རྐང་ཚ་རྫོང་གི2024ལོའི་ནོར་ལུག་ཕྱིར་འཚོང་ལ་སྐུལ་འདེད་གཏོང་བའི་བྱ་དགའ་སྤྲོད་ཐབས།

ལེའུ་དང་པོ།   སྤྱིའི་རྩ་དོན།

གསོ་སྤེལ་ཁྱིམ་ཚང་གི་ནོར་ལུག་ཕྱིར་འཚོང་གི་ཧུར་བརྩོན་རང་བཞིན་སྔར་ལས་ཡར་སྐུལ་དང་ཁྲོམ་རའི་འཁོར་རྒྱུག་ལ་སྐུལ་འདེད།

 ཐོན་སྐྱེད་དང་ཕྱིར་འཚོང་གཉིས་འབྲེལ་མཐུད་བྱས་ནས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱ་ཆེད། 《རྐང་ཚ་རྫོང་གི2024ལོའི་ནོར་ལུག་ཕྱིར་འཚོང་ལ་སྐུལ་འདེད་གཏོང་བའི་བྱ་དགའ་སྤྲོད་ཐབས་》(གཤམ་དུ་བྱེད་ཐབས་ཞེས་བསྡུ་རྒྱུ)གཏན་འབེབས་བྱས་ཡོད།

དོན་ཚན་དང་པོ། བྱེད་ཐབས་འདིའི་ནང་བརྗོད་པའི་ནོར་ལུག་ཕྱིར་འཚོང་ལ་སྐུལ་འདེད་གཏོང་བའི་བྱ་དགའི་མ་དངུལ(གཤམ་དུ་བྱ་དགའི་མ་དངུལ་ཞེས་བསྡུ་རྒྱུ)དེ་ནི་ནོར་ལུག་ཕྱིར་འཚོང་བྱེད་མཁན་གསོ་སྤེལ་ཁྱིམ་ཚང་ལ་བྱ་དགའ་སྤྲོད་པའི་རྫོང་རིམ་པའི་ཕྱིར་འཚོང་ཁ་གསབ་མ་དངུལ་ལ་ཟེར་ཞིང་མ་དངུལ་གྱི་གྲངས་འབོར་སྒོར་ཁྲི300ཡན་སྤྲོད་རྒྱུ།

དོན་ཚན་གཉིས་པ། བྱ་དགའི་མ་དངུལ་གྱིས་མཁོ་སྤྲོད་མང་པ་ལ་བྱ་དགའ་མང་པོ་དང་འགན་དབང་འདྲ་མཉམ། ཕན་འབྲས་ལ་དོ་སྣང་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ།

ལེའུ་གཉིས་པ།   གཟིགས་སྐྱོང་སྲིད་ཇུས་ཀྱི་རོགས་སྐྱོར་བྱ་ཡུལ་དང་ཆ་རྐྱེན།

དོན་ཚན་གསུམ་པ། བྱ་དགའི་ཁ་གསབ་སྤྲོད་ས་ནི་རྫོང་ཁོངས་ཀྱི་ཕྱུགས་རིགས་གསོ་ཚགས་བྱེད་མཁན་སྤྱིར་བཏང་གི་རོང་འབྲོག་ཁྱིམ་ཚང་དང་། ཁྲོམ་ར་ལྟ་སྐུལ་སྡེ་ཁག་ཏུ་ཐོ་འགོད་བྱས་པའི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ལས་སྣོན་ཁེ་ལས། ནོར་ལུག་གསོ་སྤེལ་མཉམ་ལས་ཁང་། ཁྱིམ་ཚང་ཕྱུགས་ར་བཅས་ཡིན།

དོན་ཚན་བཞི་བ།  བྱ་དགའི་མ་དངུལ་ཁྱོན་སྒོར་ཁྲི300ཡོད་ལ། ཁ་གསབ་ཀྱི་རྩ་དོན་ནི་སྔོན་ལ་ཁ་གསབ་བྱེད་པ་དང་དུས་ཐོག་ཏུ་བྱ་དགའ་སྤྲོད་པ། བྱ་དགའི་མ་དངུལ་སྤྲོད་ཚར་རག་བར་དུ་ལག་བསྟར་བྱ་རྒྱུ།

དོན་ཚན་ལྔ་བ། 2024ལོའི་ཟླ9བའི་ཚེས1ཉིན་ནས་ཟླ11པའི་ཚེས30ཉིན་ཕྱིར་འཚོང་བྱས་པའི་ལུག་རེར་སྒོར30དང་ནོར་རེར་སྒོར50ཡོད་ལ། ཟླ12པའི་ཚེས1ཉིན་ནས་ཟླ12པའི་ཚེས31ཉིན་བར་ཕྱིར་འཚོང་བྱས་པའི་ལུག་རེར་སྒོར20དང་ནོར་རེར་སྒོར40སྟེར་རྒྱུ་རེད། རྐང་ཚ་རྫོང་གི་གསོན་ཕྱུགས་ཉོ་ཚོང་ལྟེ་གནས་སུ་ཐོ་འགོད་བྱས་པའི་རེའུ་མིག་ལྟར་བྱ་དགའི་ཁ་གསབ་སྤྲོད་རྒྱུ་དང་། གསོན་ཕྱུགས་ཉོ་ཚོང་ཁྲོམ་རར་བཙོང་བ་མིན་པ་དག་ལ་ནད་ཡམས་བརྟག་བཤེར་འཛིན་ཡིག་གཞིར་བཟུང་ནས་ནོར་ལུག་གི་ཁ་གསབ་སྤྲོད་རྒྱུ།

དོན་ཚན་དྲུག་པ། ས་གནས་མཉམ་ལས་ཁང་དང་། ནོར་ལུག་ཤ་ལས་སྣོན་ཁེ་ལས་ཀྱིས་དབུལ་ཕོངས་ཁྱིམ་ཚང་དང་གནས་སྤར་ཁྱིམ་ཚང་། ལྟ་ཞིབ་ཚད་ལེན་ཁྱིམ་ཚང་སོགས་ལ་བཙོང་བར་ལུག་རེར་ཁ་གསབ་སྒོར20དང་ནོར་རེར་སྒོར40སྤྲོད་རྒྱུ།

དོན་ཚན་བདུན་པ། ས་གནས་རོང་འབྲོག་ཁྱིམ་ཚང་དང་མཉམ་ལས་ཁང་། ཁྱིམ་ཚང་ཕྱུགས་ར་སོགས་ཀྱིས2024ལོའི་ཟླ9བའི་ཚེས1ཉིན་ནས་ཞིང་ཆེན་ཕྱི་ལ་ཕྱིར་འཚོང་བྱས་པའི་ནོར་ལུག་ཤ་ཏུན་ལྟར་ཁ་གསབ་སྤྲོད་རྒྱུ།

དོན་ཚན་བརྒྱད་པ། ས་གནས་རོང་འབྲོག་ཁྱིམ་ཚང་དང་མཉམ་ལས་ཁང་། ཁྱིམ་ཚང་ཕྱུགས་ར་བཅས་ལ་རིན་མེད་ངང་འཁྱག་ཉར་བྱེད་ས་འདོན་སྤྲོད་བྱེད་མཁན་ཁེ་ལས་ལ་འཁྱག་ཉར་བྱེད་ཚད་རིམ་རྩིས་ལྟར་ཁ་གསབ་སྤྲོད་རྒྱུ། 

དོན་ཚན་དགུ་བ། ནོར་ལུག་ཕྱིར་འཚོང་གི་ཁ་གསབ་མ་དངུལ་དེ་ཀུན་ཁྱབ་བྱང་བུ་དང་གཉེར་སྐྱོང་པས་གཞུང་གི་གཞི་རྩའི་རྣམ་པའི་ཐོག་ནས་སྤྲོད་དགོས། ཤང་དང་གྲོང་རྡལ་སོ་སོས་ཁུལ་ནས་གཏན་འཁེལ་བྱས་པའི་ཕྱིར་འཚོང་གི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱས་རྗེས། ཁུལ་རིམ་པའི་བྱ་དགའི་མ་དངུལ་གཤམ་སྤྲོད་བྱས་པ་གཞིར་བཟུང་ཤང་དང་གྲོང་རྡལ་ཁག་གི་ཕྱིར་འཚོང་ལས་འགན་ལེགས་འགྲུབ་བྱས་ཚུལ་ལ་བྱ་དགའ་སྤྲོད་རྒྱུ།

དོན་ཚན་བཅུ་བ།  ཚོང་སྐུལ་བྱ་འགུལ་ནང་ཞུགས་མཁན་ལ་རྐང་ཚ་རྫོང་ཞིང་ཁུར་ཀུང་སི་དང་ནོར་སྲིད་ཅུ་ཕྱོགས་གཉིས་ཀྱི་དངུལ་བུན་སྐྱེད་གསབ་སྲིད་ཇུས་ལོངས་སྤྱོད་བྱས་ཆོག

དོན་ཚན་བཅུ་གཅིག་པ།  ཚོང་སྐུལ་བྱ་འགུལ་ནང་ཞུགས་མཁན་གྱིས་སྔོན་ལ་རྐང་ཚ་རྫོང་གི་ཉོ་ཚོང་གཟིགས་སྐྱོང་འཆར་གཞི་མཉམ་འབྲེལ་དངུལ་ཁང་གི་དངུལ་བུན་ཞིབ་མཆན་འགོད་པའི་གོ་རིམ་ནང་ཞུགས་ནས་སྐྱེད་ཀའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱས་ཆོག

དོན་ཚན་བཅུ་གཉིས་པ།  ཚོང་སྐུལ་བྱ་འགུལ་ནང་ཞུགས་མཁན་གྱིས་སྔོན་ལ་མཉམ་འབྲེལ་དངུལ་ཁང་གི་ཆེས་དམའ་བའི་སྐྱེད་ཀའི་ཚད་ལོངས་སུ་སྤྱད་ཆོག

 དོན་ཚན་བཅུ་གསུམ་པ།  ཚོང་སྐུལ་བྱ་འགུལ་ནང་ཞུགས་མཁན་གྱིས་སྔོན་ལ་རྒྱལ་ཁབ་ཀྱི་ཁྲལ་བསྡུ་ཆག་ཡང་དང་ཉུང་འཕྲིའི་སྲིད་ཇུས་ལོངས་སུ་སྤྱད་ཆོག

ལེའུ་གསུམ་པ། བྱ་དགའི་ཞིབ་བཤེར་ཚད་གཞི།

དོན་ཚན་བཅུ་བཞི་བ། ཞིབ་བཤེར་གཏན་འབེབས་ཀྱི་བྱ་དགའི་ཚད་གཞི་ནི་རྫོང་དང་གྲོང་རྡལ་གྱི་ཕྱུགས་སྨན་ས་ཚིགས་ཀྱི་རིམས་ནད་བརྟག་བཤེར་འཛིན་ཡིག་གམ་ཡང་ན་རྐང་ཚ་རྫོང་གི་ཕྱུགས་ལས་ཉོ་ཚོང་ཚོང་རའི་ཐོ་འགོད་རེའུ་མིག་གཞིར་འཛིན་དགོས།

ལེའུ་བཞི་བ། ཞར་བྱུང་དོན་ཚན།

དོན་ཚན་བཅོ་ལྔ་བ། གཟིགས་སྐྱོང་སྲིད་ཇུས་ཀྱི་རོགས་སྐྱོར་དང་ལེན་བྱེད་མཁན་གྱི་གསོ་སྤེལ་ཁྱིམ་ཚང་གིས་མ་དངུལ་གྱི་བྱ་དགའ་གཡོ་ལེན་བྱས་མི་ཆོག  གལ་ཏེ་དེ་འདྲ་ཤེས་རྟོགས་རྩད་ཆོད་བྱུང་ཚེ། བཀོད་སྒྲིག་བྱས་ཟིན་པའི་བྱ་དགའི་མ་དངུལ་ཕྱིར་བསྡུ་རྒྱུ་ཡིན་པ་མ་ཟད། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ།

དོན་ཚན་བཅུ་དྲུག་པ།  བྱེད་ཐབས་འདི་རྐང་ཚ་རྫོང་གི་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུ་ཡིས་འགྲེལ་བཤད་རྒྱག་རྒྱུའི་འགན་འཁུར་ཡོད།

དོན་ཚན་བཅུ་བདུན་པ། བྱེད་ཐབས་འདི་2024ལོའི་ཟླ9པའི་ཚེས1ཉིན་ནས་ལག་བསྟར་བྱེད་རྒྱུ་དང2024ལོའི་ཟླ12པའི་ཚེས31ཉིན་མཇུག་སྒྲིལ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号