མདའ་བཞི་རྫོང་གིས“དམིགས་པ་བཞིར”བརྟེན་ནས་གཞི་རིམ་ཏང་འཛུགས་སྐྲུན་གྱི་སྤུས་ཀ་མཐོར་འདེགས་བཏང་བ།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཁྲོད་ཀྱི་གནད་དོན་གཙོ་བོ་དང་འགག་རྩ་གཉོམ་ས་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་ཁོངས་ཡོངས་སུ“གཞི་རིམ་ཏང་འཛུགས་སྐྲུན་གྱི་སྤུས་འདེགས་ནུས་འཕར་ལོའི”བྱ་འགུལ་སྤེལ་བ་དང་། རྩ་འཛུགས་མ་ལག་འཛུགས་སྐྲུན་དང་ཏང་ཡོན་ནུས་པ་འདོན་སྤེལ། གཞི་རིམ་བཅོས་སྐྱོང་མཐོར་འདེགས། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་ལ་དམིགས་ཏེ། གཞི་རིམ་ཏང་འཛུགས་སྐྲུན་གྱི་སྤུས་འདེགས་ནུས་འཕར་ལ་སྐུལ་འདེད་བྱས།

རྩ་འཛུགས་མ་ལག་འཛུགས་སྐྲུན་བྱེད་པར་དམིགས་ཏེ། འཐབ་འཛིང་བཙན་རྫོང་གི་སྟོབས་ལྡན་བསྐྲུན་པ། ཉམ་ཆུང་ནུས་མེད་ཀྱི་སྡེ་བའི་ཏང་རྩ་འཛུགས་དག་ཐེར་མཐོར་འདེགས་བྱ་བ་རྒྱུན་དུ་བསྒྲུབས་པ་བརྒྱུད། སྡེ་བའི་ཏང་རྩ་འཛུགས2ཀྱིས་ཞྭ་མོ་ཕུད་དེ་རིམ་པ་སྤར། མ་དངུལ་སྒོར་ཁྲི710གཅིག་གྱུར་བཀོད་སྒྲིག་བྱས་ཏེ་སྟོང་མདའ་དང་གསེར་ཐང་སོགས་སྡེ་བའི་ཏང་དམངས་ཞབས་ཞུ་ལྟེ་གནས14ཡི་རིམ་པ་སྤར། “ཁུལ་གཅིག་དང་ས་གནས་གཉིས། ཁང་པ་གསུམ་དང་ཅན་བཞི། སྣེ་མང་བའི”གསར་བརྗེའི་ཉམས་ཞིབ་མ་ལག་བསྐྲུན་ཏེ། རིགས་སོ་སོའི་གསོ་སྦྱོང་འཛིན་གྲྭ་ཐེངས42བསྒྲུབས།

ཏང་ཡོན་ནུས་པ་འདོན་སྤེལ་བྱེད་པར་དམིགས་ཏེ། ཏང་འཛུགས་སྐྲུན་གྱི་སྐར་བསགས་ལེགས་འཛིན་བྱས་པ། 《“ཏང་འཛུགས་སྐྲུན་གྱི་སྐར་བསགས་ལམ་ལུགས”ཀྱི་མདའ་བཞི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏོང་བར་རོགས་ཤུགས་འདོན་པའི་ལག་བསྟར་བསམ་འཆར》བཏོན་ཏེ། ཀྲི་པུའུ་རེར་རྩིས་ཐོ་རེ་དང་ཏང་ཡོན་རེར་ཟིན་ཐོ་རེ་ཡོད་པ་ཁྱབ་གདལ་དུ་བཏང་། “སྦྲེལ་གཅིག་རོགས་གཉིས”ཀྱི་ནང་རྐྱེན་བརྒྱུད། རོགས་སྐྱོར་མ་དངུལ་སྒོར་ཁྲི80དངོས་འབེབས་བྱས་ཏེ། རྫོང་ཡོངས་ཀྱི་སྡེ་བ་དང་ཧྲེ36གི་སྐར་བསགས་རང་འདེམས་ཚོང་ཁང་ཡོངས་ལ་ཁེབས་པ་དང་ཡུན་ཕན་འཁོར་སྐྱོད་བྱེད་པར་རོགས་ཤུགས་བཏོན་ནས། མང་ཚོགས1443སྐར་བསགས་ཟོང་བརྗེ་ནང་ཞུགས་པར་སྐུལ་ཁྲིད་བྱས།

གཞི་རིམ་བཅོས་སྐྱོང་བྱ་བ་མཐོར་འདེགས་གཏོང་བར་དམིགས་ཏེ། “སྦྲེལ་ལྔ་སྐྱོང་དྲུག”ཇེ་དྲག་ཏུ་བཏང་བ། “སྦྲེལ་ལྔ་སྐྱོང་དྲུག”ལག་བསྟར་བྱས་པ་བརྒྱུད། རྫོང་དང་ཞང་དང་སྡེ་བ་བཅས་རིམ་པ་གསུམ་གྱི་མགོ་ཁྲིད་ཀྱིས་རོགས་འབྲེལ་བྱ་འགུལ་ཐེངས360སྤེལ། རྩྭ་ས་སྲུང་སྐྱོབ་དང་གང་འདོད་དུ་འཛུགས་སྐྲུན་བྱས་པ་བཅོས་སྐྱོང་སོགས་རྣམ་གྲངས6གི་བྱ་བར་སྐུལ་འདེད་ནུས་ལྡན་བྱས་པ་དང་། རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི16.6དང་སྤྱི་པའི་ཕྱུགས་ལམ་སྤྱི་ལེ248.36། སྒྲིག་འགལ་ལས་གཉེར་གཙོ་གཞི115བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་། ཨ་བྲ་ཁྲི13མེད་པར་བཟོས་ཏེ། མང་ཚོགས་ཉེ་འགྲམ་གྱི“དཀའ་གནད་ཆེན་པོའི”གནད་དོན་དངོས་གནས་ཐག་བཅད།

ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ཏེ། སྡེ་བ་སྟོབས་ལྡན་དུ་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས་པ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལོ་ལྔའི་འཆར་འགོད་དང“སྡེ་བ་སྟོབས་ལྡན་དུ་གཏོང་བའི”བཟོ་འགོད་སོགས་སྒྲིག་བཟོ་གཏན་འབེབས་བྱས་པ་དང་། མ་དངུལ་སྒོར་ཁྲི8440བཏང་སྟེ། འཕེལ་རྒྱས་ཀྱི་བག་ཤུགས་ལྡན་པའི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལས་གཞི15ལ་རོགས་སྐྱོར་བྱས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་དང་། རྒྱུན་མཐུད་སྒོས་གཅིག་བསྡུས་ལེགས་གཉེར་ཅན་གྱི་གསོ་སྤེལ་དང་ཤྭ་མོ་འདེབས་འཛུགས་སོགས་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ཕན་འབྲས་དངོས་བླངས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ཁྲི་བརྒྱ་ལས་བརྒལ་བའི་སྡེ་བ3ཡོད་པ་དང་སྒོར་ཁྲི50ཡན་གྱི་སྡེ་བ12ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号