མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད།

ཤ་བོ་སྐྱབས་དང་ཐང་ཝན་ཧྥིན་གན་རྒྱ་འཇོག་པའི་མཛད་སྒོར་སླེབས་ནས་ཤིས་ཚིག་ཕུལ། ཀྲང་ཧྲིང་ཡོན་མཛད་སྒོར་སླེབས།

   ཟླ3པའི་ཚེས3ཉིན་གྱི་ཕྱི་དྲོར་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གཉིས་ཀྱིས《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཐིང་ཀྲང་ཐང་ཝན་ཧྥིན་གཉིས་གན་རྒྱ་འཇོག་པའི་མཛད་སྒོར་སླེབས་ནས་ཤིས་ཚིག་ཕུལ་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མཛད་སྒོར་སླེབས། 

   སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ཕྱོགས་གཉིས་ཀྱིས“མཚོ་སྔོན་སྐྱེ་ཁམས་ཀྱི་སྐར་ཁུང”བརྒྱུད་དེ་མཚོ་བྱང་ཁུལ་གྱི་ཨ་མྱེས་སྟོང་སོ་དང་ཁེ་རམ་ཐང་། དཔལ་དགེ་སོགས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་ཚུལ་ལ་ཉན།

   ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སྔ་ཕྱི་བར་གསུམ་དུ་མཚོ་བྱང་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ལ། མཚོ་བྱང་གི་རྒྱབ་ཕྱོགས་མདོ་ལ་རི་བོར་བརྟེན་ཞིང་མདུན་ཕྱོགས་མཚོ་སྔོན་པོར་ཕྱོགས་ཡོད་པས་རྨ་ཆུའི་སྟོད་རྒྱུད་ཀྱི་རིམ་པ་དང་པོའི་ཆུ་ལག་ཙོང་ཆུ་དང་མུ་རིའི་ཆུ། བར་དམ་ཆུ་བཅས་ཀྱི་ཆུ་མགོ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས“རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་ཀླུང”བཅས་ཀྱི་མ་ལག་བཅོས་སྐྱོང་དང་གཞི་གཅིག་ཅན་གྱི་སྲུང་སྐྱོབ་འདུ་ཤེས་བརྟན་པོར་བཙུགས་ཤིང་། མཚོ་སྔོན་པོའི་འབབ་རྒྱུད་དང་མདོ་ལ་རི་བོའི་ལྷོ་ངོས། ཙོང་ཆུའི་འབབ་རྒྱུད་བཅས་ཀྱི་གཙོ་གནད་སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། མདོ་ལ་རི་བོའི་ལྷོ་ངོས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་ཇེ་ལེགས་སུ་བཏང་ལ། ཁུལ་ཡོངས་ཀྱི་གཏེར་རི139དང་དཔེ་རིས232ཁྱོན་ཡོངས་ནས་བཅོས་སྒྲིག་ལེགས་གྲུབ་བྱས་པ་དང་།  གཏེར་ལས་དབང་ཆ121ཕྱིར་འཐེན་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་གཏེར་རི་བཅོས་སྐྱོང་ལ་ཉམས་མྱོང་བསགས་ཡོད་ཅིང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་ཁྱོན་ཡོངས་ནས་མགོ་ཚུགས་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ཐད་གོམ་སྟབས་གསར་བ་སྤོས་ཡོད་པར་བསྟན། ཁོང་གིས་ཐེངས་འདིའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་ནི་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་མཚོ་བྱང་ཁུལ་གཉིས་བར་གྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་ཀྱི་མགོ་འཛུགས་ས་ཡག་པོ་ཞིག་དང་། ཕྱོགས་གཉིས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་དང་དེ་བཞིན་ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བཏོད་དེ་སྐྱེ་ཁམས་འཆམ་མཐུན་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པས། ཐེངས་འདིར་གན་རྒྱ་བཞག་པ་དེ་མཚོན་རྟགས་གསར་བ་དང་མགོ་རྩོམ་ས་གསར་བར་བྱས་ཏེ། “གཉིས་ཕན་གཉིས་ཁེ་དང་མཉམ་ལས་མཉམ་རྒྱལ”གྱི་རྩ་དོན་ལྟར་ཕྱོགས་གཉིས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་དང་ཕྱོགས་གཉིས་ཀྱི་ཐོན་ཁུངས་སྡེབ་སྒྲིག ཕྱོགས་གཉིས་ཀྱི་བཟང་ཆ་འདོན་སྤེལ་བཅས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་འཐབ་ཇུས་མཉམ་ལས་སྒྲིག་འཛུགས་ཡག་པོ་དང་མཐུན་སྦྱོར་ཡག་པོ། ལག་བསྟར་ཡག་པོ་བཅས་བྱས་ཏེ་མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཙོང་ཆུ་དང་མུ་རིའི་ཆུ། བར་དམ་ཆུ་སོགས་ཆུའི་ཐོན་ཁུངས་སྲུང་སྐྱོབ་ལ་ཤུགས་བསྣན་ནས། མཐོན་པོ་སྒང་སོགས་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཚོ་བྱང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱས་ཏེ་འབྲས་བུ་མི་དམན་པ་ལེན་དགོས་པ་ནན་གྱིས་བསྟན།     

   ཐང་ཝན་ཧྥིན་གྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་སྐབས་གནང་བའི་གལ་ཆེའི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པའི་བླང་བྱ་གལ་ཆེན་ཡིད་ལ་བརྟན་པོར་བཅངས་ནས་ནམ་མཁའ་སྔོ་ཞིང་ཆུ་བོ་དྭངས་པ་དང་ས་གཞི་གཙང་བ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཡག་པོར་བརྒྱབ་ལ། སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་སྒོས་ལེགས་སུ་ཕྱིན་ཏེ། མཚོ་བྱང་གི་ནམ་མཁའ་དེ་ལས་སྔོ་ཞིང་ཆུ་བོ་དེ་ལས་དྭངས་པ། རི་བོ་དེ་ལས་ལྗང་བ། མཁའ་དབུགས་དེ་ལས་གཙང་བ་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་མཚོ་བྱང་ཁུལ་དབར་འབྲེལ་གཏུག་མཉམ་ལས་ཀྱི་འབྲེལ་བ་བཟང་བོ་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་རྒྱབ་སྐྱོར་དང་གཞོགས་འདེགས་དམ་ཟབ། མཉམ་ལས་ལ་ཤུགས་སྣོན་བཅས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་དམ་འཛིན་ཡག་པོ་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་མཚོ་བྱང་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། རྗེས་ཕྱོགས་མཚོ་བྱང་ཁུལ་དང་འབྲེལ་གཏུག་བརྗེ་རེས་དང་ཕན་ཚུན་མཉམ་ལས་བྱ་རྒྱུར་སྔར་ལས་ཤུགས་སྣོན་རྒྱུ་ཡིན་ཞིང་། གྲོས་མཐུན་ནང་གཏན་འཁེལ་བྱས་པའི་དོན་དག་དོན་འཁྱོལ་བྱ་རྒྱུར་ཐུན་མོང་ཐོག་དམ་འཛིན་བྱེད་པ་དང་ལྷག་པར་དུ་ལས་གཞིའི་མ་དངུལ་དང་ཁྲིམས་བསྟར་ལྟ་སྐུལ་དོ་དམ། ཁོར་ཡུག་ལྟ་ཞིབ་ཚད་ལེན་སོགས་ཐད་ནུས་ཤུགས་ཡོད་རྒུས་མཛུབ་ཁྲིད་དང་རོགས་རམ་གང་ལེགས་བྱས་ནས། མཚོ་བྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མཉམ་ལས་ལ་དེ་ལས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས“ཀྲུང་ཧྭའི་ཆུ་གཏེར”སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་ཆེད་བྱས་རྗེས་ཧུར་ཐག་འཇོག་རྒྱུ་ཡིན་པར་བསྟན།        

   ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུན་རིན་ཝང་ཡུང་ཁྲང་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ཆི་མིན། ཕྱོགས་གཉིས་ཀྱི་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་གི་འགན་འཁུར་བ་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号