མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས25པ་ཚོགས་མགོ་བརྩམས། མཚོ་བྱང་ཁུལ་གྱི་རིགས་ཆེན་པོ15ཡི་སྤུས་ལེགས་ཐོན་རྫས300ལྷག་འགྲེམས་ཚོགས་སྟེང་མངོན།

ཟླ7པའི་ཚེས11ཉིན། ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་གཏམ་གྲོས་ཚོགས་སྐབས25པའི་མགོ་རྩོམ་མཛད་སྒོ་ཟི་ལིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། མཚོ་བྱང་ཁུལ་གྱིས་ཁྱོན་རིགས་ཆེན་པོ་རིགས15ཡི་སྤུས་ལེགས་ཐོན་རྫས300ལྷག་སྒྲིག་འཛུགས་བྱས་ནས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ཞུགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མགོ་རྩོམ་མཛད་སྒོ་དང་གཙོ་དོན་གླེང་སྟེགས་ལ་ཞུགས་པར་མ་ཟད། མཚོ་བྱང་འགྲེམས་ཁང་དུ་བསྐྱོད་དེ་གཟིགས་ཞིབ་གནང་།

སྐབས་འདིའི་མཚོ་སྔོན་ཚོང་གཏམ་ཐོག མཚོ་བྱང་ཁུལ་གྱིས་འགྲེམས་སྟོན་གྱི་རྩ་དོན་དང་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ་འགྲེམས་ཁང་གཙོ་བོ་དང་ཐོན་ལས་འགྲེམས་ཁུལ་གྱི་འགྲེམས་སྟོན་ལས་དོན་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱས་ནས། ལྗང་མདོག་འཕེལ་རྒྱས་དང་གསར་བརྗེའི་རིག་གནས་ཆུ་ཚད་མཐོ་རུ་གཏོང་རྒྱུ་བསམ་ཕྱོགས་སུ་བྱས་ཏེ"མཚོ་སྐོར་འགྲེམས་ཁུལ"དུ་འགྲེམས་ཁང་དང་འགྲེམས་སྟེགས་བཙུགས། དེའི་ཁྲོད་གཅིག་ཐོག་ཏུ་མཐོ་སྒང་སྐྱེ་ཁམས་ལྗང་མདོག་འཕེལ་རྒྱས་སྣེ་ཁྲིད་དུ་བྱེད་པ་དང"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཀྱི་གསར་བརྗེའི་གཞི་རྐང་བརྗོད་དོན་དུ་བྱས་ཏེ"ལྗང་མདོག་འཕེལ་རྒྱས་ལ་སྣེ་ཁྲིད་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པའི"མཚོ་བྱང་ཕྱོགས་བསྡུས་ཁང་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། འགྲེམས་ཁུལ་གྱི་བཀོད་པ་གཞན་དང་མི་འདྲ་བའི"དམར་པོ"དང"ལྗང་ཁུ"མཉམ་འདྲེས་ཀྱི་མཚོ་བྱང་གི་དཔེ་མཚོན་མངོན་ཡོད། "གསེར་མདོག་འཇུ་ལག"དང"ལྷ་ཡུལ་མདོ་ལ"། "བོད་མཁར་རྐང་ཚ"། "བདེ་བསྟན་མདའ་བཞི"འགྲེམས་ཁང་བཅས་ཀྱིས་མཚོ་བྱང་གི"སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས"ཀྱི་འདུ་ཤེས་མངོན་གསལ་དོད་པོ་ཡིན་ལ། ཞིང་ཕྱུགས་ལས་ཀྱི་སྐོར་དང་རིག་གནས་ཡུལ་སྐོར་གྱི་སྐོར། ནུས་རྒྱུ་གསར་པའི་སྐོར། གསར་བརྗེའི་སྐོར་བཅས་རིགས་ཆེན་པོ་བཞི་གཙོ་རྐང་དུ་བྱས་ཏེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས། འབྱུང་འགྱུར་རྒྱང་རིང་གི་འཆར་འགོད་མངོན་པར་བྱས་ཡོད། གཉིས་ཐོག་ཏུ། མཚོ་སྔོན་ཞ་ཧྭ་ཤ་རིགས་ཚད་ཡོད་སྤྱི་གཉེར་ཁང་དང་མཚོ་སྔོན་གསེར་མདོག་མདོ་ལའི་འོ་མའི་ཐོན་ལས་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་། འཇུ་ལག་ཞིན་ནོན་སྦྲང་རྩིའི་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་། རྐང་ཚའི་གནའ་རབས་བོད་རིག་གནས་བཟོ་རྩལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་སོགས་ཁེ་ལས52ཀྱི་རིགས་ཆེན་པོ15ཡི་མཚོ་བྱང་སྤུས་ལེགས་ཐོན་རྫས300ལྷག་ཙམ་འགྲེམས་སྟོན་བྱས། དེའི་ནང་སྐམས་ཤ་དང་ལུག་ཤ འོ་མའི་ཐོན་ལས། ནས་ཀྱི་ཐོན་ལས། སྔོ་བཟོས་ཚལ། ཤྭ་བའི་ཐོན་རྫས། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས། གྲངས་འཛིན་རིག་ནུས་སོགས་ཀྱི་ཐོན་རྫས་འགྲེམས་སྟོན་བྱས་པ་དེས་མཚོ་བྱང་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ཀྲུང་བོད་སྨན་རྫས་ལས་སྣོན། རིག་གནས་ཡུལ་སྐོར་ཚོང་ཟོག་ཞིབ་འཇུག་གསར་སྤེལ། ནུས་རྒྱུ་གསར་བ་འཕེལ་རྒྱས་སོགས་ཀྱི་ཐད་ཚད་བརྒལ་གསར་བ་བྱུང་བ་མངོན་པར་བྱས་པ་དང་འབྲེལ“མཚོ་བྱང་གི་ཕུལ་བྱུང་ཐོན་རྫས”ཀྱི་ཐོན་ལས་ལེགས་ཆ་ཆེ་རུ་བཏང་སྟེ། དངོས་ཤུགས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་བྲིན་འཚོང་ཁེ་ལས་ཁག་ཅིག་མཚོ་བྱང་ཁུལ་གྱི་ཐོན་ལས་གསར་སྤེལ་དང་ཐོན་རྫས་སྐྱེད་སྲིང་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཐོན་ལས་འཕེལ་རྒྱས་ཀྱི་རིམ་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བའི་རྨང་གཞིའི་ཐོག་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་ཡུལ་དངོས་ནས5Gཐད་གཏོང"ཉོ་སྒྲུབ"ཀྱི་བྱེད་སྒོ་སྤེལ་ནས་མཚོ་བྱང་ཁུལ་གྱི་མིང་གྲགས་དང་ཕུལ་བྱུང་། ཁྱད་ལྡན་བཅས་ཀྱི་ཐོན་རྫས་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་དང་འགྲེམས་འཚོང་བྱས་ནས་ས་ཁོངས་བར་དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་འཁོར་རྒྱུག་ལ་སྐུལ་འདེད་གཏོང་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号