ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་སྨོན་ལམ་མཐོན་པོ་རུ་དགུན་དུས་ཡུལ་སྐོར་གྱི་ཡུལ་དངོས་ནས་ཚོགས་འདུ་འཚོགས་པ།

ཟླ9པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་སྒར་འདེབས་དང་ཕྱི་རོལ་རྟེན་གཞི། སྨོན་ལམ་མཐོན་པོའི་རི་རྩེར་ཡུལ་དངོས་ཚོགས་འདུ་འཚོགས་ནས་མཚོ་བྱང་གི་དགུན་དུས་ཡུལ་སྐོར་གྱི་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི“མཚོ་བྱང་ཁུལ་གྱིས2024ལོའི་དགུན་དུས་ཡུལ་སྐོར་གྱི་མེ་སྒྱོགས་ཨང་དང་པོ་རྒྱག་དགོས”ཞེས་པའི་མཛུབ་སྟོན་བླང་བྱ་གཞིར་བཟུང་། མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཡུལ་བབ་དང་བསྟུན་ཏེ་མཚོ་བྱང་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པའི་དགུན་དུས་ཡུལ་སྐོར་གྱི་ཁྱད་ལྡན་ལས་གཞི་ཇུས་འགོད་བྱེད་པ་དང་། མཚོ་བྱང་གི་ཡུལ་སྐོར་དུས་ཚིགས་ཐུང་བའི་དོན་དངོས་རྣམ་པར་འགྱུར་ལྡོག་གཏོང་བ།“མདངས་ལྡན་གནས་མཆོག དག་སྣང་མཚོ་བྱང”གི་ཡུལ་སྐོར་ཆས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་དེ་ལས་མང་བས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཕན་པ་ཐོབ་རྒྱུར་སྐུལ་ཁྲིད་བྱ་དགོས་ཟེར།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་སྒར་འདེབས་དང་ཕྱི་རོལ་རྟེན་གཞིའི་བཟོ་སྐྲུན་ལས་གཞིའི་འཕེལ་རིམ་དང་ཞབས་ཞུའི་ནུས་པ་བཀོད་སྒྲིག་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ནས་སྨོན་ལམ་མཐོན་པོའི་དགུན་དུས་ཡུལ་སྐོར་གྱི་འབྲེལ་ཡོད་བྱེད་སྒོའི་གྲ་སྒྲིག་གནས་ཚུལ་ལ་ཉན། ཉེ་ལམ་སྤེལ་བའི་སྨོན་ལམ་མཐོན་པོའི་རྐང་བགྲོད་འགྲན་སྡུར་ཆེན་མོ་དང་རི་སྒང་གི་ལྕགས་རྟའི་འཁྲབ་སྟོན། མཚོ་སྔོན་མཚོ་བྱང་འགྲིམ་འགྲུལ་མཉམ་འདྲེས་མ་འཇོག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང(མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞི)སོགས་ཀྱི་བྱ་བའི་གྲུབ་འབྲས་སུ་འགྱུར་པར་ཁས་ལེན་གང་ལེགས་བྱས། ཡུལ་དངོས་སུ་གངས་ཁྲོད་སྐོར་བྲོ་འཁྲབ་ཡུལ་དང་གངས་འཁྱག་ལྗོངས་ཁུལ་བཀོད་སྒྲིག་སོགས་ཀྱི་བྱ་བར་མཛུབ་ཁྲིད་བྱས་པ་དང་འབྲེལ་གངས་བཟོའི་སྒྲིག་ཆས་ཉོ་སྒྲུབ་དང་གངས་འཁྱག་མཛེས་ལྗོངས་གཏོད་པ། རིག་གནས་ལུས་རྩལ་བྱེད་སྒོའི་སྣེ་འཁྲིད་པ། དགུན་དུས་སུ་ཡུལ་སྐོར་བྱེད་པའི་རྣམ་པ་གཏོད་པ། ཕྱི་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་པ། གྲོན་དངུལ་དོན་འཁྱོལ་བརྩོན་ལེན་བྱེད་པ་སོགས་ཀྱི་བྱ་བར་བཀོད་སྒྲིག་བྱས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་སྨོན་ལམ་མཐོན་པོའི་རི་རྩེ་ནས་ཡུལ་དངོས་སུ་གངས་འཁྱག་མཛེས་ལྗོངས་བཀོད་སྒྲིག་དང་རིག་རྩལ་འགྲེམས་འཁྲབ་བྱ་ཡུལ་ལ་གཟིགས་ནས་ཞིབ་ཕྲའི་བྱ་བའི་བླང་བྱ་བཏོན་དོན། གཅིག་ནས་ཁྱད་ཆོས་ལྡན་པའི་བྱེད་སྒོ་སྤེལ་དགོས། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས“སྨོན་ལམ་མཐོན་པོའི་རི་རྩེ་ནས་གསར་བརྗེའི་གླུ་དབྱངས་ལེན་པ”དང“སྨོན་ལམ་མཐོན་པོའི་རི་རྩེ་ནས་ལོ་གསར་གྱི་ཅོང་དང་པོ་གྲགས་པ།” “སྨོན་ལམ་མཐོན་པོའི་རི་རྩེ་ནས་སྐོར་བྲོ་འཁྲབ་པ།” “སྨོན་ལམ་མཐོན་པོའི་རི་རྩེ་ནས་རྒྱ་ཁོག་ཟོས་ཏེ་ཉི་ཤར་ལ་ལྟ་བ”སོགས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་སྤེལ་དགོས། མདའ་བཞི་རྫོང་གིས“བྱེ་མ་གསེར་ལྡན་ནས་གསར་བརྗེའི་གླུ་དབྱངས་ལེན་པ”དང“མཚོ་སྔོན་པོར་མཚོ་མཆོད་འབུལ་བ”སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱས་ནས་ཙོང་ཆུའི་ཆུ་མགོའི་ཤྭ་ལུང་ཆུ་ཚན་གསོལ་ཁྲུས་དང་གསེར་མཚོའི་གངས་འཁྱགས་དགའ་ཚལ་སོགས་དགུན་དུས་ཡུལ་སྐོར་ལས་གཞི་མུ་མཐུད་ལེགས་པར་བསྒྲུབས་པ་དང་ཝ་མགྱོགས་ཆུ་ཚན་མགྲོན་ཁང་དང་སོག་པོའི་སྒར་ས་ཆེན་པོ་སོགས་ཁྱད་ལྡན་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། རྐང་ཚས་ལྷ་ཆབ་ཁུག་དང་གཉན་ཆེན་ཞལ་དཀར་རི་བོ་སོགས་ལྗོངས་ཁུལ་ཡག་པོར་བསྐྲུན་པ། མདོ་ལ་རྫོང་གིས་སྟོང་སོ་ནགས་ཀླུང་ལྗོངས་ཁུལ་ཡག་པོར་བཏོད་པ། འཇུ་ལག་རྫོང་གིས་གངས་དཀར་རི་བོ་དང་སེམས་ཉིད་ནགས་ཚལ་སྤྱི་གླིང་སོགས་ལྗོངས་ཁུལ་ཡག་པོར་བསྐྲུན་དགོས། ཁུལ་དང་རྫོང་རིམ་པ་གཉིས་དུས་གཅིག་ཏུ་འཕེལ་རྒྱས་ཕྱིན་ནས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མཚོ་བྱང་དུ་ཡུལ་སྐོར་ལ་ཡོང་རྒྱུའི་ཡིད་དབང་འགུགས་དགོས། གཉིས་ནས་སྤྲོ་གསེང་ལྟ་སྐོར་ནང་དོན་ཇེ་ལེགས་སུ་གཏོང་དགོས། ཁུལ་རིག་གནས་ཡུལ་སྐོར་དང་འགྲིམ་འགྲུལ་སྡེ་ཁག་གིས་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་སྒར་འདེབས་དང་ཕྱི་རོལ་རྟེན་གཞི་ནས་དགུན་དུས་ཀྱི་གངས་འཁྱག་ཡུལ་སྐོར་བྱ་ཡུལ་བཏོད་དེ་སྨོན་ལམ་མཐོན་པོའི་རི་རྩེ་རུ་དྭངས་གསལ་རྒྱང་ཤེལ་དང་།“གསེར་བུམ་དང་འདྲ་བའི་རི་བོ་ཆུང་ཆུང”གི་གཞས་ཚིག་རྡོ་བརྐོས། ལོ་རྟགས་བཅུ་གཉིས་ཀྱི་རྡོ་བརྐོས་སོགས་ནང་དོན་མང་དུ་གཏོང་དགོས། ཁུལ་སློབ་གསོ་ཅུས་ཀྱིས་སྨོན་ལམ་མཐོན་པོའི་རི་རྩེར་མཚོན་ཆའི་དཔེ་དབྱིབས་ཁུལ་གྱི་འགྲེམས་སྟོན་ནང་དོན་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གསུམ་ནས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས། མདའ་བཞི་རྫོང་དང་དེ་བཞིན་ཁུལ་རིག་གནས་ཡུལ་སྐོར། སློབ་གསོ། འགྲིམ་འགྲུལ། ནགས་རྩྭ། ཆུ་བེད་སོགས་སྡེ་ཁག་གིས་རང་འགན་གཙང་སྒྲུབ་ཀྱིས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་དགུན་དུས་ཡུལ་སྐོར་གྱི་རིམ་སྤེལ་བྱེད་སྒོར་གཞོགས་འདེགས་བྱས་ནས་བྱེད་སྒོ་བདེ་འཇགས་དང་ཕན་ནུས་ཆེན་པོས་དུས་བཀག་ལྟར་སྤེལ་རྒྱུ་འགན་ལེན་བྱེད་དགོས། བཞི་ནས་གྲ་སྒྲིག་དྲིལ་སྒྲོག་ཡག་པོ་བྱེད་དགོས། ཁུལ་ཨུའི་དྲིལ་སྒྲོག་པུས་སྣེ་ཁྲིད་དེ་མཚོ་བྱང་ཁུལ་གྱི་དགུན་དུས་ཡུལ་སྐོར་ཆེད་དོན་ཚོགས་འདུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་དགུན་དུས་ཡུལ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་དང་བྱ་ཐབས་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ་དང་དྲིལ་སྒྲོག་འོས་སྦྱོར་བྱེད་སྒོ་སྔ་མོ་ནས་ཇུས་འགོད་བྱས་ཏེ་མཚོ་བྱང་གི་དགུན་དུས་ཡུལ་སྐོར་བྱེད་སྒོར་མི་སྣ་འགྲོ་འོང་དང་དགའ་བསུ་ཐོབ་པར་བྱེད་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་སངས་འབུམ་དང་ཚོ་ཅི་ཆང་། མ་རུའུ་ཞང་། ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་རིག་གནས་ཡུལ་སྐོར། འགྲིམ་འགྲུལ། ནགས་རྩྭ། རྒྱལ་ཁོངས། སློབ་གསོ། ཆུ་བེད་བཅས་དང་དེ་བཞིན་མདའ་བཞི་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་དག་གིས་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号