མཚོ་བྱང་ཁུལ་གྱིས་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་ངོ104འཁོར་བར་དྲན་གསོ་ཞུ་བའི་གཅིག་སྡུད་གཟེངས་བསྟོད་དང་ཁུལ་རིམ་པའི་དཔེ་སྟོན་རང་བཞིན་གྱི་གུང་གཞོན་ཚོགས་པའི་ནང་ཞུགས་པའི་མཛད་སྒོ་སྤེལ།


   ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་ངོ104འཁོར་བར་དྲན་གསོ་ཞུ་བ་དང་།  “ལྔ་བཞིའི”སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཁུལ་ཡོངས་ཀྱི་རྒྱ་ཆེའི་གུང་གཞོན་ཚོགས་པའི་ན་གཞོན་ཚོགས་མིས་སྔ་ཕྱི་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་འབད་འབུངས་ཡར་བརྩོན་གྱིས་ཏང་གི་རྗེས་སུ་འབྲང་བར་སྐུལ་ལྕག་གནང་ཆེད། ཟླ5བའི་ཚེས4ཉིན་མཚོ་བྱང་ཁུལ་གྱིས་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་ངོ104འཁོར་བར་དྲན་གསོ་ཞུ་བའི་གཅིག་སྡུད་གཟེངས་བསྟོད་དང་ཁུལ་རིམ་པའི་དཔེ་སྟོན་རང་བཞིན་གྱི་གུང་གཞོན་ཚོགས་པའི་ནང་ཞུགས་པའི་མཛད་སྒོ་སྤེལ་ཞིང་། བྱེད་སྒོ་དེ་ཁུལ་དང་རྫོང་མཉམ་འགུལ་རྣམ་པའི་ཐོག་ནས་གཅིག་སྡུད་སྒོས་གུང་གཞོན་ཚོགས་པའི་ནང་ཞུགས་པའི་མཛད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། ན་གཞོན879གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་ན་གཞོན་ཚོགས་པར་ཞུགས། 

   ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་ཞུ་ཀྲེན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོ་རོས་ཞིན་སོགས་བྱེད་སྒོར་ཕེབས་ནས་གཟེངས་བསྟོད་ཐོབ་མཁན་ལ་བྱ་དགའ་གནང་།  

   གཡུ་སྒྲོན་མཚོས་ཁུལ་ཨུའི་ཚབ་བྱས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་གུང་གཞོན་ཚོགས་མིའི་ན་གཞོན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་། རྒྱ་ཆེའི་ན་གཞོན་གྱིས “མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ནང་འཇོན་ཐང་མངོན་པ་དང་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་རྒྱུར་དམིགས་ནས་རེ་བ་དང་བླང་བྱ་བཏོན་པ་སྟེ། གཅིག་ནས་ལང་ཚོར་ཕུགས་བསམ་ལྡན་པ་དང་། ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དུས་རབས་ཀྱི་སྙན་དབྱངས་དཀྲོལ་དགོས་ལ། གུང་གཞོན་ཚོགས་པའི་ན་གཞོན་ཚོས་ཕུགས་བསམ་དང་དད་སེམས་བརྟན་པོར་བཙུགས་ནས། ཚེ་གང་གི་ལྷག་བསམ་ཟོལ་མེད་དང་ཚེ་གང་གི་ཞུམ་མེད་འབད་འཐབ་ལ་བརྟེན་ནས“ཏང་བློ་བདེ་མོ་བྱས། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་ཡོད”པའི་དམ་བཅའ་ལག་ལེན་དུ་བསྟར་དགོས། གཉིས་ནས་ལང་ཚོར་ཤེས་ཡོན་ལྡན་དགོས་པ་དང་། ཤེས་ཡོན་ཕུན་སུམ་ཚོགས་པའི་དུས་རབས་ཀྱི་རྐང་འཛིན་པ་བརྩོན་ལེན་བྱེད་དགོས། ན་གཞོན་མི་རབས་ནི་ལང་ཚོ་དར་ལ་བབ་ཅིང་ལུས་སྟོབས་རྒྱས་ཤིང་སློབ་སྦྱོང་བྱེད་པའི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་པས། སློབ་སྦྱོང་བྱ་རྒྱུ་དེ་བསམ་པའི་འཚོལ་སྙེག་ཅིག་དང་འཚོ་བ་སྐྱེལ་སྟངས་ཤིག་ཏུ་བརྩིས་ནས་ནུས་རྩལ་དཀའ་སྤྱད་སྦྱོང་བརྡར་དང་འཇོན་ཐང་ཆེ་རུ་གཏོང་དགོས། གསུམ་ནས་ལང་ཚོ་ལ་ངེས་པར་དུ་བྱས་རྗེས་ཡོད་དགོས་པ་དང་གསར་འབྱེད་གསར་གཏོད་ཀྱི་དུས་རབས་ཀྱི་མདུན་གྲལ་དུ་ལངས་ཕོད་པར་བྱེད་དགོས། ན་གཞོན་ཚོས་འབད་འཐབ་ལ་བརྩོན་པ་དང་དུས་རབས་ཀྱིས་དཀྲིས་པའི་གཟི་བརྗིད་ལྡན་པའི་ལས་འགན་ཕྲག་ཏུ་འཁུར་ཕོད་པ། དཀའ་སྤྱད་འབད་བརྩོན། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ། སྒེར་གྱི་ཕུགས་བསམ་དོན་དུ་གཉེར་ནས་ཞུམ་མེད་འབད་འཐབ་བྱེད་པའི་བྱ་སྤྱོད་དངོས་ལ་བསྒྱུར་གང་ཐུབ་བྱས་ཏེ། དུས་རབས་དང་མཉམ་དུ་ཡར་ཐོན་དང་མི་དམངས་དང་མཉམ་དུ་འབད་འཐབ། མཚོ་བྱང་དང་མཉམ་དུ་འཕེལ་རྒྱས་བཅས་ཡོང་བར་བྱེད་དགོས། བཞི་ནས་ལང་ཚོ་ལ་སྤྱོད་བཟང་དགོས། ཀུན་སྤྱོད་ལ་བརྩི་མཐོང་དང་དགེ་སྒྲུབ་ལ་ཕྱོགས་པའི་དུས་རབས་ཀྱི་དར་སྲོལ་སྐྱེད་སྲིང་བྱེད་དགོས། ན་གཞོན་ཚོས་སློབ་སྦྱོང་ལ་བརྩོན་པ་དང་ཀུན་སྤྱོད་བློ་སྦྱོང་། དབྱེ་འབྱེད་གསལ་བོ། བདེན་པ་བདེན་ཐུབ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་བསྟར་བྱེད་པ་དང་། དང་བླངས་ཞབས་ཞུའི་ནང་ཧུར་ཐག་ཞུགས་ཏེ་རང་འགུལ་ངང་དེང་རབས་ན་གཞོན་གྱི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号