མདོ་ལ་རྫོང་གིས་སྤྱི་ཚོགས་རོགས་སྐྱོར་ལས་དོན་ལ་ཤུགས་བསྣན།

ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་ནུས་ཤུགས་ཡོད་ཚད་ཀྱིས་དམངས་ཀྱི་བདེ་རྩ་སྙེག་ཅིང་། དམིགས་བསལ་ཚོགས་སྤྱི་དང་དམངས་ཀྱི་དོ་ཁུར་ལ་དམིགས་ནས་རོགས་སྐྱོར་སྲིད་ཇུས་ལག་ལེན་དུ་བསྟར་བ་འཛིན་བྱེད་དུ་བྱས། དཀའ་གནད་མང་ཚོགས་ཀྱི་རོགས་སྐྱོར་གནད་སྨིན་ཚད་མཐོ་རུ་གཏོང་བ་གཙོ་གནད་དུ་བྱས་ནས“དམངས་འཚོའི་རྒྱུགས་ལན”ཧུར་བརྩོན་གྱིས་བྲིས་ནས་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ལ་མཐོར་འདེགས་གསར་བ་བྱུང་།

རིམ་པ་མང་བའི་རོགས་སྐྱོར་མ་ལག་ཁྱོན་ཡོངས་ནས་བསྐྲུན་པ། གཞི་རྩའི་འཚོ་བའི་རོགས་སྐྱོར་དང་ཆེད་དོན་སྤྱི་ཚོགས་རོགས་སྐྱོར། དཀའ་བྲེལ་སྤྱི་ཚོགས་རོགས་སྐྱོར་གཙོ་བོ་རུ་བཟུང་ཞིང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པ་ཁ་གསབ་ཏུ་བྱས་ནས་རིམ་ལྡན་རིགས་དབྱེ་ཡི་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་མ་ལག་བཙུགས་ཤིང་འཐུས་ཚང་དུ་བཏང་། དཀའ་ངལ་གྱི་ཆེ་ཆུང་དང་དཀའ་ངལ་བསླངས་པའི་རྒྱུ་རྐྱེན། མ་མཐའི་འགན་ལེན་བྱ་ཡུལ་དང་དཀའ་ངལ་ཤིན་ཏུ་ཆེ་བའི་མི། མ་མཐའི་འགན་ལེན་མཐའ་ཁུལ་གྱི་ཁྱིམ་ཚང་། གཏོང་སྒོ་ཅན་གྱི་དཀའ་ངལ་ཁྱིམ་ཚང་སོགས་རོགས་སྐྱོར་ཚོགས་རིམ་གྱི་རིགས་བཀར་ཏེ་ཕྱོགས་བསྡུས་རོགས་སྐྱོར་གྱི་རྣམ་པ་གྲུབ་ཡོད།

རང་འགུལ་ཤེས་རྟོགས་ལམ་སྲོལ་འཐུས་ཚང་དུ་བཏང་བ། འདྲི་བཅར་དང་རོགས་སྐྱོར་མཁོ་བའི་དཀའ་ངལ་མང་ཚོགས་སྡེ་བའི་ཨུ་ཡོན་ལྷན་ཁང་སོགས་གཞི་རིམ་རྩ་འཛུགས་ཀྱི་གལ་ཆེའི་ལས་དོན་ནང་དོན་དུ་བཞག “ཏང་འཛུགས+སྤྱི་ཚོགས་རོགས་སྐྱོར”ཚོད་ལྟའི་ལས་དོན་སྤེལ་བ་ལ་གཞིགས་ནས་སྤྱི་ཚོགས་རོགས་སྐྱོར་གྱི་མཐའ་ཚད་འགན་སྲུང་དྲ་བ་དམ་པོར་བསླེས། ཚོད་ལྟའི་སྡེ་བ(སྡེ་ཁུལ)གཏན་འཁེལ་བྱས་པ་ལ་བརྟེན་ནས་གནས་གཅིག་གིས་ངོས་ཡོངས་ཁྱབ་ཀྱིས་དྲ་ཕྱིའི་རང་འགུལ་ཤེས་རྟོགས་དང་དྲ་སྟེང་གི་འགུལ་རྣམ་ཚད་ལེན་ལ་ཤུགས་བསྣན་ནས་རོགས་སྐྱོར་འདུ་ཤེས་ནི“གཞན་དབང་རོགས་སྐྱོར”ནས“རང་འགུལ་རོགས་སྐྱོར”དུ་བསྒྱུར་བར་སྐུལ་འདེད་བཏང་། དུས་མཚུངས་སུ། སྤྱི་ཚོགས་སྟོབས་ཤུགས་རང་འགུལ་ཤེས་རྟོགས་ནང་ཞུགས་པར་རྒྱབ་སྐྱོར་དང་སྣེ་ཁྲིད་དེ་རང་འགུལ་རོགས་སྐྱོར་མཉམ་ཤུགས་ཆགས་ཤིང་། དཀའ་ངལ་མང་ཚོགས་ཀྱི་རོགས་ཞུ་ལམ་བུ་ཤར་གཏོང་ལ་འགན་ལེན་བྱས་ནས་དུས་ཐོག་ཏུ་ཤེས་པ་དང་སྔ་མོ་ནས་ཐེ་གཏོགས། མྱུར་དུ་རོགས་སྐྱོར་བྱས།

རྟོག་འདོམས་མཛུབ་ཁྲིད་ཤུགས་ཚད་རྒྱུན་མཐུད་ཆེ་རུ་བཏང་བ། དུས་ཚོད་ངེས་ཅན་ནང་སྤྱི་ཚོགས་རོགས་སྐྱོར་ལས་དོན་སྤྱི་སྡོམ་བྱས་ཤིང་། ཡུལ་གྲོང་སོ་སོས་རོགས་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་གནད་སྨིན་དོན་འཁྱོལ་དང་རོགས་སྐྱོར་མ་དངུལ་བཀོལ་སྤྱོད་ཚད་ལྡན་ནུས་མཐོའི་དོ་དམ་བྱེད་པར་རྟོག་འདོམས་མཛུབ་ཁྲིད་བྱས་ཏེ་སྤྱི་ཚོགས་རོགས་སྐྱོར་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་དངོས་ཡོད་ཀྱིས་མཐོར་འདེགས་བཏང་ཞིང་དཀའ་ངལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ལ་ནུས་ལྡན་འགན་ལེན་བྱས། མིག་སྔའི་བར་དུ། རྟོག་འདོམས་མཛུབ་ཁྲིད་སྡོམ་པའི་ཐེངས18ལ་སྤེལ་ཞིང་། རོགས་སྐྱོར་ཡིག་ཚགས120ལྷག་ལ་སྐོང་བཤེར་བྱས། ཤིན་ཏུ་དཀའ་ངལ་ཆེ་བའི་རོགས་སྐྱོར་ཁྱིམ་ཚང་དང་མ་མཐའི་འགན་ལེན་ཁྱིམ་ཚང་། གནས་སྐབས་རོགས་སྐྱོར་ཁྱིམ་ཚང་། ནད་ཀྱིས་དབུལ་གྱུར་ནད་པའི་ཁྱིམ་ཚང་སོགས་ཁྱིམ་ཚང60ལྷག་ལ་སྒོ་རྩར་འཛུལ་ནས་བཤེར་འབེབས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号