ཨ་རིག་ཅེས་པའི་མིང་གི་བྱུང་བ།

ཨ་རིག་ཅེས་པའི་མིང་གི་ཐོག་མ་ཅི་ལྟར་བྱུང་ཚུལ་ལ་བཤད་ཚུལ་དུ་མ་ཞིག་ཡོད་པ་ལས། གྲགས་ཆེ་བ་ནི་འདི་ལྟ་སྟེ། སྤྱི་ལོ723ཀྱི་བར་སྐབས་སུ་སྒའི་རུས་ཀྱི་འབྲོང་བ་རྡོ་རྗེ་ཟེར་བའི་དུད་ཁྱིམ་ཞིག་རྨ་ཆེན་གངས་འདབས་སུ་ཡོད་པས། ས་དེའི་བོད་མི་རྣམས་ལ་ལོ་རེའི་ཟླ་བརྒྱད་པ་དང་དགུ་བའི་ནང་རྨ་ཆེན་གངས་སྐོར་ལ་འགྲོ་བའི་སྲོལ་ཞིག་ཡོད་པ་དང་། རྒྱུན་པར་མི་རྒྱུད་དར་ཞིང་སྒོ་ཕྱུགས་འཕེལ་བའི་སྨོན་འདུན་ཞུ་བཞིན་ཡོད། ཉིན་ཞིག་འབྲོང་བ་རྡོ་རྗེ་གངས་སྐོར་ལ་འགྲོ་བའི་ལམ་ཁར་བྲག་ངོས་སུ་ཨ་ཡིག་རང་བྱོན་ཞིག་མཐོང་བས། རྟེན་འབྲེལ་དུ་རྟོགས་ཏེ་རྨ་ཆེན་སྦོམ་རར་བསང་བཏང་། ལོ་དེར་བུ་ཞིག་བཙས་པའི་མིང་ལ་ཨ་རིག་ཅེས་བཏགས་པ་རེད། རྗེས་སུ་འབྲོང་བ་རྡོ་རྗེའི་བུ་ཆེ་བ་ཨ་རིག་གི་མི་རྒྱུད་དེ་ལོ་རྒྱུས་ཀྱི་དུས་ཡུན་རིང་བོའི་ནང་གནས་ཤིང་འཕེལ་ཏེ་རིམ་བཞིན་ཚོ་ཆེན་བཅོ་བརྒྱད་དང་། མ་ལག་ཚོ་བ་ཉེར་བཞི་ཡོད་པའི་སྡེ་ཆེན་པོ་ཞིག་ཆགས་པ་དེར་ཨ་རིག་ཅེས་མིང་ཐོགས་པ་དང་། ཨ་རིག་དཔོན་རྒྱུད་ཀྱང་མ་ཆད་པར་བྱུང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号