རྐང་ཚས་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ལམ་བུ་རྒྱ་ཆེར་བཏང་།

ཉེ་བའི་ལོ་ཤས་རིང་ལ། མཚོ་བྱང་ཁུལ་རྐང་ཚ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུ་གཙོ་རྐང་དུ་བྱས་ཏེ། ཞིང་ཕྱུགས་ལས་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྐྱེ་ཁམས་ཕྱུགས་ལས་ཐོན་ལས་སྦྲེལ་ཐག་སྣུར་སྲིང་དང་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ་དང་། ཐད་གཉེར་ཚོང་ཁང་གི་ཁེབས་རྒྱ་སྔར་ལས་ཇེ་ཆེར་གཏོང་བ། ཟོང་རྟགས་དྲིལ་སྒྲོག་ནུས་ཤུགས་ཆེ་རུ་བསྐྱེད་པ། ཞབས་ཞུ་བྱེད་སྟངས་ཇེ་ལེགས་སུ་གཏོང་བཅས་བྱས་ཏེ། “རྐང་ཚའི་མཚོ་སྔོན་པོའི་བོད་ལུག”དང“རྐང་ཚའི་མཚོ་སྔོན་པོའི་ནོར་གནག”གི་ཆས་རྟགས་ཀྱི་རྒྱུད་འབྲེལ་གཉེར་སྐྱོང་ཐོན་ལས་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བཏང་བ་དང་།    སྐམས་ལུག་ཤ་ཕྱིར་འཚོང་གི“ཆེས་མཐའ་མའི་སྤྱི་ལེ་གཅིག”ཤར་གཏོང་ཐུབ་པ་བྱས་ཏེ། རྐང་ཚའི་ཞིང་ཕྱུགས་ཐོན་རྫས་ཞིང་ཆེན་ཕྱི་ནང་གི་ཁྲོམ་རའི་ཕྱོགས་སུ་སྔར་ལས་བསྐྱོད་དེ། སྐམས་ལུག་ཤའི་ཐོན་རྫས་སྤུས་ལེགས་དང་རིན་གོང་འོས་འཚམ་ཡིན་པ་མངོན་འགྱུར་བྱུང་བས། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱས།

རྐང་ཚ་རྫོང་གིས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ། ནོར་གནག་དང་བོད་ལུག་སོགས་གཙོ་ཁྲིད་ཐོན་ལས་ལ་དམིགས་ནས། “ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཟོང་རྟགས་འཛུགས་སྐྲུན།    ཁྲོམ་ར་གསར་སྤེལ”བཅས་ཟུང་དུ་སྦྲེལ་བའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་སྟེ།  《རྐང་ཚ་རྫོང་གི་རྫོང་ཁོངས་ཕྱིའི་སྐམས་ལུག་ཤ་ཐད་གཉེར་ཁང(ཐད་འཚོང་ཁང)གི་ཁ་གསབ་དང་བྱ་དགའ་སྤྲོད་ཐབས》བཏོན་པ་བརྒྱུད་ནས།   རྫོང་ཁོངས་ཀྱི་ཞིང་འབྲེལ་ཁེ་ལས་དང་གསོ་སྤེལ་མཉམ་ལས་ཁང་།   སྐྱེ་ཁམས་ཁྱིམ་ཚང་ཞིང་ཕྱུགས་ལས་ར་དང་དེ་བཞིན་སྒེར་གཉེར་བཟོ་ཚོང་བ་བཅས་ཀྱིས་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཐད་འཚོང་ཁང་དང་ཉམས་ལེན་ཁང་། བཟའ་བཏུང་ཚོང་ཁང་བཅས་འཛུགས་པར་སྐུལ་མ་བྱས་ཏེ།    ཞིང་ཆེན་ཕྱི་ནང་གི་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་ཁྲོམ་ར་གསར་བསྐྱེད་དང་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ཐབས་ལམ་ཆེར་བསྐྱེད། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས“རྐང་ཚའི་མཚོ་སྔོན་པོའི་ནོར་གནག”དང“རྐང་ཚའི་མཚོ་སྔོན་པོའི་བོད་ལུག”ཆས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་ཇེ་མཐོར་བཏང་ཡོད། ཐད་གཉེར་ཁང་བཙུགས་པ་ནས་བཟུང་། ཐོན་རྫས་ཀྱི་སྤུས་ཚད་བཟང་ལ་བྲོ་བ་ཞིམ་པས་རྒྱ་ཆེའི་འཛད་སྤྱོད་པའི་ཡིད་ཆེས་དང་གདེང་འཇོག་བཟང་པོ་ཐོབ་ཡོད།     མིག་སྔར་རྐང་ཚ་རྫོང་གིས་ཟི་ལིང་དང་ཞི་ཨན། ལེའོ་ཁྲིན། ཧོ་པེ། ཀོང་ཀྲིག་སོགས་སུ་སྐམས་ལུག་ཤ་ཐད་འཚོང་ཁང17བཙུགས་པར་བསགས་རྩིས་བྱས་ན་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི1500ལྷག་ཙམ་ཟིན་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号