མདོ་ལ་རྫོང་གིས་མང་ཚོགས་ཀྱི་ལས་སྒྲུབ་མྱོང་བ་ཇེ་ལེགས་སུ་བཏང་བ།

ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་སྲིད་དོན་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། མང་ཚོགས་དང་ཁྲོམ་རའི་བྱེད་པོའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ནས་ཁེ་ལས་ཀྱི་རེ་འདུན་དང་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ལ་དམིགས་ནས་སྲིད་དོན་ཞབས་ཞུའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

འཕྲི་ཐབས་མཐའ་འཁྱོངས་བྱས་ནས་སྲིད་དོན་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་སྒྲུབ་པ་དང་། ཡུལ་གཞན་དུ་ཚབ་ལེན་ཚབ་སྒྲུབ། ས་གནས་མང་པོས་མཉམ་དུ་སྒྲུབ་པ”བཅས་ཀྱི་ལས་ཀའི་བྱེད་སྟངས་ཧུར་ཐག་གིས་སྐུལ་འདེད་བཏང་ཞིང་། “གཅིག་འཐུས་ཡོངས་བཤད་དང་རྒྱུ་ཆ་གཅིག རེ་ཞུ་རེའུ་མིག་གཅིག སྒེའུ་ཁུང་གཅིག་ནས་སྒྲུབ་གཉེར། ཐེངས་གཅིག་གི་སྒྲུབ་འཐུས”ཀྱི་ལས་ཀའི་བླང་བྱ་དང་ལག་ཁྱེར་ཉུང་གཏོང་གི་དམངས་ཕན་བྱ་སྤྱོད་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་ཁེ་ལས་དང་མང་ཚོགས་ལ“ཞིང་ཆེན་བརྒལ་བ”“ས་གཞན་བརྒལ་བ”ཡི་གནད་དོན་ཐག་གཅོད་བྱས་ཏེ་ཁེ་ལས་དང་མང་ཚོགས་ཀྱིས་ས་ཆ་གཞན་ནས་སྲིད་དོན་ཞབས་ཞུའི་དོན་དག་སྒྲུབ་པར་ཕན་བདེ་བསྐྲུན། མིག་སྔའི་བར་དྲ་ཐོག་ནས་སྒྲུབ་པའི་དོན་ཚན228དང་། འཕྲལ་མར་སྒྲུབ་པའི་དོན་ཚན113 དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་པའི་དོན་ཚན་ཁག16 ཞིང་ཆེན་བརྒལ་ནས་སྒྲུབ་པའི་དོན་ཚན82 ཁས་ལེན་དོན་ཚན་ཁག60 བདག་སྤྲོད་བྱེད་དགོས་པའི་དོན་ཚན28 “ང་ཡིས་དམངས་དང་ལྷན་དུ་བརྒྱུད་རིམ་བགྲོད་པའི”གཙོ་གནད་དོན་ཚན76བཅས་གསེད་བཀྲོལ་དང་ལེགས་སྒྱུར་བྱས།

སྣོན་ཐབས་མཐའ་འཁྱོངས་བྱས་ནས་སྲིད་དོན་ཞབས་ཞུ་གསར་གཏོད་ལ་སྐུལ་འདེད་བཏང་བ། གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་དྲ་ཐོག་དང་དྲ་ཕྱིའི་སྲིད་དོན་ཞབས་ཞུའི་དོན་ཚན་སྣ་ཚོགས་བསྡུ་སྒྲིལ་དང་འབྲེལ་མཐུད་བྱས་ཤིང་། “ལས་ཆོད་ཆེ་བའི་སྒོ་ནས་དོན་དག་གཅིག་སྒྲུབ་པ”དང་འབྲེལ་བ་ཡོད་པའི་སྲིད་དོན་ཞབས་ཞུའི་དོན་ཚན་དང་། ཁེ་ལས་དང་མང་ཚོགས་ཀྱིས་སྒྲུབ་མང་བའི་དོན་ཚན་དང་དེ་བཞིན“12345”སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གཙོ་གནད་དུ་དམིགས་ཏེ། “ང་ཡིས་དམངས་དང་ལྷན་དུ་བརྒྱུད་རིམ་བགྲོད་པའི”གཙོ་གནད་དོན་གནད་གསལ་ཐོ་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་། ཝུའུ་ཁུང་ཚྭ་མཚོ་ཚད་ཡོད་ཀུང་སི་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་རོགས་སྐྲུན་མ་དངུལ་སྒོར་ཁྲི8ལྷག་བརྩོན་ལེན་བྱས་ཏེ་ལྟེ་གནས་དམངས་ཕན་ཞབས་ཞུ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སུ་གཏོང་རྒྱུར་སྤྱད་དེ་མང་ཚོགས་དང་ཁེ་ལས། ལྷག་པར་དུ་དབང་པོ་སྐྱོན་ཅན་དང་། རྒན་པ། དམག་ལོག་དམག་མི་སོགས་དམིགས་བསལ་ཚོགས་སྤྱིར་སྟབས་བདེ་དང་མྱུར་བའི་ཞབས་ཞུ་མཁོ་འདོན་བྱས་ནས་སྲིད་དོན་ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བྱས་ཡོད། མིག་སྔའི་བར་འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་པ་དང་དབང་པོ་སྐྱོན་ཅན་མི་ཐེངས1500ལྷག་ལ་སྒོ་རྩར་ཞབས་འདེགས་ཞུས།

སྒྱུར་ཐབས་མཐའ་འཁྱོངས་བྱས་ནས་སྲིད་དོན་ཞབས་ཞུའི་མྱོང་བ་ཇེ་ལེགས་སུ་བཏང་བ། ཞབས་ཞུ་བྱ་ཡུལ་གྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་པ་དང་། སྒེའུ་ཁུང་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ཏེ“བཟང་ངན་དཔྱད་འདེམས”ལམ་ལུགས་དེ་སྲིད་དོན་ཞབས་ཞུའི་ལས་དོན་གྱི་དཔྱད་འཇོག་གལ་ཆེན་ཞིག་ཏུ་བརྩིས་ནས་དྲ་ཕྱི་དྲ་ཐོག་གི་གདེང་འཇོག་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་པ་བྱས་ཏེ“བཟང་ངན་དཔྱད་འདེམས”དཔྱད་འཇོག་ཆས་དང་། དཔྱད་འཇོག་རེའུ་མིག སྤོ་འགུལ་མཐའ་སྣེའི་བེད་སྤྱོད། དམངས་བདེ་ཞབས་ཞུའི་ཐད་སྦྲེལ་སོགས་ལེགས་པོར་སྤྱད་ཅིང་། “དོན་གཅིག་དཔྱད་གཅིག”“ཐེངས་གཅིག་དཔྱད་གཅིག”གི་དཔྱད་འཇོག་རྣམ་པ་བརྒྱུད་སྲིད་དོན་ཞབས་ཞུ་ལ“ལྟ་འཛིན་ཆས”སྤྲད་པ་དང་། བསྒྱུར་ཐབས་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མུ་མཐུད་མཐོ་རུ་བཏང་སྟེ་ཁེ་ལས་ལ་ཕན་ཞིང་མང་ཚོགས་ཀྱི་སྐྱིད་སྣང་། བདེ་སྣང་། ཐོབ་སྣང་ཤུགས་དྲག་ཏུ་བཏང་། མིག་སྔའི་བར་དུ། ཡིག་ཐོག་ནས་དཔྱད་འཇོག་ཧ་ཅང་ཡིད་འཚིམ་པ5019དང་ཡིད་འཚིམ་པ2127ཡོད། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号