ཤ་བོ་སྐྱབས་ཀྱིས་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་དུ་བརྟག་ཞིབ་གནང་སྐབས་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང་རིག་དངོས་གསོན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།


  ཟླ4བའི་ཚེས28ཉིན།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་གྱིས་གསར་བརྗེའི་བཙན་ས་བཏོད་དེ་གསར་བརྗེའི་སློབ་གསོ་དང་རྒྱལ་སྲུང་སློབ་གསོ་སོགས་ཀྱི་གཙོ་གནད་བྱ་བ་ཡག་པོར་སྒྲུབ་རྒྱུར་དམིགས་ནས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་དང་མཉམ་དུ་མདའ་བཞི་རྫོང་གི་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་དུ་ཡུལ་དངོས་ནས་གཞུང་དོན་སྤེལ་ལ། མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་དང་བྱེ་ལམ་སྲུང་སྐྱོང་། རྩྭ་ར་བཅོས་སྐྱོང་སོགས་ཀྱི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་།

   དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པ་ནི1967ལོའི་ཟླ4བར་མདའ་བཞི་རྫོང་མཚོ་སྔོན་པོ་ཞང་གི་ཁེ་ཐུའུ་ནུབ་ནས་བར་ཐག་ཧ་ལམ4KMཡོད་པའི་ཧི་མ་རྩྭ་ཐང་དུ་ཡོད་པ་དང་། རང་རྒྱལ་གྱི་རྡུལ་ཕྲན་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོ(རྒྱལ་གཉེར་གཉིས་གཉིས་གཅིག་བཟོ་གྲྭ)སྲུང་སྐྱོབ་བྱེད་པའི་ལས་འགན་ཁུར་ཡོད། དེ་ནི་ཐད་ཀར་ལན་གྲུ་དམག་ཁུལ་གྱི་མཁའ་དམག་དོ་དམ་གྱི་ཁོངས་སུ་གཏོགས་པ་དང་། 1993ལོའི་ཟླ5བར། སྲུང་སྐྱོབ་ལས་འགན་ལེགས་གྲུབ་བྱུང་ནས་ཕྱིར་འཐེན་བྱས་པ་རེད། 

   ཤ་བོ་སྐྱབས་ཀྱིས་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་ནི་མཚོ་བྱང་གིས་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་བའི་ཐོན་ཁུངས་གལ་ཆེན་ཞིག་ཡིན་ལ། རྒྱལ་སྲུང་སློབ་གསོ་དང་གསར་བརྗེའི་སློབ་གསོ་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་ཁྱད་ལྡན་ནང་དོན་ཞིག་ཀྱང་ཡིན། སྲུང་སྐྱོབ་ནུས་ལྡན་བྱེད་མ་ཐུབ་པའི་རྐྱེན་གྱིས་དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཐེབས་པ་དང་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཡག་པོ་མེད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་བཅས་ཀྱི་དགོངས་དོན་གཞིར་བཟུང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་འགན་འཁྲི་དང་འགན་ཁུར་འཁུར་ཕོད་པ་བྱེད་དགོས་ལ། དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་གནས་ཡུལ་དང་ཁོར་ཡུག་ཉམས་གསོ་དང་བཅོས་སྐྱོང་བྱེད་ཚད་མགྱོགས་སུ་བཏང་ནས། མཚོ་བྱང་གི་གསར་བརྗེའི་བཙན་ས་གསར་བ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

   ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་གིས་འགན་འཁྲི་ཁག་བགོས་ཁ་གསལ་བྱས་ཏེ། ཆེད་མི་བཀོད་སྒྲིག་བྱས་ནས་དུས་ངེས་མེད་ངང་སྐོར་ཞིབ་བྱེད་པ་དང་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་བྱེད་པ། བྱེ་ལམ་སྲུང་སྐྱོང་། རྩྭ་ཐང་སླར་གསོ་བཅོས་སྐྱོང་སོགས་ཀྱི་རྨང་གཞིའི་བྱ་བར་དམ་འཛིན་ཡག་པོ་བྱེད་པ། སྲུང་སྐྱོབ་བེད་སྤྱོད་བྱ་བའི་ཇུས་གཞི་གང་མགྱོགས་སྒོས་བཟོས་ནས་བྱ་བའི་ལམ་སྲོལ་སོ་སོ་འཐུས་ཚང་དུ་བཏང་སྟེ། དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་ནུས་ལྡན་ཐུབ་པར་འགན་ལེན་བྱེད་དགོས། ཁུལ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བྱ་བའི་དོ་དམ་ཅུས་དང221རྟེན་གཞིའི་གནས་རྙིང་གཞུང་ལས་ཁང་གིས་ཁུལ་ཡན་ལག་དམག་ཁུལ་ཁང་དང་མཉམ་དུ་དམག་སྒར་བཅུ་གཉིས་པའི་ལོ་རྒྱུས་གཏམ་རྒྱུད་སྔར་བས་སྔོག་འདོན་དང་ལེགས་སྒྲིག་བྱས་ཏེ་རིག་དངོས་གསོན་སྒྱུར་བེད་སྤྱོད་བྱ་རྒྱུར་དཔྱད་གཞི་མཁོ་འདོན་བྱེད་པ་དང་རིམ་པ་བཞིན་དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་དེ་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་རྒྱལ་སྲུང་སློབ་གསོའི་རྟེན་གཞིར་བརྩི་རྒྱུའི་དགོངས་སྐོར་སྙན་ཞུ་བྱེད་དགོས། ཁུལ་ཨུའི་རྩ་འཛུགས་པུས་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དང་འབྲེལ་གཏུག་སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས། དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་དེ་སློབ་གླིང་དང་ཁུལ་ཨུའི་ཏང་གི་སློབ་གྲྭའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་རྩེ་གྲ་ནང་བཅུག་ནས་སློབ་མ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ཡུལ་དངོས་སུ་སློབ་ཁྲིད་བྱེད་དགོས། ཁུལ་ཨུའི་དྲིལ་སྒྲོག་པུས་དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་དྲིལ་སྒྲོག་དང་གནས་ཚུལ་སྤེལ་ཤུགས་ཆེ་རུ་བཏང་ནས་ཤེས་རྟོགས་ཐུབ་ཚད་དང་སྐད་གྲགས་ཆོད་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སྲུང་སྐྱོབ་དང་བེད་སྤྱོད་བྱ་བ་ཡག་པོར་སྒྲུབ་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན།

 

   མགོན་པོ་ཚེ་བརྟན་དང་ཝང་ཡུང་ཁྲང་། མ་ཁྲེང་ཧྥང་། ཨ་ཁྱུང་། ལི་ཞང་ཏུང་། མ་རུའུ་ཞང་། ཧ་ཝུན་ཞིག་བཅས་དང་། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་བཅས་ཀྱིས་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号