མཚོན་གྱི་རི་མོ།

ཀླུ་མགོན་རྒྱལ།


མི་ལུས་ཐེངས་གཅིག་མ་གནང་མ་ཟེར་མི་ཡུལ་ལུང་བའི་མགྲོན་པོ་རེད༎

མི་དགོས་ཚིག་གི་མི་སེམས་མ་གསོད་མི་རྟག་འཁོར་བའི་གྲོང་ཚོ་རེད༎

མི་ཡི་བློ་ལ་མི་སྟོན་མ་ཟེར་མི་ཡི་མིག་གི་འཛིན་ཕྱོགས་རེད༎

མི་དེའི་མིག་དབང་མི་བདེན་མ་ཟེར་མི་དེ་མཚོན་གྱི་རི་མོ་རེད༎

 

ཁྱོད་ནི་གབ་ཚིག་སྟོང་གིས་གབ་ཀྱང་བརྗོད་སྙིང་རྗེ་བཙུན་སྐུ་གཅིག་རེད།

ཁྱོད་ནི་སྙན་ཚིག་བརྒྱ་ཡིས་སྤུད་ཀྱང་མཚོན་དོན་མཚོན་གྱི་རི་མོ་རེད།།

ཁྱོད་ནི་དབྱངས་བཅུས་མགུར་དུ་བཞེངས་ཀྱང་ཨ་ཅག་ཨ་ཁུ་པདྨ་རེད༎

ཁྱོད་ནི་བློ་སེམས་དྲན་པའི་བར་གྱི་བོར་རྒྱུ་མེད་པའི་མི་དེ་རེད༎

 

ཞོགས་ལ་སྨུག་སྤྲིན་ཆུ་ཁར་བབས་ན་ཁྱོད་ཀྱི་དུངས་བ་འེ་ཡིན་བསམ༎

སྲོད་ལ་ཟླ་འོད་སྒེའུ་རུ་ལྷུང་ན་ཁྱོད་ཀྱི་མདངས་བརྩེ་འེ་ཡིན་བསྒོམས།།

དབྱར་ལ་ཆར་བའི་དངོས་གྲུབ་གནང་ན་ཁྱོད་ཀྱི་མིག་ཆུ་འེ་ཡིན་འདོད༎

སྟོན་ལ་བ་མོས་རྩྭ་མགོ་སྒུལ་ན་ཁྱོད་ཀྱི་དྲན་པ་ལོས་ཡིན་བསམ༎

 

རི་སྡེ་ཁྲ་མོར་ཁ་ཐག་རིང་ཡང་སེམས་ཀྱི་ཁོ་ཐག་ཆད་དོན་མེད༎

ལས་ཀྱི་བར་ཆོད་རི་ཆུས་བཅད་ཀྱང་རི་མོའི་མཚོན་དེ་ཞུ་དོན་མེད༎

ཐུག་ཕྲད་ལས་ཀྱི་སྐལ་བ་དབེན་ཡང་སྐུད་མེད་སྐད་ཆ་ཚར་དོན་མེད༎

ཁྱོད་ལ་བྲིས་པའི་ཚིག་གི་མགུར་མ་སེམས་འདིའི་མཚོན་གྱི་རི་མོ་ཡིན༎


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号