【གསར་བརྗེའི་ཉམས་ཞིབ】མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་པེ་ཅིང་སློབ་ཆེན་གྱིས་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་མཉམ་འབྲེལ་ཐོག་དབྱར་གསེང་གི་བསམ་བློ་ཆབ་སྲིད་ལག་ལེན་གསོ་སྦྱོང་འཛིན་གྲྭ་གཉེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སློབ་ཆེན་སློབ་མས་ཀྲུང་གོའི་གསར་བརྗེའི་རིག་གནས་དང་ཚན་རྩལ་འཕེལ་རྒྱས། ལོ་རྒྱུས་ཀྱི་འགན་འཁྲི་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད“གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཡག་པོ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ”བཅས་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱ་ཆེད། ཟླ7པའི་ཚེས8ཉིན་ནས་ཚེས10ཉིན་བར། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་པེ་ཅིང་སློབ་ཆེན་གྱིས་མཉམ་འབྲེལ་ཐོག་དབྱར་གསེང་གི་བསམ་བློ་ཆབ་སྲིད་ལག་ལེན་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། སློབ་མ18མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་དུས་ཡུན་ཉིན3རིང་གི་གསོ་སྦྱོང་སློབ་སྦྱོང་ནང་ཞུགས།

ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་ནི་ཡུལ་དངོས་ནས་འཚམས་འདྲི་དང་ལྟ་སྐོར་སློབ་སྦྱོང་། མཉམ་འགུལ་བརྗེ་རེས་སོགས་ཀྱི་རྣམ་པ་བརྒྱུད་དེ་སློབ་ཆེན་སློབ་མ་ཚོས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་ནང་དོན་ཟབ་མོ་མྱོང་ཚོར་ཐུབ་པ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཤེས་རྟོགས་ཐུབ་པ། རྒྱལ་གཅེས་ཀྱི་སྤྲོ་སེམས་དང་གསར་གཏོད་ཀྱི་སྙིང་སྟོབས་འཕེལ་ཐུབ་པ་བཅས་བྱས་ནས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་འཇོན་མི་གསོ་སྐྱོང་ཐུབ་པ་བྱ་རྒྱུ་དེ་རེད།   

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号