མིའི་ལུས་སྟེང་གི་ལྟེ་བ་ཇི་ལྟར་བྱུང་བ་ཡིན།

ང་ཚོ་མི་སུ་ཞིག་ཡིན་རུང་ཕོ་ཆུང་གི་སྟོད་ཕྱོགས་སུ་དབྱིབས་སྒོར་སྒོར་དུ་ཆགས་པའི་ལྟེ་བ་ཞིག་ཡོད་ལ།སྤྱིར་བཏང་དུ་དགོས་མཁོ་ཆེན་པོ་མེད་པ་རེད།དེས་ན་ཁྱོད་ཚོས་མིའི་ལྟེ་བ་ནི་ཇི་ལྟར་བྱུང་བར་བསམ་བློ་བཏང་ཨེ་མྱོང་།

    ང་ཚོ་ཨ་མའི་མངལ་དུ་ཡོད་པའི་སྐབས་སུ་ལྟེ་ཐག་ལ་བརྟེན་ནས་ཨ་མའི་ལུས་སྟེང་གི་འཚོ་བཅུད་འབྱིན་རྔུབ་བྱེད་ཀྱིན་ཡོད།ལྟེ་ཐག་ནི་རྒྱུ་མ་ལྟ་བུའི་སྦུ་གུ་ཞིག་ཡིན་ལ་ཨ་མ་དང་མངལ་ནང་གི་བྱིས་པའི་བར་གྱི་སྦྲེལ་ལམ་གཅིག་པུ་ཡིན།ལྟེ་ཐག་གི་ནང་དུ་ལྟེ་བའི་འཕར་རྩ་གཉིས་དང་སྡོད་རྩ་གཅིག་ཡོད་པ་རེད།ལྟེ་བའི་འཕར་རྩས་ཨ་མའི་ཁྲག་རྒྱུན་ནང་གི་འཚོ་བཅུད་དེ་མངལ་ནང་གི་བྱིས་པར་སྟེར་བ་དང་།གཞན་ད་དུང་སྦྲུམ་བུས་རྙིང་ཚབ་གསར་བརྗེ་བྱས་ནས་ཐོན་པའི་བེད་མེད་དངོས་པོ་ལྟེ་བའི་སྡོད་རྩ་བརྒྱུད་ནས་ཨ་མར་སྟེར་བ་དང་།དེ་ནས་ཨ་མའི་ལུས་ཕུང་བརྒྱུད་དེ་ལུས་པོའི་ཕྱི་རོལ་ཏུ་ཕུད་རྗེས་ད་གཟོད་མངལ་ནང་གི་བྱིས་པ་འཚར་ལོངས་འབྱུང་གི་ཡོད་པ་རེད།

    མངལ་ནང་གི་བྱིས་པ་ཨ་མའི་ལུས་སྟེང་དུ་རྒྱུན་ཆད་མེད་པར་འཚར་ལོངས་འབྱུང་གི་ཡོད་པས།ཟླ10ལ་སླེབས་ཚེ་མངལ་ནང་དུ་བྱིས་གཟུགས་ཆགས་ནས་བྱིས་པ་བཙའ་གི་ཡོད་པ་རེད།བཙས་མ་ཐག་པའི་བྱིས་པ་དང་ཨ་མ་གཉིས་ལྟེ་ཐག་གིས་སྦྲེལ་ཡོད།བྱིས་པ་བཙས་མ་ཐག་རང་གིས་དབུགས་འབྱིན་རྔུབ་བྱེད་ཐུབ་པ་དང་། སྙིང་གི་འཕར་ལྡིང་ལ་བརྟེན་ནས་རང་གིས་རང་ལ་ཁྲག་རྒྱུན་འདོན་སྤྲོད་བྱེད་ཐུབ་པས།ལྟེ་ཐག་གི་ནུས་པ་ཉམས་འགྲོ་བ་རེད།དེའི་སྟབས་ཀྱིས་བྱིས་པ་བཙས་མ་ཐག་ཏུ་སྨན་པས་ལྟེ་ཐག་གཅོད་པའམ་ཡང་ན་མདུད་པ་རྒྱག་གིན་ཡོད་པ་དང་།དེ་ནས་བཅད་ཟིན་པའི་ལྟེ་ཐག་རིམ་བཞིན་ཇེ་ཆུང་དུ་སོང་ནས་ཁ་ཟུམ་འགྲོ་བ་རེད།།

གཉིད་པ་ནི་ང་ཚོ་འགྲོ་བ་མིའི་རིགས་ཀྱི་ངལ་གསོ་སྟངས་གཙོ་བོ་ཞིག་ཡིན་ལ།ངལ་གསོ་ལེགས་པོ་ཞིག་བྱེད་འདོད་ན་ཉལ་སྟངས་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད།ང་ཚོར་ཉལ་སྟངས་མི་འདྲ་བ་གང་མང་ཡོད་མོད།ཁྱོད་ཀྱིས་ཉལ་སྟངས་གང་ཞིག་ནི་ཚན་རིག་དང་མཐུན་མིན་ལ་བསམ་བློ་བཏང་མྱོང་ངམ།

བྱིས་པ་མང་ཆེ་བ་ཞིག་ཁ་སྦུབ་ཏུ་ཉལ་བ་རེད། ཚན་རིག་དང་མཐུན་པའི་སྒོ་ནས་འགྲེལ་བཤད་བྱས་ན་ཁ་སྦུབ་ཏུ་ཉལ་སྟངས་དེ་ནི་དེ་འདྲའི་ལེགས་པོ་ཞིག་མ་རེད།ཁ་སྦུབ་ཏུ་ལོག་ནས་ཉལ་ན་བྲང་དང་གློ་སྙིང་སོགས་ལ་བཙིར་གནོན་ཐེབས་ནས་སྙིང་དང་དབུགས་འབྱིན་རྔུབ་ཀྱི་ནུས་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད།ཁ་སྦུབ་ཏུ་ཉལ་ན་ད་དུང་སྣ་ཁུངས་འགེབ་པ་དང་།མཇིང་པ་དང་ཕྲག་པའི་རྒྱབ་ངོས།རྐང་པའི་ཤ་གནད་སོགས་ངལ་གསོ་བཟང་པོ་བྱེད་ཐུབ་ཀྱིན་མེད་པས་བྱིས་པ་འཚར་ལོངས་འབྱུང་བར་ཕན་པ་མེད།གཞན་མི་ལ་ལ་ཞིག་གན་རྐྱལ་དུ་ཉལ་བཞིན་ཡོད།དེ་ལྟ་ན་ལུས་པོ་དང་རྐང་པའི་ཤ་གནད་སོགས་ངལ་གསོ་ཐུབ་ཀྱི་མེད་པར་མ་ཟད།ད་དུང་ལག་པ་བྲང་ཁར་བཞག་ནས་ཉལ་ན་རྨི་ལམ་ངན་པ་རྨི་བ་དང་།སྔུར་བ་འཐེན་པའི་སྒྲ་སོགས་ཐོན་ཀྱིན་ཡོད།

ཉལ་སྟངས་སྣ་མང་ཡོད་ཀྱང་།གཞོགས་སུ་འཁོར་ནས་ཉལ་བ་ནི་ཉལ་སྟངས་བཟང་པོ་དང་།ལུས་པོའི་སྐྱེས་ཁམས་ཀྱི་ནུས་པ་དང་མཐུན་པའི་ཉལ་སྟངས་བཟང་པོ་ཞིག་རེད།དེའི་ཁྲོད་གཡས་ཕྱོགས་སུ་འཁོར་ནས་ཉལ་ན་སྙིང་ཁམས་ལ་བཙིར་གནོན་བྱེད་ཀྱི་མེད་པས།ལུས་ཡོངས་ཀྱི་ཤ་གནད་ཇེ་ལྷོད་དང་ཁྲག་རྒྱུན་འཁོར་རྒྱུག་བྱེད་པར་ཕན་པར་མ་ཟད།ད་དུང་གཉིད་མགྱོགས་པ་དང་ངལ་དུབ་སེལ་ཚད་ཆེས་མགྱོགས་པའི་ཉལ་སྟངས་ཤིག་རེད།

ལུས་པོ་དང་རྐང་རྐ་ལག་ལས་གཞན་མགོ་ཡི་འདུག་སྟངས་ཀྱང་ཤིན་ཏུ་གལ་ཆེ།གཉིད་པའི་སྐབས་སུ་མགོ་ལྷོ་དང་བྱང་ཕྱོགས་སུ་འཁོར་ནས་ཉལ་ན་བདེ་ཐང་ལ་ཤིན་ཏུ་ཕན་པ་རེད།།


ལྗང་མདོག་མིག་ལ་ཕན་པའི་རྒྱུ་མཚན་ཅི།


ལྗང་མདོག་མིག་ལ་ཕན་པའི་རྒྱུ་མཚན་ཅི།

མི་མང་པོ་ཞིག་གི་སེམས་ལ་དྲན་འོངས་པ་ནི་མིག་འབྲས་ཐང་ཆད་པའི་སྐབས་སུ།བདེ་མོ་ཐང་གི་རྩྭ་ཐང་དང་ཐག་རིང་གི་ནགས་ཚལ་ལ་ཅེར་ན་མིག་གི་ངལ་དུབ་སེལ་ཐུབ་པར་མ་ཟད།མིག་གི་མཐོང་ཚད་ཀྱང་སླར་གསོ་བྱེད་ཐུབ་པར་འདོད།དོན་དངོས་སུ་མིག་ཤེད་མི་བཟང་བའི་མི་ཁོ་ནས་ལྗང་མདོག་ལ་བལྟས་ན་ཕན་པ་ཡོད་ཙམ་མ་ཡིན་པར།མིག་ཤེད་རྒྱུན་ལྡན་ཡིན་པའི་མིས་ཀྱང་ལྗང་མདོག་ལ་ཅེར་ན་མིག་གི་མཐོང་ཚད་ལ་ཕན་པ་ཡོད་པ་རེད།

འོ་ན།ཁྱོད་ཀྱིས་ལྗང་མདོག་ལ་ཅེར་ན་མིག་ལ་ཕན་པའི་རྒྱུ་མཚན་ཅི་ཡིན་པ་ཤེས་སམ། རང་བྱུང་ཁམས་ཀྱི་དངོས་པོ་ཚང་མ་རིགས་མི་འདྲ་བར་མ་ཟད་ཁ་དོག་ཀྱང་མི་འདྲ་བ་ཞིག་རེད།ཁ་དོག་མི་འདྲ་བ་དག་གིས་མི་ལ་ཚོར་བ་ཡང་མི་འདྲ་བ་སྟེར་སྲིད། དཔེར་ན།དམར་པོ་དང་སེར་པོས་ང་ཚོར་སྦྱིན་འོང་བ་ནི་འཚེར་སྣང་གི་ཚོར་བ་ཡིན།དེ་མིན་ལྗང་མདོག་དང་སྔོན་པོས་ང་ཚོར་སྦྱིན་པ་ནི་ལྷིང་འཇགས་དང་བག་ཕེབས་ཡིན།དེ་བཞིན་དུ་ཁ་དོག་རེ་རེའི་འོད་ཀྱི་བསྡུ་ལེན་དང་འགྱེད་འཕྲོ་ཚད་ཀྱང་མི་འདྲ་བ་རེད།དཔེར་ན། དམར་པོས་འོད་འགྱེད་འཕྲོ་ཚད67%དང་།སེར་པོའི་འོད་འགྱེད་འཕྲོ་ཚད65%།ལྗང་མདོག་གི་འོད་ཀྱི་འགྱེད་འཕྲོ་ཚད47%དང་ལྗང་མདོག་གི་འོད་འགྱེད་འཕྲོ་ཚད36%རེད།དེ་བས་དམར་པོ་དང་སེར་པོས་མིག་གཟེར་བ་དང་སྔོན་པོ་དང་ལྗང་མདོག་མིག་ལ་མི་གནོད་པའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད།

སྔོན་པོ་དང་ལྗང་མདོག་གི་འོད་ཐིག་བསྡུ་ལེན་དང་འགྱེད་འཕྲོ་ཚད་འོས་ཤིང་འཚམ་པོ་ཡིན་པས།དེ་ནི་མིའི་ལུས་སྟེང་གི་དབང་རྩའི་མ་ལག་དང་ཀླད་ཆེན་གྱི་སྐྱི་ལྤགས།མིག་གི་དྲ་སྐྱི་བཅས་དང་མཐུན་པ་རེད།རྩྭ་སྔོན་དང་ལྗང་མདོག་གི་སྡོང་ལོའི་འོད་ཀྱིས་མིག་ལ་གནོད་པའི་སྨུག་ཕྱིའི་ཐིག་གི་འགྱེད་འཕྲོ་ཚད་ཇེ་ཉུང་དུ་གཏོང་ཐུབ་པར་མ་ཟད།ད་དུང་འོད་ཀྱིས་མིག་ལ་གཟེར་བའི་སྣང་ཚུལ་ཡང་ཇེ་ཉུང་དུ་གཏོང་ཐུབ། དེའི་ཕྱིར།ང་ཚོས་སློབ་གསེང་གི་སྐབས་སུ་ལྗང་མདོག་གི་སྡོང་ལོ་དང་རྩྭ་སྔོན་ལ་བལྟས་ནས་མིག་གི་ངལ་དུབ་སེལ་རྒྱུ་མ་བརྗེད་ར

ལྗང་མདོག་མིག་ལ་ཕན་པའི་རྒྱུ་མཚན་ཅི།

ངུས་ན་ཕུང་བོར་བདེ་ཐང་ཡོང་བར་ཕན་པ་ཡོད།

 དེང་སྐབས་ཚན་རིག་པ་མི་ཉུང་བ་ཞིག་གིས་ངུས་ན་བདེ་ཐང་ལ་ཕན་པའི་རིགས་པའི་གཞུང་ལུགས་མང་པོ་ངོ་སྤྲོད་བྱེད་ཀྱིན་ཡོད།གནས་ལུགས་ཇི་ལྟ་བུ་ཞིག་ཡིན་པ་ཁྱོད་ཚོས་ཤེས་སམ། ཚན་རིག་པ་དག་གི་ཞིབ་འཇུག་ལྟར་ན།མི་ཞིག་སེམས་པ་མ་སྐྱིད་པར་ངུས་ནས་བྱུང་བའི་མིག་ཆུ་དང་དྲོས་འཁྱག་གམ་ཆམ་ནད་བྱུང་བའི་མིག་ཆུ།དེ་མིན་མིག་ནང་དུ་བྱེ་མ་འཛུལ་བའི་མིག་ཆུ་སོགས་མིག་ཆུ་ཡིན་པ་འདྲ་འདྲ་ཡིན་རུང་།དེ་དག་གི་ནང་དུ་འདུས་པའི་རྫས་འགྱུར་གྱི་གྲུབ་ཆ་མི་འདྲ་བ་རེད།

    སེམས་པ་མ་སྐྱིད་པར་ངུས་ནས་བྱུང་བའི་མིག་ཆུའི་ནང་དུ་ན་ཟུག་གམ་མི་སེམས་ལྷོད་འཇགས་སུ་གཏོང་བའི་དངོས་པོ་འདུས་ཡོད་པས།སྡུག་བསྔལ་གྱིས་བདེ་ཐང་ལ་གནོད་པའི་ཚད་ཇེ་ཉུང་དུ་གཏོང་ཐུབ། ཡང་གཅིག་བཤད་ན།སེམས་སྡུག་ཆེན་པོ་བྱུང་ཡང་མིག་ཆུ་ཕྱིར་ཕུད་མ་ཐུབ་ན།མིག་ཆུ་སྣ་ཁུང་བརྒྱུད་དེ་ཕོ་བའི་ནང་དུ་བཞུར་བ་དང་།མིག་ཆུའི་ནང་འདུས་པའི་གནོད་ལྡན་དངོས་པོས་དབུགས་འཚང་བ་དང་ཕོ་སྨུག་གི་ནད།དེ་མིན་སྙིང་ནད་དང་ཁྲག་རྒྱུན་འཁོར་རྒྱུག་གི་ནད་སོགས་སློང་གི་ཡོད་པ་རེད།

    གསོ་རིག་མཁས་པ་མང་པོས་སྔར་བས་ཞིབ་འཇུག་གང་ལེགས་བྱས་ནས་བསྟན་དོན།སེམས་སྡུག་པའི་སྐབས་ཀྱི་མིག་ཆུའི་ནང་དུ་སྤྲི་དཀར་གྱི་འདུས་ཚད་ཅུང་མཐོ་ཞིང་།ཏག་ཏག་སྐབས་དེར་སྡུག་བསྔལ་སྲོན་མི་ཐུབ་པ་སྐྱེས་པ་ལས་གནོན་ཤུགས་དངོས་པོ་ཞིག་བྱུང་བ་དང་།ངུས་ནས་བྱུང་བའི་མིག་ཆུས་དངོས་པོ་དེ་རིགས་ལུས་སྟེང་ནས་ཕྱིར་བཏོན་པས།མིའི་ལུས་ཁམས་ཀྱིས་སེམས་མི་སྐྱིད་པ་དང་གནོད་ལྡན་དངོས་པོ་དེ་རིགས་ཀྱི་གནོད་འཚེ་མྱོང་མ་དགོས་པ་རེད།

    དེའི་ཕྱིར། ང་ཚོས་རྒྱུན་པར་བཟོད་བསྲན་བྱེད་དགོས་ཞེས་འཆད་ཀྱིན་ཡོད་མོད།འོན་ཀྱང་ངུ་འདོད་རུང་མ་ངུས་པར་ཚད་ལས་བརྒལ་བའི་བཟོད་བསྲན་བྱས་ན་ལུས་པོའི་བདེ་ཐང་ལ་གནོད་པ་ཐེབས་ཀྱིན་ཡོད།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号