བྱིས་པར་ཕན་ནུས་ལྡན་པའི་དཔེ་ཀློག་ནུས་པ་ཇི་ལྟར་སྐྱེད་སྲིང་བྱེད་དགོས།

སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་སློབ་གསོ་མིན་པའི་སློབ་ཁྲིད་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་ཆེད། ཉེ་ཆར། ཀྲུང་དབྱང་སློབ་གསོའི་བྱ་བའི་མགོ་ཁྲིད་ཚན་ཆུང་དྲུང་ཡིག་ཚན་ཆུང་གིས་བརྡ་ཐོ་དཔར་འགྲེམས་བྱས་ལ། ཚད་ལྡན་གྱི་སྤྱི་ཚོགས་བྱ་གཞག་སློབ་རར་བསྐྱོད་དེ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་བ་སྤེལ་རྒྱུའི་ཐད་བཀོད་སྒྲིག་བྱས།    

《བརྡ་ཐོའི》ནང་ཆེད་དམིགས་བཅོས་སྒྲིག་གི་ཁྱབ་ཁོངས་དང་དམིགས་འབེན་ཁ་གསལ་བཟོས་ཡོད་དེ། སློབ་གསོ་སློབ་ཁྲིད་དང་འབྲེལ་བ་མེད་པའི་བྱེད་སྒོ་དང་བྱ་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་ཐད་ཀྱི་བཀོད་སྒྲིག་གསར་བ།བ་གང་འདོད་དུ་སློབ་གྲྭར་བསྐྱོད་པའི་གནས་ཚུལ་དང་སྤྱི་ཚོགས་བྱ་གཞག་སློབ་རར་བསྐྱོད་པའི་བརྒྱུད་རིམ་ནང་རྗེས་ཤུལ་འཇོག་པ་གཙོ་བོ་བྱས་ནས་ཕན་འབྲས་ལ་སྣང་ཆུང་བྱེད་པའི་ཕྱི་ཚུལ་རིང་ལུགས་གཅིག་སྡུད་སྒོས་བཅོས་སྒྲིག་བྱ་རྒྱུ་ཡིན་པ་དང་། སྤྱི་ཚོགས་བྱ་བཞག་སློབ་རར་བསྐྱོད་པར་ཞིབ་མཆན་འགོད་པའི་སྙན་ཞུའི་ལམ་ལུགས་དང་ལྟ་སྐུལ་དོ་དམ་གྱི་ཡུན་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས།    

《བརྡ་ཐོའི》ནང་ལས་འགན་གཙོ་བོ་བཞི་བཏོན་ཡོད་དེ། གཅིག་ནི་ཉེ་བའི་ལོ་ཤས་རིང་སྤྱི་ཚོགས་བྱ་གཞག་སློབ་རར་བསྐྱོད་པའི་གནས་ཚུལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་བཤེར་དང་། ཆོག་འཐུས་ཚད་གཞི་བཟོས་ནས་གནད་དོན་དག་ཐེར་བྱ་རྒྱུར་ཤུགས་སྣོན་དགོས། གཉིས་ནི་སྤྱི་ཚོགས་བྱ་གཞག་སློབ་རར་བསྐྱོད་པར་ཞིབ་མཆན་འགོད་པའི་སྙན་ཞུའི་ལམ་ལུགས་བཙུགས་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྤྱི་ཚོགས་བྱ་གཞག་སློབ་རར་བསྐྱོད་པའི་སྤྱི་འབོར་ཚོད་འཛིན་ནན་མོ་བྱས་ཏེ་མིང་ཐོ་དཀར་པོ་བཟོས་ནས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས། གསུམ་ནི་སྤྱི་ཚོགས་བྱ་གཞག་སློབ་རར་བསྐྱོད་པའི་ཞིབ་ཕྲའི་ཇུས་གཞིར་ཞིབ་བཤེར་གཏན་འབེབས་བྱས་ནས་བྱ་བའི་དོན་དངོས་ལ་གཞིགས་ནས་བསྡུ་སྒྲིལ་བྱས་ཏེ་བྱེད་སྒོའི་ཁྱབ་ཁོངས་དང་དུས་ཡུན་ཚོད་འཛིན་ནན་མོ་བྱས་ནས་སློབ་རར་བསྐྱོད་པའི་བྱེད་སྒོའི་སྤུས་ཚད་མཐོ་རུ་གཏོང་དགོས། བཞི་ནི་ལྟ་ཞིབ་ཚད་ལེན་དང་ཞིབ་བཤེར། ཁྱབ་བརྡ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་རྒྱུན་རྣམ་ཅན་གྱི་སྤྱི་ཚོགས་བྱ་གཞག་སློབ་གྲྭར་བསྐྱོད་པའི་བྱ་བ་ཚད་ལྡན་དུ་གཏོང་དགོས།

《བརྡ་ཐོའི》ནང་ས་གནས་སོ་སོས་ཚིགས་གནས་མཐོ་རུ་གཏོང་བ་དང་འགན་ཁུར་ནན་དུ་བཏང་ནས་ཚད་ལྡན་གྱི་སྤྱི་ཚོགས་བྱ་གཞག་སློབ་རར་བསྐྱོད་པ་དེ་སློབ་གསོའི་ཁོངས་གཏོགས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱེད་པའི་གཞི་རིམ་གྱི་ཁུར་པོ་ཆུང་དུ་གཏོང་བའི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ཏེ་ཆེད་དོན་བཅོས་སྒྲིག་བྱ་བ་གཏིང་ཟབ་དང་དོན་དངོས་སུ་འགྱུར་བར་མུ་མཐུད་སྐུལ་འདེད་བཏང་ནས་དགེ་སློབ་ཀྱི་ཐོབ་སྣང་ལ་བརྟེན་ནས་ཆེད་དོན་བཅོས་སྒྲིག་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号