མཚོ་བྱང་གིས་དམངས་ཕན་བྱེད་ཐབས་སྤྱད་དེ་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་ལ་ལེགས་སྐྱེས་ཕུལ་བ།

ད་ལོ་ནས་བཟུང་། མཚོ་བྱང་ཁུལ་གྱིས"ཁྲི་སྟོང་བཟོ་སྐྲུན"གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་རོང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བའི་ལྟེ་བའི་ལས་འགན་དམ་པོ་བཟུང་ནས། འབྲུ་རིགས་བདེ་འཇགས་དང་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཐོན་པའི་མཐའ་ཚད་གཉིས་བརྟན་པོར་བསྲུངས་ཏེ་གྲོང་གསེབ་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གོམ་སྟབས་གསར་པ་སྤོས་ཡོད།

ད་ལོའི་ལོ་སྟོད་དུ། ཁུལ་ཡོངས་ཀྱིས་ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར1.68བཏང་པ་དང་། རོང་འབྲོག་པ་མི་ཐེངས་ཁྲི3.91གི་ལས་ཞུགས་གཞན་སྒྱུར་བྱས། རོང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར7784ཟིན་པ་དེ་ལོ་སྔོན་མའི་དུས་མཚུངས་ལས6.8%འཕར་ཡོད། དུས་ཚིགས་སྔོན་མ་གསུམ་པའི་རིང་དབུལ་སྒྲོལ་མང་ཚོགས་ཀྱི་ཡོང་འབབ་སྒོར15549.13ཟིན་པ་དེ་ལོ་སྔོན་མའི་དུས་མཚུངས་ལས11.78%འཕར་ཡོད། ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འགག་སྒྲོལ་དཀའ་སེལ་བྱས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་དང"ཞིང་གསུམ"ལས་སྒྲུབ་པས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཀྲུང་གོའི་ལྟོ་ཕོར་རང་གི་ལག་ཏུ་དམ་དུ་འཛིན་པའི་ཐད་འབད་འཐབ་ལྷོད་མེད་བྱས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་གཏོང་ཆེད་རྨང་གཞི་བརྟན་དུ་བཏང་།

འདེབས་འཛུགས་ལས་རིགས་ཀྱི་ཐོན་ནུས་སླར་ཡང་མཐོ་རུ་ཕྱིན་པ།

"འབྲུ་རིགས་བརྟན་ལ་སྣུམ་རིགས་མང་བ། སྔོ་ཚལ་གྱི་རྒྱ་ཇེ་ཆེར་གཏོང་བའི"འདེབས་འཛུགས་ལས་རིགས་གོང་འཕེལ་གཏོང་རྒྱུའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་འདེབས་འཛུགས་ཁྱིམ་ཚང་ཆེ་གྲས་དང་ཞིང་པ་མང་ཚོགས་ཀྱི་འདེབས་འཛུགས་གྲུབ་ཆ་ལུགས་མཐུན་ལེགས་སྒྲིག་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཁྱོན་བསྡོམས་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི85.66དོན་འཁྱོལ་བྱས་པའི་ཁྲོད། འབྲུ་རིགས་སྐྱེ་དངོས་མུའུ་ཁྲི34.90དང་། སྣུམ་རྒྱུའི་སྐྱེ་དངོས་མུའུ་ཁྲི43.19། སྔོ་ཚལ་སྐྱེ་དངོས་མུའུ་ཁྲི0.94། དེ་མིན་ལོ་ཏོག་གཞན་དག་མུའུ་ཁྲི6.63བཅས་ཡོད་ལ་འབྲུ་སྣུམ་གྱི་སྣ་ཁ་གསར་པ་དང་ལག་རྩལ་གསར་པ་མུའུ་ཁྲི58.48ཁྱབ་གདལ་ཧུར་ཐག་བཏང་ཡོད། "ཁྲི་སྟོང་བརྒྱ་བཅུའི"ནས་ཀྱི་ལྗང་མདོག་ཡིན་ཞིང་ཐོན་ཚད་མཐོ་བ། ཕན་ནུས་ཆེ་བའི་དཔེ་སྟོན་ཁུལ་མུའུ་ཁྲི16བཏོད་པ་དང་། གཙོ་གནད་དཔེ་སྟོན་ཁུལ་མུའུ་ཁྲི3.2བཏོད་པ་དང་། མུའུ་ཁྲི་ཟིན་པའི་དཔེ་སྟོན་ས་ཚིགས་མུའུ་ཁྲི2། མུའུ་སྟོང་ཟིན་པའི་དཔེ་སྟོན་ས་ཚིགས་མུའུ་ཁྲི1དང་། མུའུ་བརྒྱའི་འགྲེམས་སྟོན་མུའུ་ཁྲི0.2། ཁྱབ་འགྱེད་སྐུལ་ཁྲིད་མུའུ་ཁྲི12.8བྱས་ཡོད། འབྲུ་སྣུམ་སོན་བཟང་ཅན་དུ་འགྱུར་ཚད98%ཡན་ཟིན། མིག་སྔའི་བར། ཁྱོན་ཞིང་ལས་སྐྱེ་དངོས་སྣ་ཚོགས་མུའུ་ཁྲི28.68(འབྲུ་རིགས་སྐྱེ་དངོས་མུའུ་ཁྲི21.99བསྡུས་ཤིང་སྣུམ་རྒྱུའི་སྐྱེ་དངོས་མུའུ་ཁྲི3.12བསྡུས། དེ་མིན་ལོ་ཏོག་གཞན་དག་མུའུ་ཁྲི3.18)བསྡུས། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་འབྲུ་རིགས་སྐྱེ་དངོས་མུའུ་རེའི་ཆ་སྙོམས་ཐོན་ཚད་སྤྱི་རྒྱ208ཟིན་པ་དང་། ཐོན་ཚད་བསྡོམས་འབོར་ཏུན་ཁྲི7.25ཟིན་ནས་དམིགས་ཚད་ཐོན་ཚད་ལས9%ཡན་འཕར་རྒྱུ་རེད།  སྣུམ་རྒྱུའི་ལོ་ཏོག་མུའུ་རེའི་ཆ་སྙོམས་ཐོན་ཚད་སྤྱི་རྒྱ104ཟིན་པ་དང་། ཐོན་ཚད་བསྡོམས་འབོར་ཏུན་ཁྲི4.57ཟིན་རྒྱུ་ཡིན་པ་དེ་དམིགས་ཚད་ཐོན་ཚད་ལས8%ཡན་མཐོ་རུ་ཕྱིན་ནས་ཐོན་འབབ་མཐོ་ཞིང་ཐོན་འབབ་མང་བ། བྲིན་འཚོང་མང་བ་བཅས་མངོན་འགྱུར་ཡོང་བར་འབད་བརྩོན་བྱས་ཡོད།

ཞིང་ཕྱུགས་ཐོན་ལས་སླར་ཡང་སྟོབས་ཆེར་བཏང་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོན་ལས་འཕེལ་རྒྱས་ལ་བཅོལ་བའི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་མུ་མཐུད་དུ་བོད་ལུག་དང་ནོར་གནག ནས། ལོག་དཀར། གཟན་རྩྭ་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་ལྔ་མུ་མཐུད་རྒྱ་ཆེར་བཏང་ཞིང་། སྐམ་ཤ་དང་ལུག་ཤ སྦྲང་རྩི། ཤ་མོ། ཆུ་གྲང་ཉ། སེར་ཤ། གྲོ་མ། སྔོ་ཚལ་བཅས་ཁྱད་ལྡན་ཐོན་ལས་བརྒྱད་སྤུས་ལེགས་ཞིབ་ཚགས་བཟོས། ཀྲུང་བོད་ལུགས་རྩྭ་སྨན་རྒྱུ་ཆ་དང་རྩྭ་ཕག་སོགས་ཀྱི་ཐོན་ལས་གསོ་སྐྱོང་ཧུར་ཐག་བཅས་བྱས་ཡོད། “5+8+N”ཡི་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ་མ་དངུལ་སྒོར་དུང་ཕྱུར4.87སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་བོད་ལུག་ཁྲི་དང་ནོར་གནག་སྟོང་གི་རྟེན་གཞི་སོགས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ལེ་ལག་ཚང་བའི་བཟོ་སྐྲུན85བསྐྲུན་པ་དང་། ཞིང་ལས་ཐོན་རྫས་ཀྱི“ཆས་རྟགས་གསུམ་དང་མཚོན་རྟགས་གཅིག”གི་ཐོན་སྐྱེད་རྟེན་གཞི20བསྐྲུན་ཞིང་། འཇུ་ལག་རྫོང་ལོག་དཀར་ནས་ཀྱི་རྟེན་གཞི་ནི་རྒྱལ་ཁབ་རིམ་པའི་ལྷད་མེད་བཟའ་བཅའི་མ་བཅོས་རྒྱུ་ཆའི་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། མདའ་བཞི་རྫོང་གསེར་ཐང་ཡུལ་ཚོ་ནི་བོད་ལུག་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ལྡན་དུ་བདམས།

རྒྱལ་ཁབ་རིམ་པའི་སྣེ་འདྲེན་ཁེ་ལས3། རྒྱལ་ཁབ་རིམ་པའི་ཞིང་ཕྱུགས་ལས་མཉམ་ལས་དཔེ་སྟོན་ཁང2སྐྱེད་སྲིང་བྱས་པ་དང་།རྫོང་བཞིས་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་ལས་དཔེ་སྟོན་གླིང་གྲུབ་འབྲས་ཐོབ་པའི་ངང་བཙུགས་ཡོད། མཚོ་བྱང་གི་བོད་ལུག་མཚེ་རྒྱུད་རང་བཞིན་གྱི་གསོ་སྐྱོང་དེ་རྒྱལ་ཡོངས་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང་། འདེམས་གསོའི་ནང་ཞུགས་པའི་ནས"ཁུ་ནུ་ཨང14པ"དེ་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཀྱི་ནས་སོན་དུ་གྱུར་པ་དང་། མཚོ་བྱང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ནས་དང་ལོག་དཀར། བོད་ལུག གླ་བ་བཅས་ཀྱི་རྒྱུད་བཟང་མཁོ་འདོན་རྟེན་གཞི་ཆེ་ཤོས་དང་ནུབ་བྱང་གི་ཆུ་གྲང་ཉ་ཕྲུག་མཁོ་འདོན་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད། རིམ་རྩིས་བྱས་ན"ཆས་རྟགས་གསུམ་དང་མཚོན་རྟགས་གཅིག"གི་ཞིང་ཕྱུགས་ཐོན་རྫས136ཐོ་འགོད་བྱས་པ་དང་། "མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི"ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་གྲུབ་འབྲས་ཐོབ་པའི་ངང་ཁྱབ་བསྒྲགས་བྱས། མདོ་ལ་རི་བོའི་འབྲི་ཞོ"རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་དཀར་ཆག་ནང་བདམས་ཐོན་བྱུང་བ་དང"མདོ་ལ་རི་བོའི་བོད་ལུག"དེ་མཚོ་སྔོན་ཞིང་ཆེན་གྱི2023ལོའི་རྒྱལ་ཡོངས་ཀྱི་ཞིང་ལས་ཆས་རྟགས་རྩེ་གྲ་སྐྱེད་སྲིང་གི་མིང་ཐོའི་ནང་བདམས་ཐོན་བྱུང་། "རྐང་ཚའི་བོད་ལུག"དེ་རྒྱལ་ཡོངས་ཀྱི"རྫོང་གཅིག་ལ་ཁྱད་ལྡན་གཅིག"གི་ཀྲུང་གོའི་ཆས་རྟགས་དཀར་ཆག་ནང་ཚུད། ཧྲན་ཏུང་དུ་མཚོ་བྱང་སྤུས་ལེགས་ཐོན་རྫས་ཁང་དང་མཚོ་བྱང་སྤུས་ལེགས་ཐོན་རྫས་འགྲེམས་འཚོང་ལྟེ་གནས་བཙུགས་ཡོད། "ནོར་ལུག་ཁྲི་སྟོང་མང་པོ་ཧྲན་ཏུང་དུ་བསྐྱོད་པ"རྒྱུན་མཐུད་ངང་སྤེལ་བ། མཚོ་སྔོན་ཞ་ཧྭ་དང་མདོ་ལ་དབྱི་ཏ་སོགས་ཀྱིས་ཞིང་ཆེན་ཕྱི་ནང་དུ་ཉམས་ལེན་ཚོང་ཁང77དང་། རྒྱ་ཁོག་ཚོང་ཁང18། འཐེན་ཐུག་ཟ་ཁང746བཅས་བཙུགས་ཤིང་རིམ་རྩིས་བྱས་ན། འཛད་སྤྱོད་རོགས་སྐྱོར་དང་ཞིང་ཆེན་ཕྱི་ནང་གི་ཕྱིར་འཚོང་ཡོང་འབབ་སྒོར་དུང་ཕྱུར5ཟིན། འཇུ་ལག་སྦྲང་རྩི་འཇར་པན་དུ་ཕྱིར་གཏོང་བྱས་ནས་མཚོ་བྱང་གི་ཕྱིར་གཏོང་ཉོ་ཚོང"ཚད་བརྒལ"མངོན་འགྱུར་བྱུང་།

ཚན་རྩལ་གྲུབ་འབྲས་ལ་ཡང་བསྐྱར་འཕོ་འགྱུར་གསར་པ་བྱུང་།

ཚན་རྩལ་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཞིང་ཕྱུགས་ལས་ཀྱི་ཐོན་འཕར་དང་རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་བཏང་། ཐོན་ཚད་མཐོ་ཞིང་སྤུས་ལེགས་ཐོན་ལེགས་བཅས་ཀྱི་འབྲུ་སྣུམ་སྣ་ཁ་གསར་པ་གསར་བཟོ་དང་གསོ་སྤེལ་བྱས་པས་མཚོ་བྱང་ནས་ཀྱི"མཚོ་བྱང་སོན་རྒྱུད"དེ་བོད་ཁུལ་གྱི་ནས་ཀྱི་སོན་རྒྱུད་ཆེན་པོ་བདུན་གྱི་གྲས་ཤིག་ཡིན་པའི་ངོས་ནས་མུའུ་རེའི་ཐོན་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས། རང་བརྟེན་འདེམས་གསོ་བྱས་པའི་ནས་ཀྱི་སྣ་ཁ་གསར་པ་པེ་ཆིང་ཨང11པ་དང་། པེ་ཆིང་ཨང12པ། པེ་ཆིང་ཨང13པ་བཅས་ཁྱབ་གདལ་གྱི་སྣ་ཁ་གསར་པར་གྱུར་པ་དང་། པེ་ཆིང་ཨང13པའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ353.5ལོན། གསར་དུ་གསོ་སྐྱོང་བྱས་པའི་ནས་ནག(མིང་བཀོད་པའི་པེ་ཆིན་ཨང16པ)མཚོ་ནུབ་ཁུལ་གཏེར་ལམ་རྫོང་ཞང་སྡེ་གྲོང་རྡལ་གྱི་ཐོན་མཐོ་གསར་གཏོད་ཁུལ་གྱི་ཆེད་མཁས་པ་ཞིང་ནང་དུ་དངོས་སུ་བསྡུས་ནས་ཐོན་ཚད་འཇལ་བའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ563.63ཟིན་པ་དང་མཚོ་སྔོན་ཞིང་ཆེན་གྱི་ནས་ནག་ཐོན་ཚད་མཐོ་ཤོས་ཀྱི་ཟིན་ཐོ་གསར་གཏོད་བྱས།

ནོར་ལུག་བཤས་གཏོང་ཐད་ནུས་ཤུགས་འདོན་པ།

དཔལ་འབྱོར་མར་ཆག་པའི་གནོན་ཤུགས་དང་ནོར་ལུག་གི་ཤའི་རིན་གོང་བསྟུད་མར་མར་ཆག་པའི་ཛ་དྲག་གི་དུས་བབ་ལ་དམིགས་ནས་མཚོ་བྱང་ཁུལ་གྱིས་ཞིང་ཕྱུགས་མང་ཚོགས་དང་། དབུལ་ཐར་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས<<2024ལོའི་ལོ་འཁོར་མོའི་མཚོ་བྱང་ཁུལ་གྱིས་ཁུལ་ཁོངས་ཀྱི་ནོར་ལུག་བཤས་གཏོང་ཚད་ལ་སྐུལ་འདེད་གཏོང་བའི་བྱ་དགའི་ཁ་གསབ་ཇུས་གཞི>>བཟོས་ནས་བཏོན་པ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་ནོར་ལུག་བཤས་གཏོང་གི་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི2050དོན་འཁྱོལ་བྱས་ཏེ་ནོར་ལུག་བཤས་བཏང་བའི་ཁ་གསབ་ཚད་གཞི་དང་བྱ་དགའི་ཁ་གསབ་བྱེད་ཐབས་རིགས་དབྱེ་བཟོས་ནས། ཁྱིམ་ཚང་དབུལ་པོ་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ། ཡོང་འབབ་དམའ་བའི་ཁྱིམ་ཚང་བཅས་ཀྱི་ནོར་ལུག་བཤས་གཏོང་གི་ཁ་གསབ་བྱ་དགའི་ཁ་གསབ་ཚད་གཞི་མཐོ་རུ་འོས་འཚམ་བཏང་ནས། རོང་འབྲོག་མང་ཚོགས་ལ་བཤས་གཏོང་གི་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མང་དུ་བཏང་། མིག་སྔའི་བར། ཁུལ་ཡོངས་ཀྱི་ནོར་ལུག་རིམ་རྩིས་བྱས་ན་བཤས་གཏོང་ཚད་ཁྲི119.89(དེའི་ནང་ནོར་ཁྲི18.31དང་ལུག་ཁྲི101.58)ཟིན་ནས་ནོར་ལུག་བཤས་གཏོང་ཁྲི32.59ལ་བྱ་དགའ་སྤྲད། བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི381.39སྤྲད་ཡོད། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ནོར་ལུག་ཁྲི154.5བཤས་ཁོངས་སུ་གཏོང་རྩིས་ཡོད།

ཞིང་ལས་དང་ལུས་རྩལ་ཐོན་ལས་ཡང་བསྐྱར་མཉམ་འདྲེས་བྱུང་།

"ཞིང་ལས་དང་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་གཉེར།"མཉམ་འདྲེས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པར་བརྟེན་ནས"རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”ལྷག་རིམ་འགྲན་སྡུར་ཆེན་མོའི"གོ་སྐབས་ནུས་ལྡན་ལ་བརྟེན་ནས་ཐབས་ལམ་མང་བ་དང་རྣམ་པ་མང་པ། བྱེད་ཐབས་མང་པོ་ལ་བརྟེན་ནས་ཞིང་ལས་དང་ལུས་རྩལ་ཐོན་ལས་མཉམ་འདྲེས་ཀྱི་འཕེལ་རྒྱས་མ་ལག་འཚོལ་ཞིབ་དང་གསར་སྐྲུན་བྱས་ཡོད། ཟླ5པའི་ཚེས18ཉིན། རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་སྡུར་ཆེན་མོ་མགོ་བརྩམས་པ་ནས། དུས་ཡུན་ཟླ་བ4ཡི་རིང་མཚོ་བྱང་ཁུལ་གྱིས"འགྲན་སྡུར་དཔལ་འབྱོར་གྱི་ལས་རྣམ་གསར་པར"དམིགས་ནས་རིམ་རྩིས་བྱས་ན་ཞིང་ཕྱུགས་ལས་ཁེ་ལས་དང་། ཤུལ་བཞག་རིག་གནས་གསར་གཏོད་ཁེ་ལས། ཆེད་ལས་མཉམ་ལས་ཁང་། རོང་འབྲོག་ཁྱིམ་ར་བ་བཅས700ཙམ་སྒྲིག་འཛུགས་བྱས་ཏེ་མཚོ་བྱང་གི་བོད་ལུག་གི་སྐམ་ཤ་དང་། ལོག་དཀར་འབྲུ་སྣུམ། ནས། འོ་བཟོས་བཟའ་བཅའ། སྦྲང་རྩིའི་ཐོན་རྫས། ནོར་གནག་ཁུ་ལུ། ནོར་གནག་དང་བོད་ལུག་གི་རུས་བཟོས་ཐོན་རྫས་སོགས་ཁྱད་ལྡན་ཞིང་ལས་དང་ཡུལ་སྐོར་ཐོན་རྫས་བདམས་ནས་འགྲན་སྡུར་དང་བསྟུན་ནས་འགྲེམས་སྟོན་ཐེངས15བྱས། ཁུལ་ཡོངས་ཀྱི་ཞིང་ལས་ཡུལ་སྐོར་ཐོན་རྫས་སྣ་ཚོགས་གཞི་རྩའི་ཆ་ནས་ཡོངས་སུ་ཁྱབ་སྒྲོག་དང་འོས་སྦྱོར་བྱས་ཤིང་སྡེབ་རྩིས་བྱས་ན་སྒོར་ཁྲི518ཙམ་ཕྱིར་འཚོང་བྱས། མཉམ་ལས་ཀྱི་འདོད་བློ་དང་ཐོན་རྫས་ཉོ་ཚོང་གི་གྲོས་མཐུན་སྣ་ཚོགས་བཞག་པར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར13ལས་བརྒལ་ཏེ"མཚོ་བྱང་རྟགས་མའི"ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བ་དང་། "མཚོ་བྱང་རྟགས་མའི"ཆས་རྟགས་ལ་གསོན་ཤུགས་སྩལ་ཞིང་བེད་སྤྱོད་བྱས་པས"ཚོང་ལས་ཀྱི་གོ་སྐབས་ཆེན་མོ"དང"ཚོང་ལས་ཀྱི་སྟེགས་བུ་ཆེན་མོ"ཐོབ་ཅིང་། རྐང་རྩེད་སྤོ་ལོ་ཆུང་ཆུང"གིས"ཐོན་ལས་ཆེན་པོར"སྐུལ་ཁྲིད་བྱེད་པའི་ཕན་འབྲས་གསར་པ་ཐོབ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号