མཚོ་བྱང་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་འཚོགས།


ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།


   ཟླ5པའི་ཚེས29ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་ནས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས38པ་དང་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས34པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ལ། ཁུལ་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
   ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་གྱི་སྐབས་ཉི་ཤུ་པའི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་སློབ་སྦྱོང་བྱས། ཚོགས་ཐོག་ཏུ་རྒྱལ་ཁབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་སོགས་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ། རྫོང་མཁར་གཞི་རྟེན་དུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དམངས་འཚོའི་བདེ་སྐྱིད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ལས་ཞུགས་དང་སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་བྱ་བ་དངོས་རྒྱུན་མཐུད་ངང་ཡག་པོར་སྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཐོབ་བདེ་སྐྱིད་གསུམ་གྱི་སྣང་བ་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས་ལ། རྩིས་བཤེར་ལྟ་སྐུལ་གྱི་འགན་འཁྲི་ཏན་ཏིག་སྒོས་སྒྲུབ་ནས་འཐབ་ཇུས་གལ་ཆེན་དང་སྲིད་ཇུས་གལ་ཆེན། གཙོ་གནད་ལས་གཞི་བཅས་ལ་དམིགས་ཏེ་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་དགོས་པ་དང་། ནོར་སྲིད་རྩིས་བཤེར་དང་གཞུང་ཁོངས་ཁེ་ལས་ཀྱི་རྩིས་བཤེར། སྤྱི་པའི་མ་འཇོག་རྩིས་བཤེར་སོགས་གཏིང་ཟབ་ཏུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

   ཚོགས་ཐོག་ཏུ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་ཏེ། རང་ཁུལ་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས། ཚོགས་ཐོག་ཏུ་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བའི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྨན་བཅོས་འགན་བཅོལ་དང་སྨན་བཅོས། སྨན་རྫས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། མང་ཚོགས་ཀྱིས་སྨན་པར་སྟོན་དཀའ་བ་དང་སྨན་བཅོས་བྱེད་པའི་རིན་གོང་མཐོ་བ། སྨན་བཅོས་བྱེད་པའི་ལམ་ཐག་རིང་བ་བཅས་ཀྱི་གནད་དོན་རྒྱུན་མཐུད་ངང་ཞི་ལྷོད་དུ་གཏོང་དགོས་ཤིང་། རང་ཁུལ་གྱི་སྨན་བཅོས་བཅོས་སྒྱུར་བྱ་བར་གྲུབ་འབྲས་གསར་པ་ཐོབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།


   ཚོགས་ཐོག་ཏུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ལ་སློབ་སྦྱོང་བྱས་ཏེ། 《དམངས་དོན་བཅའ་ཁྲིམས》དང《བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། སྣེ་ཁྲིད་དེ་བཅའ་ཁྲིམས་གཉིས་དྲིལ་སྒྲོག་དང་སྐུལ་འདེད། ལག་བསྟར་བྱ་རྒྱུའི་འགན་ལེན་བྱེད་པ་དང་། ཞིབ་བཤེར་དང་ལྟ་སྐུལ་ལ་ཤུགས་བསྣན་ནས་ཕྱོགས་ཡོངས་དང་ནུས་ལྡན་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།



   ཚོགས་ཐོག་ཏུ་ཧུའུ་ནན་ཁྲང་ཧྲའི“4·29”སྡོད་དམངས་ཀྱི་རང་བསྐྲུན་ཁང་པ་བརྡིབས་པའི་ཧ་ཅང་ཚབས་ཆེའི་དོན་རྐྱེན་གྱི་བརྟག་དཔྱད་སྙན་ཞུར་སློབ་སྦྱོང་བྱས་པ་དང་། རང་ཁུལ་གྱི་རང་བསྐྲུན་ཁང་པ་བཅོས་སྒྲིག་བྱས་ཚུལ་གྱི་སྙན་ཞུར་གསན་ཏེ་ཧུའུ་ནན་ཁྲང་ཧྲ་ཡི་སྡོད་དམངས་ཀྱི་རང་བསྐྲུན་ཁང་པ་བརྡིབས་པའི་དོན་རྐྱེན་གྱི་བསླབ་བྱ་དྲན་སྐུལ་བྱས་ཤིང་། འགན་ཁུར་གྱི་འདུ་ཤེས་དང་དགོས་གཏུག་གི་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང། ཁོངས་གཏོགས་ས་ཆའི་འགན་ཁུར་སྔར་བས་ནན་དུ་བཏང་སྟེ། རང་བསྐྲུན་ཁང་པའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།


   ཚོགས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ངང་བཟའ་འཐུང་བྱེད་པའི“གཏན་འགོག་བཅུ”སློབ་སྦྱོང་བྱས་པ་དང་འབྲེལ“གཏན་འགོག་བཅུའི”སྒྲིག་ཁྲིམས་གཏན་འབེབས་དོན་འཁྱོལ་ནན་མོ་བྱས་ཏེ་བྱ་བའི་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་མདུན་དམག་ཡག་པོ་བྱེད་པ་དང་།  རང་ཉིད་ཀྱི“འགན་འཁྲིའི་ས་ཞིང”ཡག་པོ་འདེབས་པ། “འཐབ་ས་དང་པོའི་བྱ་བའི་བཅའ་ཁྲིམས”ལག་ལེན་ཏན་ཏིག་བསྟར་བ། བརྟག་ཞིབ་བྱེད་སྒོ་ཆེན་པོ་གཏིང་ཟབ་སྤེལ་བ། མང་ཚོགས་ཀྱི་བསམ་འཆར་དང་འབོད་སྒྲར་མང་ཙམ་ཉན་པ། བྱ་བ་སོ་སོའི་ཟུང་འབྲེལ་བྱེད་གནས་དང་འཇུག་སྒོ་འཕྱུགས་མེད་སྒོས་འཚོལ་བ་བཅས་བྱས་ནས་གཞི་རིམ་མང་ཚོགས་ཀྱིས་འཕྲལ་དུ་ཐག་གཅོད་བྱེད་དགོས་པར་རེ་བའི་དཀའ་གནད་དང་གནད་དོན་སེལ་གང་ཐུབ་བྱེད་དགོས་ལ། དམར་ཐིག་གི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་བྱ་བའི་སྤྱོད་ཚུལ་ལ་འགྱུར་ལྡོག་ཏན་ཏིག་གཏོང་བ།  སྲིད་གཙང་གི་འདུ་ཤེས་ཟབ་ཏུ་གཏོང་བ། དབང་ཆ་དྲང་གཞག་སྤྱོད་པ།  ཁྲིམས་ལྟར་དབང་ཆ་སྤྱོད་པ།  དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་བཅས་བྱས་ཏེ་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་སྣང་བརྙན་བཟང་པོ་གཏོད་དགོས་པའི་བླང་བྱ་བཏོན།

   ཚོགས་ཐོག་ཏུ་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号