མཐོ་རྒྱུགས་ཐད་ཁྲིམས་སྲོལ་གསར་པ་བཏོན་འདུག

2024ལོའི་མཐོ་རྒྱུགས་ལེན་པར་ཉིན་ཁ་ཤས་མ་གཏོགས་མེད་པས། ཞིང་ལྗོངས་དང་གྲོང་ཁྱེར་ཁག་ཅིག་གིས་མཐོ་རྒྱུགས་ཐད་ཀྱི་ཁྲིམས་སྲོལ་གསར་པ་བཏོན་འདུག

དང་པོ། ཞིང་ལྗོངས་དང་གྲོང་ཁྱེར་བདུན་གྱིས3+1+2ཀྱི་མ་དཔེ་བཏོན་འདུག

དེ་ལས3ཞེས་པ་ནི་རྒྱའི་སྐད་ཡིག་དང་། རྩིས་རིག ཕྱི་རྒྱལ་སྐད་ཡིག་བཅས་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་ལེན་རིག་ཚན་ལ་ཟེར་བ་དང་།  1ཅེས་པ་ནི་སྔོན་འདེམས་སློབ་ཚན་ཏེ་དངོས་ཁམས་དང་ལོ་རྒྱུས་གཉིས་ལས་གཅིག་འདེམས་རྒྱུར་ཟེར། 2ཞེས་པ་ནི་སླར་འདེམས་རིག་ཚན་ལ་ཟེར་བ་དང་། དེ་ཡང་བསམ་བློ་ཆབ་སྲིད་དང་ས་ཁམས། རྫས་འགྱུར། དངོས་ཁམས་བཅས་རིག་ཚན་བཞིའི་ཁྲོད་ནས་གཉིས་འདེམས་དགོས།

གཉིས་པ། མཐོ་རྒྱུགས་འདེམས་རྒྱུགས་རིག་ཚན་ལེགས་སྒྲིག་བྱ་རྒྱུ།

འབྲེལ་ཡོད་ཆེད་ལས་ཀྱིས་མཐོ་འབྲིང་སྐབས་སུ་སྦྱངས་པའི་རིག་ཚན་གྱི་རྨང་གཞིར་རེ་བ་འདོན་ཤུགས་ནན་དུ་གཏོང་རྒྱུ། རང་བྱུང་བཟོ་སྐྲུན་དང་བཟོ་ལས། ཞིང་ལས། གསོ་རིག་སོགས་ཀྱི་ཆེད་ལས་ཀྱི་རེ་བའི་ནང་དུ་སློབ་འབྲིང་སྐབས་ནས་ངེས་པར་དུ་དངོས་ཁམས་དང་རྫས་འགྱུར་རིག་ཚན་གཉིས་འདེམས་དགོས་ཀྱི་ཡོད། མཐོ་སློབ་ཁག་ཅིག་གིས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཇུས་གཞི་ལྟར་དཔལ་འབྱོར་རིགས་དང་། དངུལ་རྩའི་རིགས། དོ་དམ་རིག་པའི་རིགས། སེམས་ཁམས་རིག་པའི་རིགས་སོགས་ཀྱིས་ངེས་པར་དུ་དངོས་ཁམས་སྦྱོང་བའི་རེ་བ་འདོན་གྱི་ཡོད། རིག་དངོས་སྲུང་སྐྱོབ་ལག་རྩལ་སོགས་ཆེད་ལས་ཀྱིས་རྫས་འགྱུར་ཡིག་ཚད་གཏོང་བའི་རེ་བ་འདོན་གྱི་ཡོད།

གསུམ་པ། ཞིང་ཆེན་གྱི་གཅིག་གྱུར་མཐོ་རྒྱུགས་ཁྲོད་ཀྱི་སྒྱུ་རྩལ་རིགས་ཀྱི་ཡིག་རྒྱུགས་གཅིག་གྱུར་བཟོ་རྒྱུ།

རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར་ཁག་གི2024ལོའི་སྒྱུ་རྩལ་རིགས་ཀྱི་གཅིག་གྱུར་ཡིག་རྒྱུགས་སྤྱིར་བཏང་བྱས་ན་རོལ་དབྱངས་རིགས་དང་། ཞབས་བྲོའི་རིགས། འཁྲབ་སྟོན་དང་འཁྲབ་ཁྲིད་པའི་རིགས། སྙན་སྒྲོན་པ་དང་གཙོ་སྐྱོང་པའི་རིགས། མཛེས་རྩལ་དང་ཇུས་འགོད་རིགས། ཡིག་གཟུགས་རིགས་བཅས་རིགས་ཆེན་པོ་དྲུག་ཏུ་དབྱེ་ཡོད། དེའི་ནང་ནས་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པའི་རིགས་ལའང་ཟློས་གར་གློག་བརྙན་འཁྲབ་སྟོན་དང་གྱོན་གོས་འཁྲབ་སྟོན། ཟློས་གར་གློག་བརྙན་འཁྲབ་ཁྲིད་པ་བཅས་ཁ་ཕྱོགས་གསུམ་དུ་དབྱེ་ཡོད།

བཞི་པ། ལུས་རྩལ་ཡིག་རྒྱུགས་ཀྱི་རིག་གནས་སྦྱངས་འབྲས་ལ་རྒྱལ་ཡོངས་གཅིག་གྱུར་གྱི་མཐོ་རྒྱུགས་སྦྱངས་འབྲས་སྤྱོད་རྒྱུ།

2024ལོ་ནས་བཟུང་། རིག་གནས་སློབ་ཚན་གྱི་ཡིག་རྒྱུགས་སྦྱངས་འབྲས་ཚང་མ་རྒྱལ་ཡོངས་གཅིག་གྱུར་གྱི་མཐོ་རྒྱུགས་སྐབས་ཀྱི་རིག་གནས་སློབ་ཚན་གྱི་ཡིག་རྒྱུགས་སྦྱངས་འབྲས་སྤྱོད་རྒྱུ་དང་། ཆེད་ལས་ཚོད་རྒྱུགས་ཚང་མ་རྒྱལ་ཡོངས་གཅིག་གྱུར་ཡིག་རྒྱུགས་ནང་འཇུག་རྒྱུ་མ་ཟད་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་སྣེ་ཁྲིད་དེ་ལག་བསྟར་བྱ་རྒྱུ་ལས་མཐོ་སློབ་ཀྱིས་འབྲེལ་ཡོད་ཆེད་ལས་ཀྱི་ཚོད་རྒྱུགས་སྒྲིག་འཛུགས་བྱས་མི་ཆོག  འཛམ་གླིང་རྩེར་སོན་སློབ་ཆེན་འཛུགས་སྐྱོང་བྱེད་བཞིན་པའི་མཐོ་སློབ་ཀྱིས་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་བསྡུ་སྐབས། རྒྱུགས་ལེན་སློབ་མར་བཏོན་པའི་མཐོ་རྒྱུགས་སྦྱངས་འབྲས་ཀྱི་རེ་བ་དེ་ངེས་པར་དུ་སློབ་མ་གནས་སའི་ཞིང་ཆེན་གྱི་དངོས་གཞིའི་ཚན་ཁག་ཏུ་བསྡུ་བའི་མ་མཐའི་ཚོད་འཛིན་སྐར་གྲངས་སུ་སླེབས་པར་བྱ་དགོས། དེ་མིན་གྱི་མཐོ་སློབ་ནས་རྒྱུགས་ལེན་སློབ་མར་བཏོན་པའི་མཐོ་རྒྱུགས་སྦྱངས་འབྲས་ཀྱི་རེ་བ་དེ་ཡང་སློབ་མ་གནས་སའི་ཞིང་ཆེན་གྱི་དངོས་གཞིའི་ཚན་ཁག་ཏུ་བསྡུ་བའི་མ་མཐའི་ཚོད་འཛིན་སྐར་གྲངས་ཀྱི་བརྒྱ་ཆའི80ཟིན་པ་བྱ་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号