མདོ་ལ་རྫོང་གིས“དམིགས་པ་གསུམ”ལ་བརྟེན་ནས་ཏང་འཛུགས་སྐྲུན་གྱིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་པའི“ནུས་པ”བཏོན་པ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་རྒྱུན་ཆད་མེད་པར་བརྟན་པོར་གཏོང་བ་དང་། ཏང་ཡོན་ལས་བྱེད་པའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱེད་པ། “དམིགས་པ་གསུམ”མགོ་རྩོམ་ས་བྱེད་པ་བཅས་ཀྱིས། ཏང་འཛུགས་སྐྲུན་གྱིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་པའི“ནུས་པ”བཏོན།

རྩ་འཛུགས་སྣེ་ཁྲིད་ལ་དམིགས་ཏེ། གྲོང་གསེབ་དར་སྤེལ་གྱི“རུ་སྣེ”སྟོབས་ལྡན་དུ་བཏང་། “1+N+10”ཡི་གཞི་རིམ་ལ་འབྲེལ་གཏུག་བྱས་ཏེ་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང“འབྲེལ་གཏུག་གཅིག་དང་རོགས་སྐྱོར་གཉིས”སོགས་ཀྱི་བྱ་བའི་ནང་རྐྱེན་གཟབ་ནན་གྱིས་དངོས་འབེབས་དང་། 《རྫོང་ཡོངས་ཀྱིས་ཏང་འཛུགས་སྐྲུན་ལེགས་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པའི་གཙོ་གནད་བྱ་བའི་ཞིབ་ཐོ》དང《རྫོང་ཡོངས་ཀྱིས་ཏང་འཛུགས་སྐྲུན་ལེགས་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པའི་བྱེད་ཐབས་དོན་ཚན87》སོགས་ཀྱི་ཡིག་ཆ་སྒྲིག་བཟོ་གཏན་འབེབས་དང་དཔར་འགྲེམས་བྱས་ཏེ། རྩ་འཛུགས་སྣེ་ཁྲིད་དང་ཏང་ཡོན་དཔུང་སྡེ། འཇོན་མིའི་འདེགས་སྐྱོར། རྨང་གཞི་འགན་སྲུང་སོགས་ཀྱི་ཕྱོགས་ནས་གྲོང་གསེབ་དར་སྤེལ་ལ་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས།

རྒྱུ་སྤུས་མཐོར་འདེགས་གཏོང་བར་དམིགས་ཏེ། གྲོང་གསེབ་དར་སྤེལ་གྱི“གཙོ་ཤུགས་དམག”གསར་སྐྲུན་བྱས། སློབ་ཆེན་སློབ་མ་སྡེ་བར་སོང་ནས་ལས་འགན་འཁུར་བའི་འགུལ་སྐྱོད་དང“223”གྱི་སྡེ་བ་རིམ་པའི་རྗེས་གྲབས་འཇོན་མིའི་གསོ་སྦྱོང་འཆར་གཞི་ལག་བསྟར་ཟབ་མོ་བྱས་ཏེ། སློབ་ཆེན་སློབ་མ45བདམས་ནས་སྡེ་བར་ལས་འགན་འཁུར་དུ་མངགས་པ་དང་། སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པ315དང་སྡེ་ཁུལ་གྱི་རྗེས་གྲབས་ལས་བྱེད་པ35གསོག་འཇོག་བྱས་པར་མ་ཟད། རྗེས་གྲབས་ལས་བྱེད་པའི་འཇོན་མིའི་མཛོད7བསྐྲུན་ཅིང་། གཞུང་ལུགས་བཤད་པ་དང་སྲིད་ཇུས་བཤད་པ། བྱས་རྗེས་བཤད་པ། རྩལ་ནུས་བཤད་པ། དེ་མིན་ཡུལ་དངོས་ལྟ་སྦྱོང་དང་ལྗོངས་རྣམ་ལད་ཟློས། ཡུལ་དངོས་རྩལ་ནུས་སྦྱོང་བརྡར། བགྲོ་གླེང་བརྗེ་རེས་སྦྱོང་བརྡར་བཅས“བཤད་པ་བཞི་དང་སྦྱོང་བརྡར་བཞི”ཡི་མ་དཔེ་སྤྱད་དེ། སྡེ་བའི་ལས་བྱེད་པར་ཁྱོན་ཡོངས་ནས་གསོ་སྦྱོང་བྱས་པ་དང་། སྡེ་བའི་ལས་བྱེད་པའི་གཞུང་ལུགས་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་།

ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ། གྲོང་གསེབ་དར་སྤེལ་གྱི“རྨང་གཞི”བརྟན་པོར་བཏང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“སྡེ་བ་སྟོབས་ལྡན”དུ་གཏོང་བའི་བཟོ་འགོད་ལག་བསྟར་དང་། རྫོང་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཆར་གཞི་དང“4231”གི་བགོ་བཤའ་རྒྱག་སྟང་སྒྲིག་བཟོ་གཏན་འབེབས་བྱས་པ་བརྒྱུད། “ཐོན་ལས་འདུ་འཛོམས་དང་ཁེ་ཕན་མཉམ་རེག ཉེན་ཁ་མཉམ་འཁུར”གྱི་རྩ་དོན་ལྟར། སྡེ་བ་སོ་སོའི་དཔལ་འབྱོར་རྨང་གཞི་དང་ཐོན་ལས་ཁྱད་ཆོས། ཁུལ་གནས་དགེ་མཚན། ཐོན་ཁུངས་ཆ་རྐྱེན་སོགས་ཕྱོགས་བསྡུས་བྱས་ཤིང་། ཡུལ་བབ་དང་བསྟུན་ནས་ཚོང་ཁང་བོགས་གཏོང་དང་ཕྱུགས་ཟོག་གསོ་སྤེལ། སྐྱེ་ཁམས་ཡུལ་སྐོར་སོགས་འཕེལ་རྒྱས་བཏང་སྟེ། སྡེ་བའི་ཐུན་མོང་གི“ཁྲག་བཟོ”བྱེད་ནུས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号