ཐོའུ་པའོ་རིགས་ཀྱི་སྨན་འཐུང་རྗེས་ཅི་ཙམ་འགོར་ན་ད་གཟོད་ཆང་འཐུང་ཆོག



ཐོའུ་པའོ་རིགས་ཀྱི་སྨན་རྫས་ནི་ང་ཚོའི་འཚོ་བའི་ཁྲོད་རྒྱུན་དུ་མཐོང་བའི་སྲིན་འགོག་སྨན་རྫས་ཤིག་ཡིན་ལ། ཐོའུ་པའོ་དང་ཆང་མཉམ་དུ་འཐུང་མི་ཆོག་པ་ནི་འཚོ་བའི་ཁྲོད་ཀྱི་རྒྱུན་ཤེས་ཤིག་རེད། འོ་ན་ཆང་འཐུང་རྗེས་དུས་ཚོད་ཅི་ཙམ་འགོར་ན་ད་གཟོད་ཐོའུ་པའོ་རིགས་ཀྱི་སྨན་འཐུང་ཆོག་པ་དང་། ཐོའུ་པའོ་རིགས་ཀྱི་སྨན་འཐུང་རྗེས་དུས་ཚོད་ཅི་ཙམ་འགོར་ན་ཆང་འཐུང་ཆོག་པ། དེ་གཉིས་བར་ལ་འཇོག་དགོས་པའི་དུས་ཡུན་འདྲ་མཚུངས་ཡིན་མིན་སོགས་ཀྱི་ཐད་ནས་རེ་རེ་བཞིན་གསལ་བཤད་ཅིག་བྱ། 


ཐོའུ་པའོ་རིགས་ཀྱི་སྨན་དང་ཆང་གཉིས་མཉམ་དུ་འཐུང་ན“དུག”ཏུ་འགྱུར་བའི་རྒྱུ་མཚན་ཅི། 

ཆང་གི་གྲུབ་ཆ་གཙོ་བོ་ནི་ཁྲུན་ཁ་པ་ཡིན་ལ། ཆང་འཐུང་རྗེས་དེ་ཉིད་ལུས་ནང་དུ་དབྱང་འགྱུར་དང་ཚབ་བརྗེ་བྱས་ཏེ་ཆོན་ཁ་པ་རུ་འགྱུར་བ་དང་། ཆོན་ཁ་པ་དེ་ཆོན་ཁ་པའི་ཆིན་འདོར་རྩབས་ཀྱི་བྱེད་ནུས་འོག་གནོད་མེད་དབྱང་གཉིས་ཐན་རྫས་དང་ཆུ་རུ་གྱུར་ཏེ་ལུས་ཕྱིར་འབུད་པ་ཡིན། ཡིན་ནའང་ཐོའུ་པའོ་རིགས་ཀྱི་སྨན་རྫས་ཀྱིས་ཆོན་ཁ་པ་ཚབ་བརྗེ་བྱེད་པར་ཤུགས་རྐྱེན་ཐེབས་ཏེ། ལུས་ནང་ལ་ཆོན་ཁ་པ་མང་པོ་བསགས་ནས་ཆོན་ཁ་པའི་དུག་ཕོག་པའི་སྣང་ཚུལ་འབྱུང་སྲིད་ལ། ནད་རྟགས་སུ་ངོ་གདོང་དམར་པོར་འགྱུར་བ་དང་མགོ་ན་བ། ཕོ་བ་ན་བ། རྔུལ་ཆུ་བཞུར་བ། སྙིང་གཡུག་པ། སྐྱུག་པ། ཞེན་ཁ་ལོག་པ། དབུགས་ལེན་དཀའ་བ་སོགས་འབྱུང་སྲིད་པ་དང་། ཚབས་ཆེ་ན་ཚོར་ལོག་བྱུང་སྟེ་བརྒྱལ་བ་དང་ཤི་བའི་སྣང་ཚུལ་ཡང་ཡོད། སྣང་ཚུལ་དེ་རིགས་ལ་ང་ཚོས་མུ་ལོན་ཟུང་འདྲའི་འགྱུར་འབྱུང་ཟེར། 



ཐོའུ་པའོ་རིགས་ཀྱི་སྨན་འཐུངས་རྗེས་ཅི་ཙམ་འགོར་ན་ད་གཟོད་ཆང་འཐུངས་ཆོག་གམ།

ཐོའུ་པའོ་རིགས་ཀྱི་སྨན་རྫས་དེ་ལུས་ནང་དུ་ཉིན་འགའ་འགོར་རྗེས་ད་གཟོད་ཚབ་བརྗེ་བྱེད་ཚར་ལ། སྨན་རྫས་མི་འདྲ་བའི་ཚབ་བརྗེ་དུས་ཚོད་མི་འདྲ། མུ་ལོན་ཟུང་འདྲའི་འགྱུར་འབྱུང་བྱུང་བ་མང་ཆེ་བ་ནི་སྨན་འཐུང་པའི་སྔ་རྗེས་ཀྱི་ཉིན3གྱི་ནང་ལ་ཆང་འཐུང་པ་དག་ཡིན་ལ། བརྟག་དཔྱད་གཞན་ཞིག་ལས་མངོན་པ་ལྟར་ན། ཐོའུ་པའོ་རིགས་ཀྱི་སྨན་འཐུང་པའི་སྔ་རྗེས་ཀྱི་ཉིན6གི་ནང་ཆང་འཐུང་མཁན་རྣམས་ལ་ཡང་མུ་ལོན་ཟུང་འདྲའི་འགྱུར་འབྱུང་འབྱུང་སྲིད། ཆིན་འདོར་རྩབས་ཀྱིས་ཆོན་ཁ་པའི་མགོ་མནན་ནས་ཉིན4ནས5འགོར་ན་ད་གཟོད་སླར་གསོ་བྱེད་ཐུབ་པས། མི་རྣམས་ཀྱིས་ཐོའུ་པའོ་རིགས་ཀྱི་སྨན་འཐུངས་རྗེས་ཀྱི་ཉིན7གྱི་རིང་ལ་ཆང་ངམ་ཆང་འདྲེས་པའི་སྐོམ་ཆུའི་རིགས་འཐུང་མི་རུང་། 


ཆང་འཐུང་རྗེས་ཅི་ཙམ་འགོར་ན་ད་གཟོད་ཐོའུ་པའོ་རིགས་ཀྱི་སྨན་འཐུང་ཆོག་གམ། 

མུ་ལོན་ཟུང་འདྲའི་འགྱུར་འབྱུང་ནི་ལུས་ནང་གི་ཁྲོན་ཁ་པའི་གར་ཚད་དང་འབྲེལ་བ་ཟབ་མོ་ཡོད་པས། ཞིབ་འཇུག་ལས་མངོན་པ་ལྟར་ན། ཆང་བཅུད་ལུས་ནང་དུ་འདུག་ཚད་ནི་དུས་ཚོད12ཡིན་པ་དང་། རྒྱུ་རྐྱེན་གཞན་དག་ལ་ཡང་བསམ་བློ་བཏང་ན། ཆང་འཐུང་རྗེས་ཀྱི་ཉིན3ནང་ཐོའུ་པའོ་རིགས་ཀྱི་སྨན་མ་འཐུང་ན་བཟང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号