ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཀྲོའུ་ནའེ་ཞང་གིས་ཅི་ནན་དུ་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

   ཟླ4བའི་ཚེས17ཉིན་གྱི་ཕྱི་དྲོར། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཀྲོའུ་ནའེ་ཞང་གིས་ཅི་ནན་དུ་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

   ཀྲོའུ་ནའེ་ཞང་གིས་འཐུས་ཚབ་ཚོགས་པ་མཇལ་འཕྲད་དུ་ཡོང་བར་དགའ་བསུ་ཞུས། ཁོས་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཧྲན་ཏུང་ལ་སྤྲད་པའི་གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་རེད། ན་ནིང་ནས་བཟུང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་མཛུབ་སྟོན་དང་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ལ། འགན་ཁུར་འཁུར་བ་དང་བརྩེ་སེམས་བཅངས་ནས་ཁ་གཏད་རོགས་སྐྱོར་གྱི་བྱ་བ་སྤེལ་བས་འཕེལ་རྒྱས་དང་ཕན་འབྲས་ཏན་ཏིག་ཐོབ་ཡོད། མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཐེངས་འདིར་ཧྲན་ཏུང་དུ་རྟོག་ཞིབ་ཏུ་ཡོང་སྟེ་ཕྱོགས་གཉིས་ཀྱིས་བརྗེ་རེས་དང་མཉམ་ལས་གཏིང་ཟབ་བྱ་རྒྱུར་གོ་སྐབས་བཟང་པོ་ཞིག་མཁོ་འདོན་བྱས་ཡོད། ཧྲན་ཏུང་གིས་མཚོ་བྱང་ཁུལ་དང་མཉམ་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱེད་རྒྱུ་ཡིན་ལ། གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་ངེས། ཧྲན་ཏུང་གི་འབྲེལ་ཡོད་ཕྱོགས་ཀྱིས་མཚོ་བྱང་ཁུལ་གྱི་དགོས་མཁོ་དངོས་དང་གནད་སྨིན་འབྲེལ་མཐུད་བྱས་ནས་རིག་ནུས་རོགས་སྐྱོར་དང་ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་སྒྱུར་སོགས་ཁྱབ་ཁོངས་ལ་དམིགས་ནས་ལེགས་ཆ་གསབ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་ཁྲོམ་རའི་བྱེད་པོའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་བྱ་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་ཟེར།

   ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཙིན་ཙན་རུང་མཇལ་འཕྲད་ནང་ཞུགས། 

   ཧྲན་ཏུང་དུ་འདུག་པའི་སྐབས་འདིར། འཐུས་ཚབ་ཚོགས་པས་ཅི་ནན་དུ་ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་སྒྲིག་འཛུགས་བྱ་རྒྱུ་ཡིན་པར་མ་ཟད། ལིན་དབྱི་དང་ལེའོ་ཁྲིན། པིན་ཀྲོའུ། ཝུའེ་ཧའེ། ཆིན་ཏའོ་སོགས་གྲོང་ཁྱེར5ལ་རྟོག་ཞིབ་དང་བརྟག་ཞིབ་བྱ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号