མཚོ་སྔོན་དུ་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་ཆེན1གསར་སྣོན་བྱ་འཆར་ཡོད། སློབ་གསོ་པུའི་ཡོངས་བསྒྲགས་གསར་ཤོས།

ཟླ5པའི་ཚེས15ཉིན། སློབ་གསོ་པུའི་གཞུང་ཕྱོགས་དྲ་ཚིགས་ཀྱིས་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་འཛུགས་པར་མོས་མཐུན་བྱ་རྒྱུའི་སྐོར་གྱི་ཡོངས་བསྒྲགས་བྱས།


<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གསོའི་བཅའ་ཁྲིམས>> <<མཐོ་རིམ་སློབ་གྲྭ་དཀྱུས་མ་འཛུགས་རྒྱུའི་གནས་སྐབས་ལག་བསྟར་སྲོལ་ཡིག>><<དངོས་གཞིའི་ཚན་ཁག་གི་སློབ་གྲྭ་དཀྱུས་མ་འཛུགས་རྒྱུའི་གནས་སྐབས་ལག་བསྟར་གཏན་འབེབས>><<དངོས་གཞིའི་རིམ་པའི་ལས་རིགས་སློབ་གྲྭ་འཛུགས་རྒྱུའི་ཚད་གཞི(ཚོད་ལྟའི་ལག་བསྟར)>>སོགས་འབྲེལ་ཡོད་གཏན་འབེབས་དང་རྒྱལ་ཡོངས་མཐོ་རིམ་སློབ་གྲྭ་འཛུགས་པའི་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པའི་རྟོག་ཞིབ་དང་དཔྱད་བསྡུར་བྱས་འབྲས་ལ་གཞིགས་ཏེ། སློབ་གསོ་པུའི་ཏང་ཙུའུ་ཚོགས་འདུའི་སྟེང་གྲོས་ཞིབ་བྱས་པ་བརྒྱུད། ཁམས་གསོ་སློབ་ཆེན་སོགས་སློབ་གྲྭ24འཛུགས་རྒྱུའི་མོས་མཐུན་ཡོད་པ་དང་དངོས་སུ་ཡོངས་བསྒྲགས་བྱས་པ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号