ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས།འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་བཞག་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཟླ6པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རང་འགུལ་ངང་བྱས་རྗེས་འཇོག་པ་དང་ཁྲིམས་ལྟར་ལས་འགན་སྒྲུབ་སྟེ། འགན་འཁྲི་གསར་པ་དང་བྱས་རྗེས་གསར་པའི་ཐོག་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་པ། 

ཤ་བོ་སྐྱབས་འཁོར་དང་བཅས་པ་སྔ་རྗེས་སུ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལོ་རྒྱུས་བཤམས་སྟོན་ཁང་དང་ལས་བྱེད་པའི་གཞུང་དོན་ཁང་། ཚོགས་འདུ་ཁང་སོགས་སུ་སོང་ནས་ལས་བྱེད་ལས་བཟོ་པར་འཚམས་འདྲི་གནང་བ་དང་བྱ་བ་སྒྲུབ་པའི་གནས་ཚུལ་དག་ལ་རྒྱུས་ལོན་ཞིབ་ཕྲ་གནང་པ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་རྗེས། ཤ་བོ་སྐྱབས་ཀྱིས་ད་ལོ་ནས་བཟུང་ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་གི་རྗེས་སུ་དམ་པོར་འབྲངས་ནས་རང་རྟོགས་ངང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། རང་འགན་གཙང་སྒྲུབ་བྱེད་པ། བྱ་བ་སོ་སོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ལ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་དང་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་ལ། ཁུལ་ཨུས་སྔར་བཞིན་དམངས་ཆེན་གྱི་བྱ་བར་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཏེ་རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་འཁྲི་ཡག་པོ་བསྒྲུབ་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུ་དང་འགན་ལེན་ནུས་ལྡན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བསྟན། 

ཤ་བོ་སྐྱབས་ཀྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་ཤུགས་སྣོན་པ། ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་དེ“སྲོག་རྩ”ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམངས་ཆེན་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་ལ། ཚུགས་གནས་སྔར་ལས་མཐོ་བའི་ཐོག་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་པོར་འཛིན་པ་དང་། དམངས་ཆེན་བྱ་བའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེད་ནས་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པར་འགན་ལེན་བྱ་དགོས།  མི་དམངས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་དང་། ཁུལ་གྱི་གནས་ཚུལ་ལ་གཞི་ཚུགས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་དང་མང་ཚོགས་ཀྱིས་དོ་ཁུར་དང་གླེང་མང་བའི་གནད་དོན་ལ་དམིགས་པ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། བྱེད་ཐབས་སྔར་བས་ཏན་ཏིག་སྤྱད་དེ་ཁྲིམས་བཀོད་འགན་འཁྲི་ལག་བསྟར་བྱེད་པ་དང་། ཁྲིམས་བཟང་འཛུགས་པ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བཅོས་སྐྱོང་མཁས་པོ་བྱེད་པའི་ཁྲིམས་སྐྱོང་ལག་ལེན་ལ་སྐུལ་འདེད་གཏོང་དགོས།  རང་འགུལ་ངང་བྱས་རྗེས་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ལ་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་བྱ་དགོས་ལ། གཙོ་གནད་ཐོག་བསམ་པའི་བཙན་ས་སྐྲུན་པ་དང་། སྐྱེ་ཁམས་སློབ་གསོའི་རྟེན་གཞི་སྐྲུན་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། “123”Aརིམ་པའི་ལྗོངས་ཁུལ་གཏོད་པ་སོགས་ཀྱི་ཞིབ་འཇུག་བྱ་གཞིར་བརྟག་ཞིབ་བྱེད་པ་དང་། གཙོ་གནད་བྱ་བ་དང་ལས་གཞི་གལ་ཆེན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་འགན་འཁྲི་སྔར་བས་ཆེན་པོ་འཁུར་བར་བརྟེན་ནས“མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། འགན་འཁྲི་སྒྲུབ་པའི་འཇོན་ཐང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ། “ལས་སྒྲུབ་ཁང་གཉིས་དང་ལས་སྟེགས་གཅིག”གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། “དམངས་ཆེན་འཐུས་མིའི་གསོ་སྦྱོང་རྟེན་གཞི”བེད་སྤྱོད་ཡག་པོ་བྱེད་པ། དམངས་ཆེན་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཏེ། ཆབ་སྲིད་བརྟན་པོ་དང་སྤྱོད་ཚུལ་བཟང་བ། ལས་སྒོ་བྱང་ཆུབ་པ་བཅས་ཀྱི་དམངས་ཆེན་ལས་བྱེད་པའི་དཔུང་ཁག་ཧུར་ཐག་བསྐྲུན་དགོས།  ཧྲན་ཏུང་དང་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་གྱི་ཤེས་ལྡན་མི་སྣ་འཛུགས་སྐྱོང་། ཚོང་འགུགས་མ་འདྲེན་སོགས་ཐད་འབྲེལ་གཏུག་དང་མཉམ་ལས་བརྗེ་རེས་བྱས་ཏེ། བྱ་བའི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་དུས་རབས་གསར་པའི་དམངས་ཆེན་བྱ་བའི་ཤུགས་རྐྱེན་ཐེབས་ཤུགས་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་མུ་མཐུད་ཆེ་རུ་གཏོང་དགོས།

དབྱང་ཧའེ་ལུང་གིས་བཞུགས་མོལ་ཚོགས་འདུའི་ཐོག ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་བཏང་ནས་ཏང་གི་མགོ་ཁྲིད་དེ་དམངས་ཆེན་བྱ་བའི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་དང་། ཁུལ་ཨུའི་ལྟེ་བའི་བྱ་བ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི“གཙོ་གནད་གཅིག་དང་འཆར་གཞི་གསུམ”ལ་དམིགས་ནས་བཅའ་ཁྲིམས་ཀྱིས་དམངས་ཆེན་ལ་སྤྲད་པའི་དབང་ཆ་ལག་བསྟར་གང་ལེགས་བྱས་ཏེ་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“སྲིད་གཞུང་གཅིག་དང་ཨུ་ཡོན་གཅིག ཁང་གཉིས”བཅས་ལ་ལྟ་སྐུལ་མུ་མཐུད་གཏིང་ཟབ་བྱས་ཏེ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དག་དོན་འཁྱོལ་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་ལ། ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་དང་དམངས་ཆེན་གྱི“ལས་ཁུངས་བཞིའི”ངེས་གནས་ལ་གཞི་ཚུགས་ཏེ་རང་ངོས་འཛུགས་སྐྱོང་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཏང་འཛུགས་སྐྱོང་གིས་དམངས་ཆེན་བྱ་བར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་བསྟན། 

དབྱང་ཧའེ་ལུང་དང་། ཝང་ཡུང་ཁྲང་། ཞུས་ཡུང་ཀུང་། མ་ཁྲེང་ཀུའེ། སུའུ་བདུན་ཅུ། བན་བཀྲ་ཤིས་དོན་འགྲུབ་བཅས་ཀྱིས་བརྟག་ཞིབ་གནང་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号