མཚོ་བྱང་ཁུལ་གྱིས་ཚོང་གཏམ་གྲོས་ཚོགས་སྟེང་ཚོང་འགུགས་མ་འདྲེན་གྱི་གན་རྒྱ་བཞག་པའི་དངུལ་གྲངས་ཆེས་ཐོག་མར་སྒོར་དུང་ཕྱུར་བརྒྱ་བརྒལ།

ཟླ7པའི་ཚེས12ཉིན། ཟི་ལིང་གྲོང་ཁྱེར་དུ་བསྡུས་པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་ལྔ་པའི་མཚོ་བྱང་ཁུལ་གྱི་ཚོང་འགུགས་མ་འདྲེན་ལས་གཞིའི་ཆེད་དོན་གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་ལས་གཞི16ལ་རྒྱལ་ཁའི་ངང་གན་རྒྱ་བཞག་ཅིང་། གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར102.86ཟིན་ལ།  ཆེས་ཐོག་མར་སྒོར་དུང་ཕྱུར་བརྒྱ་བརྒལ།   

ཐེངས་འདིར་གན་རྒྱ་འཇོག་པའི་མཛད་སྒོར་མཚོ་བྱང་ཁུལ་གྱིས་ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་དང་། ཁེ་ལས་པའི་འཐུས་མི། ལས་རིགས་ཆེད་མཁས་པ། དེ་བཞིན་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་བཅས་གདན་དྲངས་ཏེ་མཉམ་གཅིག་ཏུ་འཛོམས་ནས་དུས་སྐབས་གལ་ཆེན་འདིར་ཐུན་མོང་ཐོག་བདེན་དཔང་བྱས།  གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་ཁྱོན་མཉམ་ལས་ལས་གཞི16བཞག་པ་དེ་ནུས་རྒྱུ་གསར་པ་དང་ལྗང་མདོག་རྩིས་ནུས། དེང་རབས་ཞིང་ཕྱུགས་ལས། རིག་གནས་ཡུལ་སྐོར་ཐོན་ལས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་དང་། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར102.86ཟིན་ཡོད།  མཚོ་བྱང་ཁུལ་གྱི་གཙོ་གནད་ལས་གཞིར་གན་རྒྱ་འཇོག་པ་དང་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་སྔོན་དཔག་གི་དམིགས་ཡུལ་ལ་སླེབས་ནས་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣོན་པ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད་སྤུས་ལེགས་ཁེ་ལས་མང་པོའི་དོ་ཁུར་དང་མ་འཇོག་གི་ཡིད་དབང་བཀུག་ཡོད། དེ་དང་ཆབས་ཅིག ཁུལ་སྲིད་གཞུང་གིས་ད་དུང་ཆེད་མངགས་བྱ་བའི་ཆེད་དོན་འཛིན་གྲྭ་བཙུགས་ནས་ཁེ་ལས་ལ"གཅིག་འཐུས་རྣམ་པའི"ཞབས་ཞུ་མཁོ་འདོན་བྱས་པ་དང་། བརྒྱུད་རིམ་ཧྲིལ་པོར་ལས་གཞིའི་འཕེལ་རིམ་ལ་རྗེས་འདེད་བཏང་ནས་ཁེ་ལས་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་ལས་གཞི་བདེ་བླག་ངང་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་བྱས་ཡོད། སྤུས་ལེགས་ཀྱི་ཞབས་ཞུ་དང་ཁོར་ཡུག་བཟང་པོ། ཐུན་མོང་མ་ཡིན་པའི་ཐོན་ཁུངས་བཅས་ཀྱིས་མཚོ་བྱང་གི་ཚོང་འགུགས་མ་འདྲེན་བྱ་བའི་བཀྲག་མདངས་འཚེར་ས་ཡང་ཡང་ཐོན་པ་དང་ལས་མགོ་འཛུགས་ཚད། འགན་འཁྲི་སྒྲུབ་ཚད། མ་དངུལ་འབྱོར་ཚད་བཅས་ལོ་རེ་བཞིན་འཕར་བ་དང་གན་རྒྱ་བཞག་པའི་དངུལ་གྲངས་ལྡབ་གྲངས་འཕར་ནས་ད་ལོ་དེ་བས་ཀྱང་སྒོར་དུང་ཕྱུར་བརྒྱའི་འགག་སྒོ་ཆེན་པོ་ལས་བརྒལ་བ་རེད། སྤུས་ལེགས་ལས་གཞི་དེ་དག་ལ་གྲུབ་འབྲས་ཐོབ་པའི་ངང་གན་རྒྱ་བཞག་པ་ནི་མཚོ་བྱང་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། ལས་གཞི་དེ་དག་དོན་འཁྱོལ་བྱས་པ་དེས་མཚོ་བྱང་གི་ཐོན་ལས་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ་དང་ཐོན་ལས་ཀྱི་རིམ་པ་མཐོ་རུ་བཏང་སྟེ་དཔལ་འབྱོར་འཕར་རྒྱུར་འདེགས་སྐྱོར་གསར་པ་མཁོ་འདོན་བྱ་ཐུབ་རྒྱུ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号