ཤ་བོ་སྐྱབས་ཀྱིས“སྨྱུང་གྲོལ་དུས་ཆེན”སླེབས་ལ་ཉེ་སྐབས་འཚམས་འདྲིའི་བྱེད་སྒོ་སྤེལ།


   སྨྱུང་གྲོལ་དུས་ཆེན་སླེབས་ལ་ཉེ་སྐབས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་དབྱི་སི་ལམ་ཆོས་ཁང་དུ་བསྐྱོད་དེ་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་ཆོས་ལུགས་ལས་སྒྲུབ་མི་སྣར་གཟིགས་སྐྱོང་གནང་ནས། ཁོ་ཚོ་དང་དེ་བཞིན་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཧུའེ་རིགས་དང་ས་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་བསྐྱལ་ནས་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་། 

   རྐང་ཚ་རྫོང་དབྱི་སི་ལམ་ཆོས་ཁང་དུ་ཤ་བོ་སྐྱབས་དང་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཁོངས་མི། དགོན་པའི་ཨ་ཧོང་བཅས་ཀྱིས་བྱམས་བརྩེའི་ངང་བཞུགས་མོལ་བརྗེ་རེས་གནང་ནས། འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་དངོས་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་དང་རྒྱབ་སྐྱོར་བྱས་ནས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དགོན་པའི་རང་གསོའི་ནུས་པ་ཆེ་རུ་གཏོང་དགོས་པའི་མངགས་བཅོལ་གནང་། ཁོང་གིས་དགོན་སྡེའི་དམངས་གཙོ་དོ་དམ་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་ནས་རང་འགུལ་ངང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལ་སློབ་སྦྱོང་བྱེད་པ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཤིང་། དགོན་སྡེའི་དམངས་གཙོ་དོ་དམ་ཨུ་ལྷན་དང་ཆོས་ལུགས་ལས་སྒྲུབ་མི་སྣས“ཝོ་ཨར་ཙིའི”སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་དད་ལྡན་མང་ཚོགས་ལ་མཐའ་གཅིག་ཏུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་བྱེད་དགོས་པའི་ཁྲིད་སྟོན་བྱས་ནས་ཐོབ་དཀའ་བའི་བདེ་སྐྱིད་འཚོ་བ་དང་འཆམ་མཐུན་བརྟན་བརླིང་གི་རྣམ་པ་བཟང་བོར་གཅེས་སྤྲས་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་ལས་བརྟན་དུ་གཏོང་དགོས་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་མི་རིགས་མཐུན་སྒྲིལ་དགོན་སྡེར་སྐྱོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་ཆོས་ལུགས་ལས་སྒྲུབ་མི་སྣ་སོ་སོའི་དབར་ཕན་ཚུན་བརྗེ་རེས་དང་སློབ་སྦྱོང་། དགེ་བརྩོན་སྐྱོན་སྤང་བཅས་བྱེད་དགོས་པ་དང་། ཁྲིམས་ལྟར་ཆོས་ལུགས་བྱ་བའི་དོ་དམ་ལ་ཤུགས་སྣོན་པ་དང་མཐུན་སྒྲིལ་བྱས་ནས་དགོན་སྡེ་འཛུགས་པ་དང་ནུས་ཤུགས་ཡོད་རྒུས་ཆོས་ལུགས་བདེ་བླག་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་བྱེད་དགོས་པ་ནན་གྱིས་བསྟན། དེ་དང་ཆབས་ཅིག ཁུལ་དང་རྫོང་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཁག་གིས་དགོན་སྡེ་སོ་སོར་མཛུབ་ཁྲིད་བྱས་ནས་དཔེ་དེབ་ལྟ་ཀློག་ཁང་ཡག་པོར་འཛུགས་པ་དང་དོ་དམ་ཡག་པོ་བྱེད་པ། བེད་སྤྱོད་ཡག་པོ་བྱེད་པ་བཅས་བྱས་ནས《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དང《རྩ་ཁྲིམས》སོགས་ལ་སློབ་སྦྱོང་གང་ལེགས་བྱས་ནས་ཆོས་ལུགས་མི་སྣས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་སྔར་ལས་ལྷག་པའི་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན།   

   ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་རུའུ་ཞང་། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལས་བགོས་འགན་འཁུར་བློ་མཐུན་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་འཚམས་འདྲིར་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号