྗེའི་ཉམས་ཞིབ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྨོན་ལམ་མཐོན་པོའི་གསར་བརྗེའི་ཉམས་ཞིབ་རྟེན་གཞི་སོགས་ཡུལ་དངོས་སློབ་ཁྲིད་ས་ཚིགས31ནུས་ཤུགས་ཡོད་རྒུས་བཏོད་པ་དང་ཞིང་ཆེན་ཕྱི་ནང་གི་ལས་ཁུངས་སོ་སོ་དང་ཁེ་ལས་དང་དོན་ལས་ལས་ཁུངས། སྤྱི་ཚོགས་ཚོགས་པ། མཐོ་སློབ་སོགས་ཀྱིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་གསར་བརྗེའི་སློབ་གསོའི་རྟེན་གཞི70ལྷག་ཙམ་ལ་སྒོ་བྱང་བཀལ། ཁུལ་དང་རྫོང་ཨུའི་ཏང་གི་སློབ་གྲྭས་སློབ་ཁྲིད་ས་ཚིགས་སོ་སོར་བརྟེན་ནས་གསོ་སྦྱོང་སྣ་ཚོགས་བྱས་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད། སྲིད་ཁྲིམས་དང་འཐབ་ཕྱོགས་གཅིག་གྱུར། མང་ཚོགས་ཚོགས་པའི་ལས་བྱེད་གསོ་སྦྱོང་ལྟེ་གནས་སྔ་རྗེས་སུ་བཙུགས་པ་དང་མཚོ་སྔོན་རྡུལ་ཕྲན་མཁར་རྟེན་གཞིའི་གསོ་སྦྱོང་ཚད་ཡོད་སྤྱི་གཉེར་ཁང་གི་སྒོ་བྱང་བཀལ་ནས་ལས་གཉེར་བྱས། མཚོ་བྱང་གི་གསར་བརྗེའི་ཉམས་ཞིབ་གཡུལ་ས་སྔར་བས་ཕུན་སུམ་ཚོགས་པ་དང་རྣམ་པ་མང་བ། ཉམས་ལེན་དེ་བས་མང་བ་བཅས་བྱུང་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་བསྟན་དོན། མིག་སྔར་མཚོ་བྱང་ཁུལ་གྱིས“ཞིང་ཆེན་ཡོངས་ཀྱི་རྩེར་སོན་དང་རྒྱལ་ཡོངས་ཀྱི་གྲགས་ཆེ་བའི”རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཕུགས་བསམ་དད་སེམས་ཀྱི་སློབ་གསོ། གསར་བརྗེའི་ཉམས་ཞིབ་རྟེན་གཞི་བཅས་ཧུར་ཐག་སྒོས་གཏོད་བཞིན་ཡོད་པས་ནམ་ཡང་ཤེས་ལྡན་མི་སྣ་དང་འཇོན་མིའི་རྒྱབ་སྐྱོར་མཁོ་བཞིན་ཡོད། དགེ་རྒན་ཆེན་མོ་ཏོན་ཅི་ཡེ་དང་ཀྲུའུ་ཧུང་ཚའེ་གཉིས་ཀྱིས་རང་ཉིད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་ལས་སྒོར་སྤྱད་དེ་མཚོ་བྱང་ལ་དམིགས་ཏེ་མཚོ་བྱང་ལ་ཞིབ་འཇུག་དང་ལོ་རྒྱུས་རིག་གནས་སྔོག་འདོན། ཁྱད་ལྡན་སློབ་ཚན་གསར་སྤེལ། རིག་གནས་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞིའི་ཡིག་རིགས་རྩོམ་སྒྲིག་སོགས་ཀྱི་ཐད་ལ་རོགས་རམ་བྱས་ཏེ་ཞིབ་འཇུག་གྲུབ་འབྲས་མཚོ་བྱང་དུ་རྩ་བ་ཚུགས་ཏེ་རྩེ་མོ་རྒྱས་ནས་འབྲས་བུ་སྨིན་པ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་ནས་མཚོ་བྱང་གི་སྙིང་སྟོབས་ཀྱི་བཙན་ས་གཏོད་རྒྱུར་རོགས་རམ་བྱེད་དགོས་ཟེར། 

དགེ་རྒན་ཆེན་མོ་ཏོན་ཅི་ཡེ་དང་ཀྲུའུ་ཧུང་ཚའེ་ཡིས་མཚོ་བྱང་ཁུལ་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ་དང་། རང་ངོས་ཀྱི་རིག་གཞུང་དམིགས་བསལ་གྱི་ཡོན་ཏན་འདོན་སྤེལ་བྱས་ཏེ་གསར་བརྗེའི་སློབ་ཚན་སྤུས་དག་གསར་སྤེལ་དང་སློབ་ཁྲིད་ས་ཚིགས་འཛུགས་སྐྲུན། རིག་གནས་ལོ་རྒྱུས་དཔྱད་ཡིག་རྩོམ་སྒྲིག་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་རང་འགུལ་ངང་མཉམ་འདྲེས་བྱས་ཏེ་སློབ་གྲྭ་དང་ས་གནས་གཉིས་ལ་ཕན་ཐོག་ཡོང་བར་བྱ་རྒྱུ་ཡིན་ཞེས་ཟེར།

མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྒྱུན་ལས་ཡོན་ཀྲང་གཞོན་པ་མའོ་ཡུས་ཅིན་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་རྒྱུན་ལས་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་གིས་འགྲོ་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号