ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མགོན་སྐྱབས་ཀྱིས་རུ་སྣེ་ཁྲིད་དེ་མཚོ་བྱང་དུ་ཡོང་ནས་བརྟག་ཞིབ་གནང་པ།

ཟླ6པའི་ཚེས17ཉིན་ནས་ཚེས18ཉིན་བར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ཨུའམ་སློབ་གཙོ་གཞོན་པ་མགོན་སྐྱབས་ཀྱིས་འབྲེལ་ཡོད་སློབ་གླིང་གི་མགོ་ཁྲིད་དང་ཀྲུང་གོའི་ཧི་མ་ལ་ཡ་སྐོར་བའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་ཆེད་མཁས་པའི་སྣེ་ཁྲིད་དེ་མཚོ་བྱང་ཁུལ་དུ་བསྐྱོད་ནས་བརྟག་ཞིབ་དང་ལས་གཞི་འོས་སྦྱོར་བྱས། དེའི་རིང་། མཚོ་བྱང་ཁུལ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གཉིས་ཀྱི་མཉམ་ལས་ལས་གཞི་འོས་སྦྱོར་བཞུགས་མོལ་ཚོགས་འདུ་འཚོགས། ཤ་བོ་སྐྱབས་དང་ཨིན་ཅ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཧ་ཝུན་ཞུག་གིས་ཚོགས་འདུ་གཙོ་སྐྱོང་གནང་།    

བཞུགས་མོལ་ཚོགས་འདུའི་ཐོག ལྷོ་ནུབ་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཁྲུན་ཞང་དང་མཛེས་རྩལ་ཁང་གི་ཀོན་ཀྲང་ཀྲའེ་དབྱི་ཐའོ་ཡི་ཆུང་རྩེའི360ལྗོངས་ཡོངས་ལ“‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་དགོས”ཞེས་པའི་སྣུམ་ཚོན་རི་མོའི་ཐང་གའི་བརྗོད་དོན་བཟོ་སྐྲུན་དང་། བཟོ་སྐྲུན་སློབ་གླིང་གི་ཡོན་ཀྲང་མའེ་ཞན་མིན་དང་དགེ་རྒན་ཆེན་མོ་མའོ་ཀང་གི“‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་དགོས”ཞེས་པའི་གསར་བརྗེའི་རིག་གནས་ཤེས་ཚོར་རྣམ་པ་ཞིབ་འཇུག་སློབ་སྦྱོང་གྲོང་རྡལ་ཆུང་ངུ་། ཡུལ་སྐོར་དང་ལོ་རྒྱུས་རིག་གནས་སློབ་གླིང་གི་ཡོན་ཀྲང་གཞོན་པ་ལང་ཡུས་ཕིང་། དགེ་རྒན་ཆེན་མོ་ལིའུ་ཁའེ་མིང་གི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི”བསམ་པའི་ཁྱིམ་གཞིས། ས་གཤིས་མཚོན་རྟགས་ཀྱི་དཔེ་མཚོན་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ། ཡུལ་སྐོར་དང་ལོ་རྒྱུས་རིག་གནས་སློབ་གླིང་གི་ཡོན་ཀྲང་གཞོན་པ་ལང་ཡུས་ཕིང་། བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེན་མོ་མའོ་ཀང་གི་ཝན་ཏ་བྱེ་ཐང་ཆུ་ཚན་མགྲོན་ཁང་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་དང་དེ་བཞིན་ཆུ་ཐོག་སྤྲོ་སྐྱིད་ཁང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཉམས་ལེན་ཁུལ། བཟའ་བཅའ་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་རིག་འཛིན་ཚེ་རིང་དང་། ཀྲུང་གོའི་ཧི་མ་ལ་ཡ་སྐོར་བའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་དམིགས་བསལ་གདན་ཞུས་ཞིབ་འཇུག་པ་སུང་ཕུང་ཡུན། ཚོང་ལས་སློབ་གླིང་གི་ཡོན་ཀྲང་ཡོན་ཡུན་གྱི་སྐྱེ་ལྡན་མདའ་བཞི་སྒོ་ང་ཕྱིར་གཏོང་སྣེ་ཁྲིད་ཁུལ། ཀྲུང་གོའི་ཧི་མ་ལ་ཡ་སྐོར་བའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་དམིགས་བསལ་གདན་ཞུས་ཞིབ་འཇུག་པ་ལི་ཏིང་གི《ཇོ་མོ་གླང་མ》ཞེས་པའི་ཀྲུང་གོའི་ནུབ་རྒྱུད་ལོ་རྒྱུས་སྙན་ངག་གི་གློག་བརྙན་ཆེ་གྲས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་སུའོ་ཡི་ཞིབ་འཇུག་པ་འཇམ་དབྱངས་རྒྱ་མཚོའི《རྒྱང་ཐག་དེ་ཙམ་རིང་བའི་གནས་དེ་ན》དང“མདེལ་གཉིས་སྐར་གཅིག”བཟོ་སྐྲུན་གྱི་ལོ་རྒྱུས་སྙན་ངག་གློག་བརྙན་དང་ཨིན་ཅ་ཡི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི“བར་སྣང་སྤྲིན་ལམ”ཡུལ་སྐོར་སྒྲིག་ཆས་སོགས་ལས་གཞི་བརྒྱད་ཀྱི་རྒྱབ་ལྗོངས་དང་དོན་སྙིང་། དེ་བཞིན་ལག་བསྟར་གྱི་མདུན་ལམ་བཅས་སྔ་རྗེས་སུ་ངོ་སྤྲོད་ཞིབ་ཕྲ་གནང་།

ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་ཆེད་མཁས་པའི་ཚན་ཆུང་འཁོར་དང་བཅས་པ་མཚོ་བྱང་དུ་རྟོག་ཞིབ་དང་ལས་གཞི་གྲོས་མོལ། མཉམ་ལས་ཇུས་འགོད་བཅས་བྱེད་པར་ཕེབས་པར་དགའ་བསུ་ཞུས་ཏེ་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཤ་བོ་སྐྱབས་ཀྱིས་མཚོ་བྱང་གི་རྒྱབ་ཕྱོགས་མདོ་ལ་རི་བོ་དང་མདུན་ཕྱོགས་མཚོ་སྔོན་པོ་ཡིན་ལ། ཀྲུང་གོའི་རྡུལ་ཕྲན་མཁར་དང་སྨོན་ལམ་མཐོན་པོའི་མཁའ་དམག་རྗེས་ཤུལ། གསེར་དངུལ་ཐང་གསར་བརྗེའི་རྩྭ་ཐང་བཅས་རུམ་ཡོད་ཅིང་། མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་ལྟེ་བའི་ས་ཁོངས་སུ་གནས་ཡོད། མཚོ་བྱང་ལ་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བཟང་པོ་དང་དམིགས་བསལ་གྱི་སྐྱེ་ཁམས་རང་སྤུས་ལེགས་ཆ། དམིགས་བསལ་གྱི་གསར་བརྗེའི་རིག་གནས་ཐོན་ཁུངས་བཅས་ཡོད་པས་དེ་ནི“མདེལ་གཉིས་སྐར་གཅིག”གི་རླབས་ཆེའི་སྙིང་སྟོབས་ཀྱི་འབྱུང་གནས་དང་ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་ཡར་ལ་འཇོག་སའི་གནས་མཆོག  དམར་དམག་ནུབ་ལམ་དམག་གི་ཁྲག་བཏོན་དམར་འཛིང་བྱེད་ས་བཅས་ཡིན་པས་རང་རྒྱལ་གྱི་བསམ་པའི་བཙན་ས་གལ་ཆེན་ཞིག་དང་། ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་བསྟན། ཤ་བོ་སྐྱབས་ཀྱིས་ཐེངས་འདིའི་བཞུགས་མོལ་བརྗེ་རེས་ནི་ལྷོ་ནུབ་མི་རིགས་སློབ་ཆེན་དང་མཚོ་བྱང་ཁུལ་གྱིས་མཉམ་ལས་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་མཚོན་རྟགས་གསར་པ་དང་མགོ་འཛུགས་ས་གསར་པ་ཞིག་ཡིན་ལ། ཕྱོགས་གཉིས་ཀྱིས་ཐོན་སློབ་ཞིབ་གསུམ་མཐུན་སྦྱོར་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། རྨང་གཞིའི་སློབ་གསོ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་། སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་སོགས་ཐད་མཉམ་ལས་གཏིང་ཟབ་བྱེད་པ་དང་། མཚོ་བྱང་ཁུལ་གྱིས་ཆེད་མཁས་པའི་ཚན་ཆུང་གིས་འོས་སྦྱོར་བྱས་པའི་ལས་གཞིར་ཞིབ་འཇུག་གཏིང་ཟབ་དང་ཇུས་འགོད་གཏིང་ཟབ། འབྲེལ་མཐུད་གཏིང་ཟབ་བཅས་བྱས་ནས་ཐུན་མོང་ཐོག་སློབ་གྲྭ་དང་ས་ཁུལ“ཕྱོགས་གཉིས་ནུས་པའི”རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས་སློབ་གྲྭ་དང་ས་ཁུལ“ཕྱོགས་གཉིས་མཉམ་རྒྱལ”གྱི་དཔེ་མཚོན་གསར་པ་གཏོད་རྒྱུའི་རེ་བ་ཡོད་པར་བཤད།

མགོན་སྐྱབས་ཀྱིས་མཚོ་བྱང་ཁུལ་ནི“མདེལ་གཉིས་སྐར་གཅིག”གི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་རྡུལ་ཕྲན་མཁར་གྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཀོད་པ་དང་དུས་མཚུངས་མཚོ་སྔོན་ཞིང་ཆེན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་དང་། མཐོ་སྒང་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། མི་རིགས་མང་བའི་རིག་གནས་སྣ་མང་འདུས་ས་ཞིག་ཡིན་ལ། སྐྱེ་ཁམས་ཁོར་ཡུག་མཛེས་ཤིང་གསར་བརྗེའི་ཐོན་ཁུངས་མངོན་གསལ་དོད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ། ཞིང་ཕྱུགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་བཅས་ཡོད་པས། ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གཞིར་བཟུང་། ཚན་རིག་ཞིབ་འཇུག་རྩེ་གྲ་རྨང་གཞིར་བྱེད་པ་དང་། སྤྱི་ཚོགས་ཀྱི་ཞབས་ཞུ་རྩེ་གྲ་སྒུལ་ཤུགས་སུ་བྱས་ཏེ་གཞི་ཁྱོན་ཆེ་བ་དང་མ་ལག་ཆ་ཚང་བ། འགྲན་རྩོད་ནུས་པ་ཆེ་བ་བཅས་ཀྱི་ཞིབ་འཇུག་ཚོགས་པ་ཆགས་པ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྱོང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་གྲོང་རྡལ་ཆུང་ངུ་གཏོད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱེད་པ་སོགས་ཁྱབ་ཁོངས་མང་པོ་ཞིག་ལ་བརྟེན་ཏེ་ཁྱོན་ཡོངས་ནས་མཚོ་བྱང་ཁུལ་དང་མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་བཏང་སྟེ་སྲིད་ཇུས་དང་ལམ་སྲོལ། གཉེར་སྐྱོང་། ཐབས་ལམ་སོགས་ཀྱི་ཐད་ཞིབ་འཇུག་དང་འཆར་འགོད་བྱས་ནས་འདུ་ཤེས་གསར་པ་དང་བསམ་ཕྱོགས་གསར་པ། བྱ་ཐབས་གསར་པ་བཅས་ལ་བརྟེན་ནས་མཚོ་བྱང་གི་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་པ་དང་རྣམ་པ་གསར་པ་གཏོད་པ། ལས་རྣམ་གསར་པ་གཏོད་པ་བཅས་བྱས་ཏེ་མཚོ་བྱང་ཁུལ་དང་ལག་གདང་སྦྲེལ་ནས་གཉིས་ཕན་མཉམ་རྒྱལ་གྱིས་ཐུན་མོང་ཐོག་སྤུས་ཚད་མཐོ་ལ་རྒྱུན་མཐུད་འཕེལ་རྒྱས་ཀྱི་སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་ལམ་བུ་གསར་པར་བསྐྱོད་རྒྱུ་ཡིན་པར་བཤད།

མཚོ་བྱང་དུ་སྡོད་པའི་རིང་། ཆེད་མཁས་པའི་ཚན་ཆུང་འཁོར་དང་བཅས་པས་ཁུལ་ཀྲུང་བོད་གསོ་རིག་ཞིབ་འཇུག་བེད་སྤྱོད་ལྟེ་གནས་དང་། ཁུལ་མི་རིགས་རྟེན་མཛོད་ཁང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་། མདའ་བཞིའི་ཆུ་ཁོལ།  སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི། སྨོན་ལམ་མཐོན་པོའི་མཁའ་དམག་གི་རྗེས་ཤུལ། བྱེ་མ་གསེར་ལྡན། ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་བཅས་སུ་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་དང་། མཚོ་བྱང་ཁུལ་གྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས། དེ་བཞིན་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་། སྐྱེ་ཁམས་ཡུལ་སྐོར། ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་སོགས་ཐད་ཀྱི་བྱེད་ཐབས་གཙོ་བོ་དང་ཐོབ་པའི་ཕན་འབྲས་ལ་རྒྱུས་ལོན་ཞིབ་ཕྲ་གནང་།  


ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་སློབ་གླིང་དང་། ཀྲུང་གོའི་ཧི་མ་ལ་ཡ་སྐོར་བའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཆེད་མཁས་དགེ་རྒན་ཆེན་མོ། དེ་བཞིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག མདའ་བཞི་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号