ཤ་བོ་སྐྱབས་དེ་སྔའི་གཉིས་གཉིས་གཅིག་རྟེན་གཞིའི་ཡན་ལག་བཟོ་གྲྭ་གསུམ་པའི་གནའ་ཤུལ་དང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དུ་བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ།

   

   ཟླ3པའི་ཚེས20ཉིན་གྱི་ཕྱི་དྲོར།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དེ་སྔའི་གཉིས་གཉིས་གཅིག་རྟེན་གཞིའི་ཡན་ལག་བཟོ་གྲྭ་གསུམ་པའི་གནའ་ཤུལ་དང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དུ་བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ་ལ། མཚོ་བྱང་ཁུལ་གྱིས་ཞིང་ཆེན་གྱི་གཙོ་གནད་གསར་བརྗེའི་རྗེས་ཤུལ་སྲུང་སྐྱོབ་བེད་སྤྱོད་བྱ་བའི་ཆེད་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་བླང་བྱ་བཏོན་པ་དང་། མཐོ་སྒང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་ཐད་ཡང་བསྐྱར་ལྟ་སྐུལ་མཛུབ་ཁྲིད་དང་བཀོད་སྒྲིག་གནང་།

   ཡན་ལག་བཟོ་གྲྭ་གསུམ་པར་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་ཉམས་གསོ་དང་བེད་སྤྱོད་བྱས་ཚུལ་ལ་རྒྱུས་ལོན་གནང་བ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུས་གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཡོད་པས། གསར་བརྗེའི་རིག་དངོས་བེད་སྤྱོད་དང་གསར་བརྗེའི་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་དགོས་པ་དང་། ཡན་ལག་བཟོ་གྲྭ་གསུམ་པར་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུ་ནི་མིག་སྔའི་གཙོ་གནད་ཡིན་ལ། ང་ཚོས་ངེས་པར་དུ་བྱེད་ཐབས་གསར་གཏོད་བྱས་ཏེ། “གསོན་ཤུགས”ལྡན་པར་བྱས་ནས་དུས་རབས་ཀྱི་རིན་ཐང་མངོན་དགོས་པར་བསྟན། ཁོང་གིས་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་ཁུལ་སྟོན་ལ་དམིགས་ནས་ཡན་ལག་བཟོ་གྲྭ་བེད་སྤྱོད་གཏོང་རྒྱུའི་འཆར་འགོད་ཞིབ་ཕྲ་བྱེད་དགོས་པ་དང་། ཁུལ་སྤྱི་བདེ་སྡེ་ཁག་དང་། མཚོ་བྱང་ཡན་ལག་དམག་ཁུལ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཅུས་བཅས་ཀྱིས་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གསར་བརྗེའི་སློབ་གསོ་དམངས་དམག་གཅིག་སྡུད་སྦྱོང་བརྡར་དང་སློབ་མའི་དམག་སྦྱོང་ནང་ཁྱབ་པར་བྱས་ནས“སློབ་གསོའི་ཁྲོད་སྦྱོང་བརྡར་ཐོབ་པར”བྱེད་དགོས། ཁུལ་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་ཆུ་གློག་གཏོང་ཚད་མགྱོགས་སུ་བཏང་ནས་དུས་བཀག་ལྟར་བེད་སྤྱོད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ཁུལ་རྒྱལ་ཁབ་མ་འཇོག་ཀུང་སིས་ཁང་བའི་ནང་གི་ཉལ་ཁྲི་དང་ཉལ་ཆས། ཅོག་ཙེ་དང་རྐུབ་སྟེགས་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་སྔར་གྱི་རྣམ་པ་ལྟར་བཀོད་སྒྲིག་བྱས་ནས། གསར་བརྗེའི་སློབ་གསོའི་སློབ་མར་སྐབས་དེའི་རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པས་དཀའ་སྤྱད་འབད་འཐབ་དང་། སྒེར་སེམས་མེད་པར་རང་དོན་རྒྱབ་ཏུ་སྐྱུར་ནས་ཚན་ཞིབ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྙིང་སྟོབས་དང་ལེན་བྱེད་དུ་འཇུག་དགོས། ཁུལ་བཟོ་ལས་དང་ཆ་འཕྲིན་སྡེ་ཁག་གིས་ཡན་ལག་བཟོ་གྲྭ་གསུམ་པའི་མཐའ་འཁོར་གྱི་བཟོ་གྲྭའི་རྒྱུ་ནོར་ཐོན་ཁུངས་བེད་སྤྱོད་དང་འབྲེལ་ཡོད་གནས་ཚུལ་ལ་སྔར་ལས་མཐིལ་རྟོགས་བརྟག་དཔྱད་བྱས་ཏེ། བཟོ་གྲྭའི་གླ་གཏོང་ཁང་བ་སླར་གསོ་དང་དོ་དམ་སོགས་ཀྱི་འབྲེལ་ཡོད་རྗེས་མཐུད་བྱ་བ་ཡག་པོར་བསྒྲུབ་ནས་རྒྱུ་ནོར་ལུགས་མཐུན་ངང་འཆར་འགོད་དང་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། ཁུལ་ནགས་ཚལ་དང་རྩྭ་ཐང་སྡེ་ཁག་གིས་ལྗང་སྒྱུར་ཇུས་གཞི་ནན་ཏན་བཟོས་ནས་བཟོ་གྲྭའི་ཁོར་ཡུག་མཛེས་བཟོ་དང་ལྗང་སྒྱུར་བྱ་བ་ཏན་ཏིག་ངང་ཡག་པོར་བསྒྲུབ་སྟེ། བྱ་བ་དང་འཚོ་བའི་ཁོར་ཡུག་བཟང་བོ་ཞིག་གཏོད་དགོས། གནའ་ཤུལ་གཞུང་ལས་ཁང་གིས་བྱ་བའི་བསམ་ཕྱོགས་སྔར་ལས་ཁ་གསལ་བཟོས་ནས་བཟོ་གྲྭའི་ནང་གི་འཛུགས་སྐྲུན་སྣ་ཚོགས་ཀྱི་གྲངས་འབོར་དང་གཞི་ཁྱོན། ནུས་པ་བེད་སྤྱོད་དང་ཕྱོགས་བསྡུས་བེད་སྤྱོད་བྱས་ཚུལ་ལ་ཡིག་ཚགས་དང་དེབ་སྒྲིག་ཞིབ་ཚགས་བྱས་ནས་རྨང་གཞིའི་རྒྱུ་ཆ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་སྲུང་སྐྱོབ་བེད་སྤྱོད་བྱ་བའི་ཇུས་གཞི་ཞིབ་ཕྲ་བཟོ་དགོས། ཁུལ་རིག་གནས་ཡུལ་སྐོར་སྡེ་ཁག་གིས་བེད་སྤྱོད་གང་ལེགས་དང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་ནུས་ལྡན་བྱས་ཏེ་བེད་སྤྱོད་ཀྱི་ཁ་ཕྱོགས་དང་གཙོ་གནད། དམིགས་ཚད་བཅས་སྔར་ལས་ཁ་གསལ་ཡོང་བ་བྱས་ཏེ་གསར་བརྗེའི་གླུ་གཞས་འགྲན་སྡུར་ཆེན་མོ་དང་དེ་བཞིན་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུའི་གྲ་སྒྲིག་ཧུར་ཐག་བྱེད་དགོས་པ་ནན་གྱིས་བསྟན།

   ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་སྒྲུབ་རྒྱུར་སྤྲད་པའི་ལས་འགན་ལེགས་གྲུབ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཤིང་། དཔེ་སྟོན་གླིང་འཁོར་སྐྱོད་ཀྱི་ད་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་དཔེ་སྟོན་གླིང་ལ་ཐོབ་པའི་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས། མཐོ་སྒང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུ་གོ་སྐབས་སུ་བྱས་ཏེ་ལག་རྩལ་གསར་གཏོད་དང་རྒྱུད་བཟང་འདེམས་གསོ། གྲུབ་འབྲས་གཞན་སྒྱུར། དཔེ་སྟོན་ཁྱབ་གདལ། ཚན་ཞིབ་ཚན་རིག་ཁྱབ་གདལ་སོགས་ཐད་ཀྱི་ཚན་རྩལ་དཔེ་སྟོན་གླིང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་མཚོ་བྱང་གི་ཕྱུགས་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་དཔེ་སྟོན་སྣེ་ཁྲིད་བྱེད་དགོས་པ་ནན་གྱིས་བསྟན། ཁུལ་ཞིང་ཕྱུགས་སྡེ་ཁག་གིས་ཚན་རྩལ་དཔེ་སྟོན་གླིང་དང་མཉམ་དུ་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་བཤམས་ཁང་དང་འགྲེམས་སྟོན་བཀོད་སྒྲིག་མགྱོགས་སུ་བཏང་སྟེ་མཚོ་བྱང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱེད་དགོས། གསོ་སྤེལ་ལས་རིགས་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བྱས་ནས་ཁུལ་རིམ་པའི་རྒྱུད་བཟང་གསོ་སྤེལ་གྱི་ལྟེ་བའི་དཔེ་སྟོན་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ས་གནས་ཀྱི་བོད་ལུག་དང་ནོར་གནག་རྒྱུད་བཟང་འདེམས་གསོ་བྱ་ཤུགས་ཆེ་རུ་གཏོང་བ། བོད་ལུག་མཚེ་རྒྱུད་འདེམས་གསོའི་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔེ་སྟོན་གླིང་དེ་ཞིང་ཆེན་རིམ་པའི་བོད་ལུག་མཚེ་རྒྱུད་ཀྱི་ལྟེ་བའི་གསོ་སྤེལ་རྟེན་གཞིར་འགྱུར་བར་བྱེད་དགོས། ཕྱུགས་ལས་ཀྱི་རྒྱུད་བཟང་འགྲེམས་སྟོན་ལ་ཤུགས་སྣོན་པ་དང་། རྒྱུད་བཟང་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བ། དཔེ་སྟོན་གླིང་གི་གསོ་སྤེལ་ཁུལ་གྱི་ནོར་ལུག་གི“གསོ་སྤེལ་དང་རྒྱུད་སྤེལ། ཁྱབ་གདལ་གཏོང་བ”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྒྱུད་བཟང་གི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས་མཚོ་བྱང་གི་ཕྱུགས་ལས་རྒྱུད་བཟང་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་གཏོད་དགོས། དཔེ་སྟོན་སྣེ་ཁྲིད་བྱེད་རྒྱུར་དོ་སྣང་བྱས་ཏེ་ཤྭ་ཁྲ་དང་མཚོ་སྔོན་གྱོ་རྒྱ་འཇུ་ལག་རྟ་མཆོག་སོགས་མཐོ་སྒང་གི་ཁྱད་ལྡན་གསོ་སྤེལ་གོང་འཕེལ་ཧུར་ཐག་བཏང་ནས་ཞིང་ཕྱུགས་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་ཧུར་ཐག་གིས་གཏོད་དགོས། ཐོན་ལས་ཀྱི་སྣེ་ཁྲིད་ལ་སྐུལ་འདེད་བཏང་ནས“ཚན་ཞིབ་སྡེ་ཁག+མཉམ་ལས་ཁང+དཔེ་སྟོན་རྟེན་གཞི+རོང་འབྲོག་ཁྱིམ་ཚང་བཅས་ཟུང་འབྲེལ་བྱེད་པའི”མ་དཔེ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་མཚོ་བྱང་ཁུལ་མདའ་བཞི་རྫོང་གི་ནོར་གནག་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལས་གཞི་ལག་བསྟར་ཡག་པོ་བྱས་ནས་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་དུས་སུ་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་ལ་ལྟ་ས་ཡོད་པ་དང་ཁྱད་ཆོས་ལྡན་པ། བཀྲག་མདངས་འཚེར་ས་ཡོད་པར་འགན་ལེན་བྱས་ཏེ་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་ཞིང་ཕྱུགས་ལས་ཀྱིས་ལེགས་སྐྱེས་དབུལ་དགོས་པའི་བླང་བྱ་བཏོན།

   དེའི་རིང་། ཤ་བོ་སྐྱབས་འཁོར་དང་བཅས་པ་དེ་སྔའི་མཚོ་བྱང་ཁུལ་མི་རིགས་རྟེན་མཛོད་ཁང་དུ་བསྐྱོད་དེ་བཤམས་ཁང་དང་འགྲེམས་སྟོན། འགྲེམས་སྟོན་བཀོད་སྒྲིག མ་དངུལ་གཏོང་བ་སོགས་ཀྱི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་གནང་ཞིང་། རིག་དངོས་དང་འགྲེམས་སྒྲོམ། དེ་བཞིན་འབྲེལ་ཡོད་སྒྲིག་ཆས་བསྡུ་སྒྲིལ་དང་བེད་སྤྱོད་བྱེད་པ་སྔར་ལས་ཆེ་རུ་བཏང་སྟེ་མཚོ་བྱང་ཁུལ་མི་རིགས་རྟེན་མཛོད་ཁང་གི་ཁྱོན་ཡོངས་ཀྱི་འགྲེམས་སྟོན་ཆུ་ཚད་མུ་མཐུད་མཐོ་རུ་བཏང་སྟེ་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་སྐབས་ཁྱོན་ཡོངས་ནས་མཚོ་བྱང་གི་ལོ་རྒྱུས་ཉམས་འགྱུར་མངོན་པར་བྱ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ལ། མཐོན་པོ་སྒང་གི་འཛུལ་སྒོ་དང་ཡུལ་དངོས་ནས་ཉེ་འགྲམ་གྱི་རྩྭ་ཐང་སྐྱེ་ཁམས་གནས་ཚུལ་དང་མཛེས་ལྗོངས་ཁུལ་གྱི་སྒོ་ཆེན་འདེམས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་།  ནགས་རྩྭའི་སྡེ་ཁག་གིས་ཉེ་འཁོར་གྱི་རྩྭ་ཐང་ཞན་འགྱུར་ཁག་ཅིག་སླར་གསོ་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་དེ་སྔའི་རྒྱལ་ལམ315ཡི་བྱང་ངོས་སུ་ལྗང་སྒྱུར་བྱ་བ་སྤེལ་ནས་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་ཆེ་རུ་བཏང་སྟེ་མཐོན་པོ་སྒང་གི་འཛུལ་སྒོའི་མཛེས་ལྗོངས་མཛེས་སུ་གཏོང་དགོས་པའི་བླང་བྱ་བཏོན།    


   ཝང་ཡུང་ཁྲང་དང་། ལི་ཞང་ཏུང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་ཞུགས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号