མདོ་ལའི་ཤ་མོ་སེར་པོས་ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་བ།

2015ལོར་མདོ་ལ་རྫོང་ལ“ཀྲུང་གོའི་ཤ་མོའི་ཕ་ཡུལ”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ། 2008ལོར“མདོ་ལ་རིང་མོའི་ཤ་མོའི”རྒྱལ་ཁབ་ས་ཁམས་ཐོན་རྫས་ཀྱི་མཚོན་རྟགས་དཔང་ཡིག་གི་ཚོང་རྟགས་ཐོབ། “མདོ་ལ་རིང་མོའི་ཤ་མོའི”སྐྱེས་སྟོབས་རྒྱས་ཤིང་མཉེན་པའི་དབང་གིས་དྲི་ཞིམ་ཞིང་བཅུད་ལྡན་པ་དང་ལྷག་པར་དུ“སེ”འདུས་པས་སྨན་སྤྱོད་རིན་ཐང་ཅུང་མཐོ་ལ། མི་རྣམས་ཀྱིས་དགའ་མོས་བྱེད། ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་རྒྱུན་འཁྱོངས་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་སྲིད་གཞུང་གིས་ཁྲིད་སྟོན་དང་ཚན་རྩལ་གྱིས་འདེགས་སྐྱོར། ཞིང་ཁྱིམ་ཞུགས་པ་བཅས་བྱས་པ་བརྒྱུད“ཤ་མོའི”ལེགས་ཆ་རྒྱ་བསྐྱེད་དེ“ཤ་མོའི”ཐོན་ལས་སྔོག་འདོན་གཏིང་ཟབ་བྱས་ཤིང་། ཤ་མོ་སེར་པོ་ཉོ་སྒྲུབ་དང་ལས་སྣོན། ཕྱིར་ཚོང་བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ནས། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་པར་འབབ་འཕར་ཡོང་རྒྱུར་སྔར་བས་སྐུལ་ཁྲིད་བྱས་ཏེ་མང་ཚོགས་ཀྱི་སྒོ་འགྲམ་གྱི་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་བསྐྱེད།

“ལྟེ་གནས་ཆུང་ངུ”ཡིས་ཚོང་ར་ཆེན་པོ་གསར་འབྱེད་བྱས་པ། མདོ་ལ་རྫོང་གིས་སྐྱེ་ལྡན་རྩྭ་ར་མུའུ་ཁྲི1409.12ལ་བརྟེན་ནས་ཤ་མོའི་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ། དེ་སྔའི་རོང་འབྲོག་པས་འཚོལ་བསྡུ་དང་ཉོ་སྒྲུབ་ཚོང་པས་ཁ་ཐོར་ཉོ་སྒྲུབ་གཙོ་བོར་བྱེད་པའི་ཤ་མོ་སེར་པོའི་ཉོ་ཚོང་བྱེད་སྟངས་མེད་པར་བཟོས་ལ། སྲིད་གཞུང་གིས་ཁྲིད་སྟོན་དང་ཁྲོམ་རའི་འཁོར་སྐྱོད། ལས་རིགས་བསྡུ་སྒྲིལ་བཅས་རྩ་དོན་དུ་བྱས་ནས“ཐོན་ལས་གསར་བ་དང་བྱེད་པོ་གསར་བ། ལས་སྟེགས་གསར་བ”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་ཚོང་དོན་དང་ལས་སྣོན་ཐོག་མ་སོགས་གཞི་གཅིག་ཅན་གྱི་མཚོ་སྔོན་ཞིང་ཆེན་གྱི་ཤ་མོ་སེར་པོ་བསྡུ་འགྲེམ་ལྟེ་གནས་ཐོག་མ་དེ་ལེགས་སྒྲིག་བྱས་པ་དང་། མདོ་ལ་རིང་མོའི་ཤ་མོའི་ཆས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཁྲོམ་རའི་ཤུགས་རྐྱེན་ཐེབས་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། སྐྱེ་ཁམས་རིན་ཐང་དེ་སྔར་བས་མཐོ་བའི་དཔལ་འབྱོར་གྱི་རིན་ཐང་དུ་འགྱུར་བར་སྐུལ་འདེད་བཏང་ཞིང་། བསྡུ་འགྲེམ་ལྟེ་གནས་ཀྱི་སྒོ་བྱང་བཀལ་བའི་ཉིན་དང་པོར་ཉོ་ཚོང་བྱེད་ཚད་རྒྱ་མ1740ཟིན་པ་དང་ཉོ་ཚོང་བྱེད་ཚད་སྒོར་ཁྲི10.44ཟིན་ཡོད། རོང་འབྲོག་ཁྱིམ་ཚང་གིས་ཤ་མོ་འཚོལ་བསྡུ་དང་ཕྱིར་ཚོང་བྱས་པར་བརྟེན་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར3000ལྷག་ཙམ་བྱུང་ཡོད།

“ཟས་མཆོག་ཆུང་ཆུང”གིས་ཐོན་ལས་ཆེན་པོ་སྦྲེལ་བ། ཤ་མོ་སེར་པོའི་ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་བ་དང་ཤ་མོ་སེར་པོའི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་ཆེད། ཁ་ཐོར་ཁྱིམ་ཚང་གི་གཞི་ཁྱོན་ཆུང་བའི་ཤ་མོའི་ཐུམ་སྒྲིལ་འཚོང་བའི་རྨང་གཞིའི་ཐོག་ཡུལ་བབ་དང་བསྟུན་ནས་ལས་སྣོན་ཞིབ་ཚགས་སྒོས་ཐོན་ལས་འཕེལ་རྒྱས་སུ་བཏང་ལ། སྣེ་འདྲེན་ཁེ་ལས་དང་དཔལ་འབྱོར་མཉམ་ལས་རྩ་འཛུགས་གསར་བའི་ཞབས་ཞུ། སྐུལ་ཁྲིད་དང་གཅིག་སྡུད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བཅས་བྱས་ཏེ་སྒོར་ཁྲི120བཏང་ནས་ཤ་མོ་སེར་པོའི་ལས་སྣོན་ཐོན་རྫས་ཐོན་སྐྱེད་སྦྲེལ་ཐག་འཛུགས་སྐྲུན་བྱས་ལ། མདོ་ལའི་ཤ་སེར་གྱི་བག་ལེབ་དང་ཤ་སེར་གྱི་འདག་ཁུ། ཤ་སེར་གྱི་སྐོམ་ཆུ་སོགས་ལས་སྣོན་ཞིབ་ཚགས་ཅན་གྱི་ཐོན་རྫས་ཞིབ་བཟོ་བྱས་ཏེ། མདོ་ལའི་ཤ་མོ་སེར་པོ“བརྔོ་ཚོད་སྡེར་མ་གང” ནས་ཞོར་ཟས་ཁུག་མ་གང་དུ་བསྒྱུར་ལ། ཤ་སེར་འདག་བསྙལ་དང་བདེ་སྲུང་ཐོན་རྫས་སྒམ་གང་དུ་བསྒྱུར། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཤ་སེར་ཚོང་རྟགས་གསར་སྐྲུན་བྱས་པར་མ་ཟད། ཤ་སེར་ཁྱད་ལྡན་ཐོན་རྫས་ནི་མདོ་ལའི་གནས་སྐོར་ཁྲོམ་རའི“བྲིན་ཚོང”དུ་གྱུར། དེ་དང་ཆབས་ཅིག “མདོ་ལ་རིང་མོའི་ཤ་མོའི”ལྟེ་བའི་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ཐེན་ཅིན་ཚན་རྩལ་སློབ་ཆེན་གྱིས་མདོ་ལ་རྫོང་གི་ཤ་མོའི་ཐོན་ལས་ཀྱི་རྩེར་སོན་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནད་དོན་ཐད་མཉམ་ལས་འདོད་མཐུན་ཁག6བཞག་ནས་མདོ་ལ་རིང་མོའི་ཤ་མོའི་ཁྱད་ལྡན་ཐོན་ལས་ལས་སྣོན་ཞིབ་ཚགས་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།

“ཐབས་ལམ་ཆུང་ངུ”ལས“དངུལ་གྱི་ཡོང་འབབ”ཆེན་པོ་ཐོན་ཡོད། མདོ་ལ་རིང་མོའི་ཤ་མོའི་སྤུས་ཚད་སྔར་བས་ཇེ་མཐོར་གཏོང་ཆེད། སྤུས་རྟགས་འཛུགས་སྐྱོང་དང་ཁྲོམ་ར་ཁྱབ་གདལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ཐབས་ལམ་མང་པོའི་ཐོག་ནས་ཤུགས་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དྲ་ལམ་དུ་ཤ་མོ་ཕྱིར་ཚོང་ལས་སྟེགས་བསྐྲུན་པ་དང་། གཞི་གྲངས་ཅན་གྱི་གོ་སྐབས་དམ་འཛིན་བྱེད་པ། གློག་རྡུལ་ཚོང་དོན་དང་དངོས་ཟོག་འཁྱེར་ནས་ཐད་གཏོང་སོགས་ཕྱུགས་ལས་ཐོན་རྫས་འཕེལ་རྒྱས་སུ་བཏང་ནས“ཡུལ་ཟོག་ཐོན་རྫས”དེ“དྲ་རྒྱ”དང་ཐུག་ནས་དམངས་ཕྱུག་གྲོང་ཚོའི་བདེ་སྐྱིད་འབྲས་བུ་ཞིག་ཏུ་འགྱུར་བར་བྱེད་དགོས། དྲ་ལམ་ནས་ཞིང་ཆེན་ཕྱི་ནང་གི་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་ཚོགས་འདུ་དང་། དངོས་མང་སྟོན་ཚོགས། འོས་སྦྱོར་ངོ་སྤྲོད་ཚོགས་འདུ་བཅས་ལ་ཧུར་ཐག་ཏུ་ཞུགས་ནས་སྤུས་རྟགས་བརྒྱུད་སྤེལ་བྱས། “མདོ་ལ་རིང་མོའི་ཤ་མོར”ཀྲུང་གོའི་ལྗང་མདོག་བཟའ་བཅའི་དངོས་མང་སྟོན་ཚོགས་སྐབས་ཉེར་གཉིས་པའི་གསེར་གྱི་བྱ་དགའ་ཐོབ་པ་དང་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་སྔར་བས་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག རིགས་ཁག་གི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཚོང་ཁང་དང་། མཛེས་ལྗོངས་ཁུལ། ཞིང་པའི(འབྲོག)སྤྲོ་སྐྱིད་གླིང་། བཟའ་བཏུང་ཁེ་ལས་བཅས་དང་དེ་བཞིན་ཞིམ་ཟས་དུས་ཆེན་ལ་བརྟེན་ནས་དྲིལ་སྒྲོག་འོས་སྦྱོར་ལ་ཤུགས་བསྣོན་པ་དང་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ཏེ་མདོ་ལ་རིང་མོའི་ཤ་མོ་དེ་རོང་འབྲོག་པའི་འབབ་འཕར་གྱི་ལམ་བུ་གསར་བར་འགྱུར་བར་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号